མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སུ་ཇ་སློབ་གྲྭའི་མཆོད་འབུལ།

བོད་ཀྱི་དུས་བབ།
༢༠༡༢/༠༡/༣༠
Share on FacebookShare on TwitterShare on EmailShare on Whatsapp


དེ་རིང་འདི་སུ་ཇཱ་བོད་ཕྲུག་ཁྱིམ་སྡེ་ཚོགས་ཁང་དུ་སློབ་གྲྭ་དེ་གའི་དགེ་ལས་སློབ་ཕྲུག་ཡོངས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་ལ་རྒྱབ་དཔུང་དང་གདུང་སེམས་མཉམ་སྐྱེད། བོད་བསྟན་པ་ཆབ་སྲིད
་ཆེད་སྐུ་སྲོག་ཤོར་ཟིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་འདུད་ཀྱི་བསྔོ་སྨོན་མཆོད་འབུལ་དང་། སྨོན་ལམ་གསུངས་པ་བཅས་ཀྱི་ལས་འགུལ་ཞིག་སྤེལ་ཡོད་འདུག

ཁོང་ཅག་གིས་བཏང་འབྱོར་བྱུང་བའི་གནས་ཚུལ་ནང་བཀོད་པ་ལྟར་ན། ཐེངས་འདིར་ཁོང་ཅག་གིས་ལས་འགུལ་དེ་ལྟར་སྤེལ་དོན་ནི། རྒྱ་གཞུང་གི་གཏིང་ནག་པའི་སྲིད་ཇུས་འོག་བོད་མི་རྣམས་ཨ་ཆད་འུ་ཐུག་ཏུ་གྱུར་ཏེ་རང་ལུས་མེར་བསྲེགས་ཤིང་། བོད་ལ་རང་དབང་དགོས་པ་དང་༧རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས་པའི་འབོད་སྒྲ་སྒྲོག་བཞིན་ཡོད་ཀྱང༌། རྒྱ་གཞུང་གིས་དེ་ལ་ཡ་ལན་སྤྲོད་རྒྱུ་ཕར་ཞོག ད་དུང་ཡ་ང་སྙིང་རྗེ་མེད་པར་དྲག་གནོན་བྱས་ཤིང༌། བོད་མི་ཚོའི་ཁྲོད་གང་བྱུང་མེ་མདའ་བརྒྱབ་སྟེ་བོད་མི་མང་པོ་དམར་གསོད་དང་རྨས་སྐྱོན་ཚབས་ཆེན་འབྱུང་བཞིན་ཡོད་སྟབས། སུ་ཇཱ་བོད་ཁྱིམ་སློབ་གྲྭའི་དགེ་སློབ་ཡོངས་ཀྱིས་བོད་བསྟན་སྲིད་ཆེད་གཅེས་སྲོག་ཤོར་བ་རྣམས་གང་མྱུར་སྤྱན་རས་གཟིགས་ཀྱི་གདུལ་བྱར་སྐྱེ་རྒྱུ་དང་། ཤུལ་ལུས་ནང་མི་སྤུན་མཆེད་ཚོར་གདུང་སེམས་མཉམ་སྐྱེད་མཚོན་ཕྱིར་མཆོད་འབུལ་གྱི་ལས་འགུལ་སྤེལ་བ་ཞིག་ཡིན་པ་དང་། རྒྱ་གཞུང་གིས་བོད་ནང་མི་སྤྱོད་ལས་འདས་པའི་ལས་དོན་ལག་བསྟར་བྱས་པར་ངོ་རྒོལ་དང་། སྲིད་བྱུས་དེ་དག་འཕྲལ་དུ་མཚམས་འཇོག་བྱ་དགོས་པའི་འབོད་སྐུལ་ཡང་ཞུ་བཞིན་ཡོད། ཅེས་བཀོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ཁྲིམས།

ཆུ་ཚོད་ ༤ སྔོན་ལ།
བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

༢༠༢༦/༠༧/༡༧
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༧/༡༧
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

༢༠༢༦/༠༧/༡༧
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦

མཆན། 7

  1. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ཚེ་རིང།
    ༢༠༡༢/༠༡/༣༡ ཉིན་འདོན་སྤེལ་བྱས། ཀརྨ་རྡོ་རྗེས་སློབ་མ་ཞིག་བསད་པ་བདེན་པ་མ་རེད་བཤད་འདུག་ཀྱང་། ་་ཞེས་པའི་ལན་དུ།
    སློབ་གྲྭས་རྒན་བདག་གིས། སློབ་ཕྲུག་གྲོངས་མཁན་དེས། སཽབ་གྲྭས་འཁོར་ཡུག་ནང་ལ་ཐ་མག་འཐེན་མི་ཆོག་བཞིན་དུ། དེ་ལྟར་འཐེན་པ་མཐོང་ནས་རྒན་བདག་དེས་ཉེས་ཆད་ལ་ཉེས་རྡུང་བཏང་ཞོར་དུ་མཆིན་པར་ཕོག་ནས་གློ་བུར་དུ་འདས་གྲོངས་སུ་སོང་བ་མ་གཏོགས། དགའ་མིན་དགའ་མདོག་གམ་། སྙིང་ནད་བཟུང་ནས་དམར་གསོད་བཏང་བ་མིན་པ་གསོན་ལུས་ནང་ཚོས་ཀྱང་ཁས་བླངས་མི་འདུག་ན། ཚེ་རིང་ཁྱེད་ཀྱིས་རང་བཟོ་བྱས་ན་རང་མདོག་སྟོན་པ་ལས་གཞན་སུ་ཞིག་ལ་ཕན་སྲིད་དམ། ད་ནས་བཞུགས་གདན་འཇགས་རོགས་གནང་། དྲ་གྲོགས་ལགས།

    Reply
  2. ཚེ་རིང། says:
    ལོ་ 14 སྔོན།

    ཀརྨ་རྡོ་རྗེས་སློབ་མ་ཞིག་བསད་པ་བདེན་པ་མ་རེད་བཤད་འདུག་ཀྱང་། དེ་བདེན་པ་ཡིན་པ་མ་ཟད། དེའི་སྐབས་བོད་པའི་བརྒྱུད་ལམ་ཁག་ཏུ་སླེབས་པ་མ་ཟད། སློབ་གྲྭའི་ངོས་ནས་ཐག་གཅོད་ཁྱད་མཚར་དེ་འདྲ་བྱས་ཡོད་པ་རེད།
    དེ་མིན་གྱི་ཁྱེད་ཀྱི་བསམ་ཚུལ་ལ་མོས་མཐུན་ཡོད།

    Reply
  3. ནད་པ says:
    ལོ་ 14 སྔོན།

    འདས་པོའི་ཆེད་དུ་སྔོ་སྨོན་དང་མཆོད་འབུལ་གནང་བ་དེས་བརྒྱབ་སྐྱོར་གཅིག་དང་གདུང་སེམས་མཉམ་བསྐྱེད་བྱས་པ་མཚོན་གྱིན་ཡོད་སྟབས། ཡི་རང་ཞུ་དགོས་པའི་བྱ་བ་གཅིག་རེད།

    ཡིན་ནའང་སྨོན་ལམ་དང་། དད་པ། རེ་བ་སོགས་ཁོ་ནས་བོད་ཀྱི་རྩ་དོན་དེ་སེལ་ཐབས་རྩ་བ་ནས་མེད་པ་རེད།

    བྱས་ཙང་སློབ་གྲྭར་མཚོན་ན་སློབ་གསོ་ཡག་པོ་སྤྲོད་ཐུབ་པ་དེ་གཙོ་ཆེ་ཤོས་ཀྱི་ལས་འགན་ཨང་དང་པོ་དེ་ཆགས་ཡོད།

    Reply
  4. ཅང་མེད། says:
    ལོ་ 14 སྔོན།

    སུ་ཇཱ་སློབ་གྲྭའི་དགེ་སློབ་ཡོངས་ལ་བཀའ་དྲིན་ཆེ་ཞུ།
    བོད་ཁྱིམ་སློབ་གྲྭ་ཡིན་པས་ཆ་ནས་དུས་ནམ་ཡང་ལས་འགུལ་དང་རྒྱབ་སྐྱོར་གནང་བ་འབོད་སྐུལ་ཞུ།
    བཀུར་འོས་རིག་མཐུན་དྲ་གྲོཊ་(ཚེ་རིང་ལགས) འདས་པ་འདས་པ་རེད། དུས་གསུམ་ཁ་ཁར་རེད། སུ་ཇཱ་སློབ་ཞིག་གྲོང་པ་འདས་ཟིན་ལོ་རྒྱུས་རེད། སྐབས་འདིར་དེ་གླེང་དགོས་མ་མཆིས་ལགས།
    ཁོང་ཚོའི་མཆོད་འབུལ་ལ་བསྔགས་རྗོད་དང་བཀའ་དྲིན་ཞུ།

    Reply
  5. ཐིག says:
    ལོ་ 14 སྔོན།

    མ་ཡུམ་སུ་ཇ་སློབ་གྲ་ནས་ད་ཐེངས་མཆོད་འབུལ་གནང་པ་དེར་རྗེས་སུ་ཡི་རངས་ཡོད། ཐུགས་རྗེ་ཆེ།

    Reply
  6. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ཚེ་རིང་ལགས་ཀྱིས།
    ་་་་ལོ་སྔོན་མར་སློབ་གྲྭ་ཁོ་རང་ཚོས་སློབ་མ་ཞིག་དམར་གསོད་བཏང་བ་་་་ ཟེར་བ་འདི་བདེན་མ་ཡིན་ཡང་། ་་་་ ད་དུང་དུས་རྒྱུན་དགེ་རྒན་ཚོས་འགན་མ་ཁུར་བར་རྒན་བདག་སྔོན་དུ་བཏང་སྟེ། སློབ་མ་ཚོར་གཅར་རྡུང་བྱས་ཏེ། རྨས་སྐྱོན་བྱུང་བ་མང་པོ་རེད། དེའི་རིགས་ཀྱང་ཡར་རྒྱས་གཏོང་དགོས། ་་་ ཟེར་བ་འདི་བདེན་པ་རེད་ལགས།
    བོད་པས་བོད་པར་ལམ་སྟོན་སྣེ་འཁྲིད་ནོར་བ་འཕྱུགས་པ་དང་། རྒྱ་གཞུང་གིས་ངན་རྩུབ་འཆར་གཞི་ལྡན་པའི་སྒོ་ནས་བོད་མིར་གདུག་རྩུབ་བཏང་བ་གཉིས་ལ་ཁྱད་པར་ཆེན་པོ་འདུག་གོ །

    Reply
  7. ཚེ་རིང། says:
    ལོ་ 14 སྔོན།

    སུ་ཇཱ་སློབ་གྲྭའི་རྒྱའི་བཙན་འོག་ནས་གྲོངས་པའི་དཔའ་བོ་དཔའ་མོ་ཚོར་བསྔོ་སྨོན་བྱས་པར་རྗེས་སུ་ཡི་རངས་ཡོད། ཡིན་ཡང་ལོ་སྔོན་མར་སློབ་གྲྭ་ཁོ་རང་ཚོས་སློབ་མ་ཞིག་དམར་གསོད་བཏང་བ་དེར་ག་རེ་བྱེད་རྩིས་ཡོད། ད་དུང་དུས་རྒྱུན་དགེ་རྒན་ཚོས་འགན་མ་ཁུར་བར་རྒན་བདག་སྔོན་དུ་བཏང་སྟེ། སློབ་མ་ཚོར་གཅར་རྡུང་བྱས་ཏེ། རྨས་སྐྱོན་བྱུང་བ་མང་པོ་རེད། དེའི་རིགས་ཀྱང་ཡར་རྒྱས་གཏོང་དགོས།
    འདི་ལས་འགུལ་དང་འབྲེལ་བ་མེད་ཀྱང་། གོ་སྒྲིག་པ་དང་འབྲེལ་བ་ཡོད་པས། འདིར་བྲིས་པ་ཡིན་ལ། ཚང་མས་དེའི་ཐོག་ཐུགས་སྣང་གནང་ན་ལས་ཀྱ་ཁྱད་མཚར་དེ་འདྲ་མང་པོ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese