མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དུས་དབང་གི་འགྲོ་སོང་ཕུད་ལྷག་དངུལ་ཧིན་སྒོར་འབུམ་ ༧༡༥ ཙམ་རེད།

བོད་ཀྱི་དུས་བབ།
༢༠༡༢/༠༢/༠༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་དུས་དབང་གོ་སྒྲིག་ཚོགས་ཆུང་གིས་བྱུང་སོང་དངུལ་གྱི་རྩིས་ཁྲ་གསལ་བསྒྲགས་བསྐྱངས་པ་ལྟར་ན། སྤྱིན་བདག་གིས་གཙོས་པའི་ཞལ་འདེབས་ཧིན་སྒོར་ ༣༢༩༣༣༣༢༤༩ བྱུང་ཡོད་པ་ལས། འགྲོ་སོང་ཧིན་སྒོར་ ༢༥༧༨༣༣༢༤༩ ཙམ་ཕུད། དངུལ་ལྷག་ཧིན་སྒོར་ ༧༡༥,༠༠,༠༠༠ ཙམ་བྱུང་ཡོད་འདུག་ཅིང་། དངུལ་ལྷག་དེ་དག་ཤེས་ཡོན་དང་འཕྲོད་བསྟེན་ཉམ་ཐག་འཚོ་སྣོན་བཅས་ཀྱི་ཐེབས་རྩ་ཁག་ཏུ་བགོ་འགྲེམས་ཞུ་རྒྱུ་ཡིན་འདུག

 དེ་རིང་ཕྱི་ཚེས་ ༡ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༡༡ སྟེང་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། ད་ལོའི་དུས་དབང་ཐེངས་ ༣༢ པའི་གོ་སྒྲིག་ཚོགས་ཆུང་གི་འབྲེལ་ཡོད་མི་སྣ། ལྷ་ལྡན་ཆོས་འཕྲུལ་སྨོན་ལམ་ཆེན་མོ་འཛིན་སྐྱོང་ཁང་གི་འགན་འཛིན་དགེ་བཤེས་ཕུར་བུ་བསམ་གྲུབ་དང་། ཨ་རུ་ནཱ་ཅལ་མངའ་སྡེ་ཕྱོགས་ཀྱི་གོ་སྒྲིག་ཚོགས་ཆུང་གི་འགན་འཛིན་སྤྲུལ་སྐུ་ཐུབ་བསྟན་ཡར་འཕེལ་ལགས། རྣམ་རྒྱལ་གྲྭ་ཚང་གི་དྲུང་ཆེ་དགེ་བཤེས་བསྟན་འཛིན་དགེ་ཆོས་གསུམ་ལྷན་བཞུགས་ཐོག འདི་ལོའི་ཕྱི་ཟླ་དང་པོའི་ཚེས་ ༡ ནས་ ༡༠ ཉིན་བར་གནས་མཆོག་རྡོ་རྗེ་གདན་དུ་སྤྱི་ནོར་༧གོང་ས་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དཀའ་དབང་ཐེངས་ ༣༢ པ་དེ་བསྩལ་བར། རྒྱལ་ཁབ་ཁག་ ༦༦ ནས་ཆོས་ཞུ་བ་འབུམ་ ༢ ལྷག་འདུ་འཛོམས་བྱུང་ཡོད་སྐོར་དང་སྦྲགས། དུས་དབང་ལ་སྤྱིན་བདག་ག་ཚོད་ཡོད་མེད་དང་། ཚུར་ཞལ་འདེབས་སོགས་ལས་ཡོང་འབབ་ག་ཚོད་བྱུང་ཡོད་མེད་དང་། ཕར་འགྲོ་སོང་ག་ཚོད་ཕྱིན་ཡོད་མེད། ཤུལ་དུ་དངུལ་ལྷག་ག་ཚོད་ཡོད་མེད་དང་། དངུལ་ལྷག་དེ་དག་ཇི་ལྟར་བགོ་འགྲེམས་བྱ་འཆར་ཡོད་མེད་སོགས་ཀྱི་གསར་འགོད་གསལ་བསྒྲགས་བསྐྱངས་སོང་།

སྐབས་དེར་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་འཛིན་སྐྱོང་ཁང་གི་འགན་འཛིན་དགེ་བཤེས་ཕུར་བུ་བསམ་གྲུབ་ལགས་ཀྱིས་དུས་དབང་ཐེངས་ ༣༢ པའི་བྱུང་སོང་གི་དངུས་རྩིས་སྙན་སྒྲོན་གནང་པ་ལྟར་ན། ཐེངས་འདིའི་དུས་དབང་སྤྱིན་བདག་གཙོ་བོ་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དམ་པ་རྡོ་རྗེ་མཁའ་འགྲོའི་ཁྱིམ་ཚང་གིས་གཙོས་སྦྱིན་བདག་ཁག་ ༣༣ དང་། བརྟན་བཞུགས་སྦྱིན་བདག་ཁག་ ༧། ཚེ་དབང་སྦྱིན་བདག་ཁག་ ༢ དང་། གཞན་དད་ལྡན་ཡོངས་ནས་ཞལ་འདེབས་ཕུལ་འབྱོར་བྱུང་པ་ཁྱོན་ཧིན་སྒོར་དུང་ཕྱུར་གསུམ་བྱེ་བ་གཉིས་ས་ཡ་དགུ སུམ་འབུམ་སུམ་ཁྲི་སུམ་སྟོང་ཉིས་བརྒྱ་བཞི་བཅུ་ཞེ་དགུ་ ༣༢༩༣༣༣༢༤༩ ཡོད་པ་དང་། དེ་དག་ལས་གསུང་ཆོས་ར་བའི་གུར་དང་། གསུང་པར། གཟུགས་མཐོང་བརྙན་འཕྲིན། མང་ཚོགས་ཀྱི་གུར། གཞན་འགྲོ་གྲོན་ཆ་ཚང་ལ་ཧིན་སྒོར་དུང་ཕྱུར་གཉིས་བྱེ་བ་ལྔ་ས་ཡ་བདུན་བརྒྱད་འབུམ། སུམ་ཁྲི་སུམ་སྟོང་ཉིས་བརྒྱ་བཞི་བཅུ་ཞེ་དགུ་ ༢༥༧༨༣༣༢༤༩ ཕྱིན་ཡོད་འདུག་ལ། ཞལ་འདེབས་ཀྱི་དངུལ་ལྷག་ཧིན་སྒོར་བྱེ་བ་བདུན་དང་ས་ཡ་གཅིག་འབུམ་ལྔ་ ༧༡༥༠༠༠༠༠ ཙམ་ཡོད་པ་རྣམས་སྤྱི་ཚོགས་ཀྱི་བདེ་རྩ་དང་འབྲེལ་བའི་ཚོགས་སྡེ་ཁག་ཅིག་ལ་བགོ་འགྲེམས་བྱས་ཡོད་པར་གསུངས་བྱུང་།

དངུལ་ལྷག་དེ་དག་བགོ་འགྲེམས་བྱེད་ཕྱོགས་ནི། ༼ ༡ ༽ བྷེ་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་ཛ་དྲག་ངལ་སེལ་མ་དངུལ་ཆེད་དང་། རྡོར་གདན་ཡུལ་མིའི་ཕྲུ་གུའི་ཤེས་ཡོན་མཐུན་རྐྱེན་ཐེབས་རྩ། རྡོར་གདན་དུ་ལོ་ལྟར་ཡུལ་མིའི་མིག་གཤགས་བཅོས་བྱེད་རྒྱུའི་མཐུན་རྐྱེན་མ་རྩ། རྡོར་གདན་མཆོད་རྟེན་ཆེན་མོ་ཉམས་གསོའི་ཐེབས་རྩ། རྡོར་གདན་ཡུལ་འཁོར་སྲུང་སྐྱོབ་དང་དེ་འབྲེལ་གྱི་ཤས་ཡོན་གོང་འཕེལ་གྱི་ཐེབས་རྩ་བཅས་ལ་ཧིན་སྒོར་འབུམ་བརྒྱ་དང་བཅོ་ལྔ་ ༡༡༥༠༠༠༠༠ ཕུལ་ཡོད་པ་དང་། ༼ ༢ ༽ བོད་མི་སྐྱབས་བཅོལ་བའི་ན་གཞོན་རྣམས་ཀྱི་རིགས་གཅིག་རྐང་འཛིན་སོགས་ཤེས་ཡོན་ཆེད་བོད་མིའི་ཕྲུ་གུའི་ཤེས་ཡོན་བདེ་རྩའི་ཐེབས་རྩ་བརྒྱུད་ཧིན་སྒོར་འབུམ་བརྒྱ་ ༡༠༠༠༠༠༠༠ ། ༼ ༣ ༽རྒྱ་བལ་འབྲུག་གསུམ་དུ་གནས་སྡོད་བོད་མི་ཉམ་ཐག་རྒས་གཅོང་རྣམས་ཀྱི་ངལ་སེལ་ཐེབས་རྩའི་ཆེད་དབུས་བོད་མིའི་ངལ་སེལ་ཚོགས་པ་བརྒྱུད་ཧིན་སྒོར་འབུམ་བརྒྱ་ ༡༠༠༠༠༠༠༠ ། ༼ ༤ ༽ཆོས་རིག་ལས་ཁུངས་བརྒྱུད་བོད་ནས་གསར་དུ་ཕེབས་པའི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་གྲྭ་བཙུན་སློབ་གཉེར་བ་རྣམས་ཀྱི་འཚོ་སྣོན་མཐུན་རྐྱེན་ཐེབས་རྩར་ཧིན་སྒོར་འབུམ་བརྒྱ་ ༡༠༠༠༠༠༠༠།  ༼ ༥ ༽ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་བྱེས་ཀྱི་གདན་ས་ཁག་ཏུ་ཡོད་པའི་གྲྭ་བཙུན་རྣམ་པ་དང་། གཞིས་ཆགས་ཁག་ཏུ་ཡོད་པའི་ནད་པ་དང་རྒས་གཅོང་རྣམས་ཀྱི་སྨན་སྨན་བཅོས་མཐུན་རྐྱེན་ཆེད་འཕྲོད་བསྟེན་ལས་ཁུངས་བརྒྱུད་ཧིན་སྒོར་འབུམ་བརྒྱ་ ༡༠༠༠༠༠༠༠། ༼  ༦ ༽བོད་མི་མང་སྤྱི་འཐུས་ལྷན་ཁང་ལ་ཧིན་སྒོར་འབུམ་བརྒྱ་ ༡༠༠༠༠༠༠༠།  ༼ ༧ ༽ ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅོས་ཀྱི་གྲྭ་བཙུན་ཁོངས་ཚན་རིག་སློབ་གཉེར་བ་རྣམས་ཀྱི་མཐུན་རྐྱེན་ཐེབས་རྩའི་ཆེད་ངྷ་ས་བོད་ཀྱི་དཔེ་མཛོད་ཁང་བརྒྱུད་ཧིན་སྒོར་འབུམ་བརྒྱ་ ༡༠༠༠༠༠༠༠ བཅས་ཕུལ་ཏེ་དངུལ་ལྷག་ཡོངས་རྫོགས་གཙང་མ་བཟོས་ཟིན་པའི་གསལ་བསྒྲགས་གནང་སོང་།

ཨ་རུ་ནཱ་ཅལ་མངའ་སྡེ་ཕྱོགས་ཀྱི་གོ་སྒྲིག་ཚོགས་ཆུང་གི་འགན་འཛིན་སྤྲུལ་སྐུ་ཐུབ་བསྟན་ཡར་འཕེལ་ལགས་ཀྱིས་གསུངས་དོན། འདི་ལོར་གནས་མཆོག་རྡོ་རྗེ་གདན་དུ་༧གོང་ས་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གནང་སྐབས། སྔར་དང་མ་འདྲ་བའི་དད་ལྡན་ཆོས་ཞུ་བ་འདུ་འཛོམས་བྱུང་པ་དང་། དུས་དབང་སྐབས་ཕྱོགས་ཡོངས་ནས་གོ་སྒྲིག་ཚགས་ཚུད་བྱུང་ཐུབ་པ། ལྷག་པར་དུ་༧གོང་ས་མཆོག་གི་སྐུ་ཕྱྭ་དང་སྐུ་ཁམས་བདེ་ཐང་ངང་དུས་དབང་ཡོངས་སུ་ལེགས་གྲུབ་བྱུང་པ་བཅས་ནི་དུས་དབང་གོ་སྒྲིག་ཚོགས་ཆུང་གི་བྱས་རྗེས་ཤིག་མིན་པར། དེ་ནི་དུས་རྒྱུན་༧གོང་ས་མཆོག་གིས་བླ་སློབ་ཀྱི་དམ་ཚིག་གཙང་མ་དགོས་སྐོར་གྱི་བཀའ་སློབ་གནང་གི་ཡོད་པ་ལྟར། ཚང་མར་དད་པ་དང་དམ་ཚིག་གཙང་མ་ཞིག་ཡོད་པའི་འབྲས་བུ་ལས་བྱུང་པ་ཞིག་ཡིན་པར་གསུངས་བྱུང་།

མཐར་དུས་དབང་གོ་སྒྲིག་ཚོགས་ཆུང་གི་འཐུས་མི་གསུམ་ལྷན་འཛོམས་ཐོག ཐེངས་འདིའི་བྱུང་སོང་གི་དངུལ་རྩིས་ཡོངས་རྫོགས་དུས་དབང་གོ་སྒྲིག་ཚོགས་ཆུང་གི་འགན་འཛིན་གསུམ་གྱིས་འགན་ཆ་ཚང་བླངས་ཏེ་རྩིས་ཞིབ་བྱས་པ་ཞིག་དང་། རྩིས་ཞིབ་ཀྱི་བྱུང་སོང་བསྡད་གསུམ་གྱི་ཞིབ་ཕྲའི་རྩིས་ཤོག་དང་། རྒྱབ་ལྗོངས་དན་རྟགས་སོགས་ཀྱི་ཡིག་ཆ་ཆ་ཚང་༧སྐུ་སྒེར་ཡིག་ཚང་ལ་འབུལ་རྒྱུ་ཡིན་པས། དགོས་གལ་ཡོད་རིགས་ཚོས་ཡིག་ཆ་དེ་དག་ལ་ལོ་རྗེས་མའི་ཕྱི་ཟླ་ ༡ ཚེས་ ༡༠ བར་གྱི་ལོ་གཅིག་རིང་ག་དུས་དགོས་གལ་བྱུང་ཡང་དུས་ལྟར་གཟིགས་ཞིབ་བྱ་རྒྱུ་ཡོད་པར་བསྒྲགས་སོང་།

གསར་འགོད་པ། བནྡེ་སྐྱབས།

 

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

ཆུ་ཚོད་ ༡ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

ཆུ་ཚོད་ ༡ སྔོན་ལ།
Mobile App

གཏམ་གླེང་དམར་རྗེན་མ།

ཆུ་ཚོད་ ༣ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ། བོད་པའི་སློབ་གྲྭ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ལ་སཱི་ཤེས་ཡོན་སློབ་གསོའི་སྦྱོང་བརྡར་སྤྲད། ༢༠༢༥།༥།༢༡ དུས་བབ་ཀྱི་པར།
Mobile App

འཛམ་གླིང་གི་རྒྱལ་ཁབ་ ༡༤༡ ནང་སཱི་ཤེས་ཡོན་སློབ་གསོ་ངོ་སྤྲོད་གནང་ཟིན་འདུག

ཆུ་ཚོད་ ༢༣ སྔོན་ལ།
FILE PHOTO: Salal Dam on the Chenab river, in Reasi district, J&K, Monday, May 5, 2025. All gates of Salal Dam on the Chenab River were closed following suspension of the Indus Waters Treaty in the aftermath of the Pahalgam terror attack.(PTI)
Mobile App

པཱ་ཀི་སི་ཐན་ནང་ཆུ་རགས་གསར་རྒྱག་གི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་།

༢༠༢༥/༠༥/༢༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེ་ན་ཌའི་ཨོན་ཊ་རེའོ་བོད་མི་རྣམས་ལ་གསུང་བཤད་གནང་། ༢༠༢༥།༥།༡༨ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་འདི་ལོའི་ཆོས་ཚོགས་ཐེངས་ལྔ་པའི་ཐོག་༧སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཁག་ཅིག་གསལ་པོ་ཆགས་རྒྱུ་ཡིན་སྐོར་གསུངས།

༢༠༢༥/༠༥/༢༡

མཆན། 30

  1. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 13 སྔོན།

    དགེ་བཤེས་བྱམས་པ་བློ་བཟང་མིང་ཅན་དེས་ཆོསས་ཁས་ལེན་མཁན་ཞིག་ཡིན་ན་ཟེར་ནས་ཅིག་བཤད་ཀྱིན་འདུག རེད་་་བཤད་སྟངས་འདི་ངས་ཤེས་ཀྱི་ཡོད། འདི་ཁྱེད་ཅག་གིས་ཅུང་བསམ་བློའི་གོ་རྟོགས་ཡོད་མཁན་ཚོར་ཞྭ་ནག་གཡོགས་སྟངས་གཅིག་རེད། ཡང་དགེ་འདུན་པ་དག་ལ་དད་པ་གཙང་མ་ཡོད་མཁན་དག་གིས་ཕུལ་བ་ཡིན་རབ་ཅིག་བཤད་ཀྱིན་འདུག དགེ་བཤེས་ལགས་འདི་ཤར་དང་ནུབ་ཀྱི་སྐད་ཆ་རེད། ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་དྭངས་བླངས་ངང་སྤྱི་ཚོགས་ཞབས་ཞུ་ཡིན་སྐོར་སྔོན་ནས་བསྒྲགས་སོང་ཟེར། དེའི་དོན་ཅི་ཞིག་རེད། དྭངས་བླངས་ཡིན་སོང་ན་འགྲོ་སོང་མི་དགོས་ནི་ཨེ་རེད། བོད་ཀྱི་གཞོན་ལྷན་ལ་སྒོར་མོ་དེ་འདྲ་ཞིག་སྤྲད་ཡོད་ན་རྩིས་ཁྲའི་ནང་མེད་དོན་ཅི་ཞིག་རེད། ད་དུང་དགེ་བཤེས་ཁྱེད་ལྟ་བུ་དག་གིས་ནི་ཁ་གཏོང་ཟེར་དུས་རང་ཉིད་ཀྱི་བསམ་ཚུལ་དང་སྤྱོད་ཚུལ་ལས་ཐ་དད་དུ་ཡོད་པའི་སྐད་ཆ་ཞིག་བཤད་ན་ཕལ་ཆེར་ཁོས་ཁ་གཏོང་གི་འདུག་ཟེར་ནས་ཁྱིས་ཟུག་ཟུག་བྱེད་ཀྱིན་འདུག་པས། འདི་ལ་སྙིང་པོ་ཅི་ཡང་མི་འདུག དགེ་བཤེས་ལགས།

    Reply
  2. བཀྲ་ཤིས། says:
    ལོ་ 13 སྔོན།

    བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་དངས་བླངས་ཐོག་་་ཟེར་ན་ཅུང་འགྲིག་ཡོད་མིན་མི་ཤེས། ཉེ་ཆར་གསལ་བསྒྲགས་གཅིག་གིས་དུས་དབང་གོ་སྒྲིག་ཚོགས་ཆུང་ནས་སྡེ་སྲུང་བཀའ་བློན་བརྒྱུད་ནས་བོད་ཀྱི་གཞོན་ནུ་ཚོགས་པ་ལ་རོགས་པ་ཞུས་ཚུལ་མཐོང་སོང་།

    དངུལ་རྩིས་ཡག་པོ་གནང་འདུག

    Reply
  3. བཀྲ་ཤིས། says:
    ལོ་ 13 སྔོན།

    དགེ་བཤེས་ཚང་ལ་ཡིག་ནོར་མང་གི
    གཞོན་ནུ་ལ་དངུལ་གནང་ཡོད་ན་བཟང་གི་དཀའ་ལས་མང་ཆེ་གཞོན་ནུས་གནང་སོང་།

    Reply
  4. དགེ་བཤེས་བྱམས་པ་བློ་བཟང་། says:
    ལོ་ 13 སྔོན།

    ཆོས་ཁས་ལེན་མཁན་ཞིག་ཡིན་ན་དགེ་འདུན་ལ་བསྐུར་བ་མ་འདེབས། ད་ལེན་དུས་དབང་སྐབས་དངུལ་བྱུང་བ་རྣམས་དགེ་འདུན་ལ་དད་དམ་གཙང་མ་ཡོད་མཁན་རྣམས་ཀྱི་འབུལ་བ་ཞིག་རེད། དེ་མིན་ཁ་གཏོང་མཁན་རྣམས་ནས་དངུལ་ཇི་ཙམ་ཞལ་འདེབས་འབུལ་ཡོད་དམ། དངུལ་གྱི་ཐོག་ལ་འདོགས་པ་ཡོད་ན་ད་ལྟ་རྩིས་ཁྲར་ཚང་མ་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད་པ་དེ་ལ་གཟིགས་ཞིབ་གནང་ན་འཐུས་དེ་མིན་གཏོང་བཤད་ཙམ་གྱི་མི་འཕན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་དྭང་བླངས་ཐོག་སྤྱི་ཚོགས་ཞལ་འདེབས་ཞུས་ཀྱི་ཡིན་ཟེར་ནས་དུས་དབང་མ་ཚོགས་གོང་གསར་འགོད་གསལ་བསྒྲགས་བྱས་ཐ་མ་དེ་ལ་འབུམ་བདུན་དང་ཕྱེད་ཀ་འགྲོ་སོང་ཕྱིན་སོང་ཟེར་ནས་དུས་དབང་ཡིག་ཚང་ལ་ནས་དངུལ་ཞུས་ཡོད་པ་ཚང་མས་མཁན་དགོས། བོད་མི་སྤྱི་ལ་སེམས་ཤུགས་ཡོད་མཁན་ཞིག་ཡིན་ན་དངུལ་ལྷག་འབུལ་ས་དེ་ནོར་མེད་པ་འདྲ་ཞིག་རེད། དེ་མིན་བཙན་བྱོལ་གཞུང་ལ་ཁ་གཏོང་མཁན་ཞིག་ཡིན་ན་སྒྲིགས་པ་ནམ་ཡང་ཡོང་ཡ་ཡོད་མ་རེད། ཚང་མས་མི་དེ་ཚོའི་རིགས་ལ་ཟབ་དགོས།

    Reply
  5. མནར་མེད་པ། says:
    ལོ་ 13 སྔོན།

    དྲྭ་གྲོགས་ཚོས་གསལ་བཤད་དགོས་ཞེས་ག་ཚོད་བཤད་འདུག ད་དུང་ཨ་ལན་ཙམ་ཡང་མི་འདུག ནག་ཉེན་ནོར་འཁྲུལ་ཤོར་ཡོད་པ་བརྒྱ་ཆ་བརྒྱ་རེད་འདུག ཏཱ་ལའི་བླ་མའི་གསུང་ཆོས་དང་དུས་དབང་སྐབས་སྐོར་རྫས་དང་དད་རྫས་ཐམས་ཅད་དགེ་བཤེས་གྲོད་པ་ཅན་འདི་ཚོས་མིག་ཧྲིག་ཧྲིག་གིས་ཧ་ཐོབ་རྒྱག་པ་སྤྱིར་བཏང་ཞིག་ཡིན་པ་རེད།

    Reply
  6. ལྕགས་ཀྱི་མྱི། says:
    ལོ་ 13 སྔོན།

    བླ་རྒན་ཚོ་ལྕགས་ཀྱི་མྱི་ཡིས་སྒུག་ནས་བསྡད་ཡོད། གལ་སྲིད་ཁྱོ་ཚོས་གསལ་བཤད་མེད་ན་ནོར་འཁྲུལ་ངོས་ལེན་བྱས་པ་དང་ཁྱད་པར་མེད། བླ་རྒན་ཚོ་ངས་མ་ཤི་བར་དུ་སྒུག་རྒྱུ་ཡིན།

    Reply
  7. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 13 སྔོན།

    ཤེས་ཡོན་སློབ་གསོའི་གོ་རྟོགས་མེད་པའི་བླ་རྒན་འདི་ཚོས་གང་ཡང་ཤེས་ནི་མ་རེད། འདི་ཚོ་ལ་སྔོན་ནས་རེ་བ་ཞིག་བཞག་མེད། ཁ་སྔོན་ནས་འདི་ཚོས་ཅིག་འཇོན་ནི་རེད་བསམ་མྱོང་མེད། ང་བདེན་ཀ ད་ཡིན་ན་མཐོང་འདུག་ག

    Reply
  8. ལྕགས་ཀྱི་མྱི། says:
    ལོ་ 13 སྔོན།

    ཀརྨ་རྡོ་རྗེ་ལགས། དེ་ཙམ་ཡིན་ན་ནོར་འཁུལ་རེད། གང་ཡིན་ཞེ་ན་གཞོན་ལྷན་གྱི་རང་བཙན་རྩོད་པ་ཙམ་མ་ཡིན་པ་སྤྱི་ཚོགས་ཞབས་ཞུ་འབུར་ཐོན་གང་མང་ཞུས་ཡོད། འདི་ལོའི་དུས་དབང་སྐབས་སྤྱི་ཚོགས་ཞབས་ཞུ་གནང་མཁན་ཤུགས་ཆེ་ཤོས་རེད། དེ་ལ་འགྲོ་སོང་ཧ་ཅང་ཆེན་པོ་སོང་ཡོད་ཚོད་རེད། ངས་རྩིས་ཁྲ་མཐོང་ཐོས་མ་བྱུང་། དེ་ཙམ་ལ་བསམ་བློ་གཏང་ན་དངོས་ནས་ཐོབ་ཐང་ཡོད་པ་རེད། ང་མྱི་རྐྱང་ཞིག་ཡིན་པས་རྗེས་སུ་ཡིན་རུང་བྱེད་པ་ལས་གཞན་བྱ་ཐབ་བྲལ། བར་དོ་བ་ལགས། འདི་ཆུད་ཟོས་ཟེར་གྱི་མ་རེད། འདི་ལ་དྲང་བདེན་མིན་པའི་སྤྱི་ཚོགས་ཞབས་ཞུ་ཟེར་བ་རེད།

    Reply
  9. བར་དོ་བ says:
    ལོ་ 13 སྔོན།

    བརྒྱ་བཤད་སྟོང་བཤང་གང་བྱས་ཀྱང་། མདོ་དོན་གོ་སྒྲིག་ཚོགས་ཆུང་གིས་གོ་སྒྲིག་ཕྱོགས་གང་ཅིའི་ཐད་ནས་འགན་ལེགས་པོ་མ་འཁུར་བས། དངུལ་མང་པོ་ཆུད་ཟོས་བཏང་སོང་། དེང་ཕྱིན་ཆད་དུས་དབང་གོ་སྒྲིག་གི་འགན་འཁུར་མི་དང་མིང་འཁྱེར་མཁན་གྱི་རིགས་ནི་ཆོས་ལུགས་ཀྱི་གོ་གནས་ཡོད་པའི་དགེ་བཤེས་དང་བླ་དཔོན་ལ་བཅོལ་ན་ནོར་འཁྲུལ་ཡིན་པ་ར་འཕྲོད་སོང་། ཁོ་ཚོ་མང་ཆེ་བར་ཁྱིམ་པའི་འཚོ་བ་དང་དགོས་མཁོ་སྒྲུབ་པའི་ནུས་པ་མི་འདུག

    Reply
  10. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ལྕགས་ཀྱི་མྱི་ལགས།
    གཞོན་ལྷན་ལ་ཞལ་འདེབས་མ་ཐོབ་པ་ནི། རང་བཙན་ལམ་དུ་ཕྱིན་པས་མིན་ནམ། ཚོགས་ཆུང་འགན་ཡོད་པ་རྣམས་དབུ་མ་པ་ཅིག་ཡིན་ན། རང་བཙན་རྩོད་མཁན་སོགས་ལ་ཞལ་འདེབས་གནང་བ་ཡིན་ན་རྒྱ་བོད་ཞི་སྒྲིག་བྱ་རྒྱུའི་ལམ་ཁ་ཁེགས་འགྲོབ་མིན་ནམ། ང་ཡང་གཞོན་ལྷན་གྱི་ལས་འགུལ་ལ་དགའ་ཡང་ཁ་རྩེའི་རང་བཙན་དམིགས་ཡུལ་ལ་ང་ཡང་མི་དགའ་བ་ལྟར་རོ། །

    Reply
  11. མནར་མེད་པ། says:
    ལོ་ 13 སྔོན།

    དྲྭ་འབུ་འདི་ཚོས་ད་དུང་དུས་དབང་རེ་བ་རྒྱག་གི་འདུག སྐུ་མཁྱེན་དེ་འདྲ་མ་ལབ། ད་ཐེངས་ཤི་རྨས་ག་ཚོད་བྱུང་སོང་། འགྲམ་དང་ལྷ་ས་སོགས་ནས་དམ་དྲག་ག་ཚོད་བྱེད་ཀྱིན་འདུག འགྲོ་གྲོན་དང་དཀའ་ལས་ཅི་འདྲ་རེད། དབང་ཟེར་བའི་རྡོག་རྡོག་ཞིག་གནང་རྒྱུ་ཡོད་ན་ས་གནས་ས་ཐོག་ཏུ་ཐུགས་རྗེས་གཟིགས་ཡག་པོ་འདུག རྫིག་པོ་རང་དཱ་བྱེད་ཨེ་དགོས་ན།

    Reply
  12. བཀྲ་ཤིས་དོན་གྲུབ། says:
    ལོ་ 13 སྔོན།

    བསོད་ནམས་རྒྱ་མཚོ་ལགས་ཀྱིས”ཕྲན་བུ་མ་འགྲིག་པའི་གནས་ཚུལ་ཡོད་སྲིད་པ་རེད། དེ་འཇིག་རྟེན་ཆོས་ཉིད་རེད་”ཅེས་གསུང་གི་འདུག་པ་བློ་རྒྱ་ཅན་གྱི་གཏམ་བཤད་ཡིན་ངེས་རེད། འོན་ཀྱང་སྐུ་ཉིད་དུས་དབང་ལ་དངོས་སུ་ཕེབས་ཡོད་ཚེ། སྐུ་སྲུང་བུད་མེད་དག་གིས་མི་སྐྱ་དང་གྲྭ་པ་དག་ལ་ལག་པ་རེག་ཙམ་རེག་ཙམ་ལས་མི་བྱེད་པའམ་ཡང་ན་བྱེད་མཁན་མེད་པ་དང་། གསུང་ཆོས་རྭ་བའི་ནང་ཁ་པར་དང་པར་ཆས་མང་པོ་ཁྱེར་ཡོད་པ་མཐོང་ཡོད་ངེས་རེད། འདི་དག་ཀྱང་ཕྲན་བུ་མ་འགྲིག་པ་ཞིག་ལ་བརྩི་གི་ཡིན་ནམ། ད་དུང་གཉེན་ཁ་ཆེ་བ་ནི་ཐང་གཅིག་ཞིབ་བཤེར་བྱེད་མཁན་མི་འདུག་པ་ཤེས་ཡོད་ཚེ་དེ་ཡང་ཕྲན་བུ་མ་འགྲིག་པ་ཞིག་ལ་འཇོག་གི་ཡིན་ནམ། ད་དུང་མང་པོ་མང་པོ་རེད་གླེང་མི་ཚར་བ་ཞིག

    Reply
  13. ལྕགས་གི་མྱི། says:
    ལོ་ 13 སྔོན།

    འདི་ལ་གཏོང་ཕོད་ཆེ་བ་ཟེར་གི་མ་རེད། གང་ལགས་ཞེ་ན། ཕས་རང་གི་བུ་ལ་ཕྱག་དངུལ་གནང་བ་དེ་ནི་སྤྱིའི་འགྲོ་སྟངས་ཙམ་རེད། དེ་བཞིན་དུ་དམངས་ཀྱི་ལག་ནས་ཐོན་པའི་ཕྱག་དངུལ་དག་ཕར་དམངས་ཀྱི་ཕྱོགས་ལ་བཏང་བ་དེ་ལ་གཏོང་ཕོད་ཆེ་བ་ཟེར་བའི་ཐ་སྙད་འདི་འབབ་ནི་མ་རེད། རྩིས་ཁྲ་འདི་སྤྱི་འགྲོས་ཙམ་ལས་ཞིབ་ཚག་ཡིན་པ་སུ་ཞིག་གིས་ཐག་ཆོད་ནི་མ་རེད། ཡིན་པའི་དབང་དུ་བཏང་ཀྱང་དེ་ནི་ཁྱོད་ཚོའི་དྲང་བདེན་གྱི་གཟི་བརྗིད་ཅིག་མ་རེད། དེ་ནི་༸གོང་ས་མཆོག་གིས་རྩིས་ཁྲའི་སྐོར་ནས་བཀའ་ནན་པོ་བྱས་ནས་ཕེབས་པས། ཁྱོད་ཚོ་ལམ་ཁ་དེར་གཏུགས་བཞག་པ་རེད། གལ་སྲིད་ཁྱོད་ཚོ་དངོས་གནས་དྲང་བོ་དྲང་བཞག་གི་ལས་ཀ་གནང་མཁན་ཞིག་ཡིན་ན། དངུལ་དེ་དག་ངེས་པར་དུ་གཞུང་འབྲེལ་ཁག་གི་ཚོགས་པ་ལས་གཞན་བོད་ཀྱི་གཞོན་ནུ་ཚོགས་པ་སོགས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལ་མི་སྤྲད་དགོས་དོན་ཅི་ཞིག་ཡོད། འདིས་ཁྱོད་ཚོ་དྲང་བདེན་མིན་པ་མཚོན་གྱི་ཡོད། ཤེས་ཨེ་སོང་། གནད་དོན་འདི་ལ་གསལ་བཤད་བྱེད་རོགས། མ་ཤི་བར་ལྕགས་ཀྱི་མྱི་ངས་སྒུག་གི་ཡིན།

    Reply
  14. བསོད་ནམས་རྒྱ་མཚོ། says:
    ལོ་ 13 སྔོན།

    དུས་དབང་གོ་སྒྲིག་ཚོགས་ཆུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
    གང་ཡིན་ན་མིན་ན། དུས་དབང་གོ་སྒྲིག་ཚོགས་ཆུང་གི་དྲིན་ལ་བརྟེན། ས་སྟེང་རྒྱ་བསྟན་ཡོངས་ཀྱི་མངའ་བདག འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་༧གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་རྗེ་བཙུན་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་ཞལ་སྔ་ནས་དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་ཟབ་མོ་ཞུ་མཁན་སློབ་མ་འབུམ་ཕྲག་བརྒལ་བ་བྱུང་འདུག མ་ཚད་ཁྱེད་རྣམས་པས་རང་ནུས་ལ་དཔག་པའི་ཧུར་ཐག་གནང་ཡོད་པར་ཡིད་ཆེས་ཡོད། ང་ཚོ་དྲ་འབུ་དག་གིས་ཁྱེད་རྣམ་ལ་རྗེས་སུ་ཡི་རང་ཞུ་རྒྱུ་ལས་སྐྱོན་འདོགས་བྱེད་འོས་པ་རྩ་བ་ནས་མིན། ཕྲན་བུ་མ་འགྲིག་པའི་གནས་ཚུལ་ཡོད་སྲིད་པ་རེད། དེ་འཇིག་རྟེན་ཆོས་ཉིད་རེད་ལ། སུ་ཡིན་རུང་སྐྱོན་མེད་གཅིག་ཁག་པོ་རེད། ད་དུང་མི་ཧ་ཅང་མང་པོ་དང་ཆར་ཡང་ཤུགས་ཆེར་བབབ་པར་བརྟེན་ཁྱེད་རྣམས་ལ་ཧ་ཀྱང་ཁག་པོ་བྱུང་ཡོད་རེད། ཡིན་ཡང་ཁྱེད་རྣམས་པས་ཚོགས་རླབས་པོ་ཆེ་བསགས་སོང་།  སླད་དུ་ཡང་ད་ལོ་བཞིན་༧ གོང་ས་མཆོག་ནས་དུས་དབང་གནང་བར་སྐལ་བཟང་ཐོབ་སོང་ན། ཁྱེད་རྣམ་པས་དུས་དབང་སྐབས་སུ་གོ་འགྲིག་དང་ཡང་ན་མཐུན་རྐྱེན་སྦྱོར་རོགས་ཞུའོ། ཐུགས་རྗེ་ཆེའོ། དུས་དབང་གོ་སྒྲིག་ཚོགས་ཆུང་ལགས།།

    Reply
  15. མནར་མེད་པ། says:
    ལོ་ 13 སྔོན།

    འདི་ཚོས་ཁ་ནས་གང་སྙན་བཤད་བསྡད་པ་མ་གཏོགས་ལག་ལེན་ལོག་པ་རྐྱང་བྱེད་ཀྱི་རེད། ཚོགས་པ་སྒེར་དང་མི་སྒེར་གྱི་མིང་སྙན་གྲགས་ཁོ་ནའི་ཆེད་དུ་འདི་ཚོས་ཡོད་ཚད་འཁྲབ་ཀྱིན་འདུག གྲྭ་གྲོགས་ཚོ་བཤད་ན་ཕན་ཐོག་གི་མ་རེད། ད་གཡུག་ཞོག་་་་་་་་་་་་་་་་་་་་་་་་་

    Reply
  16. ཤར་མདའ། says:
    ལོ་ 13 སྔོན།

    དུས་དབང་གོ་སྒྲིག་ཚོགས་ཆུང་ལ་ཞུ་རྒྱུ།  ཁྱེད་རྣམ་པའི་གཏོང་ཕོད་དེ་ངོ་མ་ཧ་སེང་པ་ཞིག་རེད།  འོན་ཀྱང་བོད་མིའི་རྩ་དོན་ཆེད་དུས་རྟག་ཏུ་ཕྱག་ལས་གནང་མཁན་ཆབ་སྲིད་བཙོན་པ་རྣམས་ཀྱི་ཆེད་མ་དངུལ་ག་ཚོད་ཞིག་བཏང་ཡོད།   མ་ཟད་བོད་མིའི་བསྟན་སྲིད་ཆེད་དུ་ཕྱག་ལས་གནང་མཁན་དང་ད་སྐབས་བཙོན་འོག་ཏུ་ཡོད་པ་རྣམས་སྐྱོབ་ཐུབ་ཆེད་དངུལ་ག་ཚོད་ཞིག་བཏང་ཡོད་ངོ་མ་ཐབ་སྐྱོ་རེད།   

    Reply
  17. རིག་པའི་རལ་གྲི says:
    ལོ་ 13 སྔོན།

    གང་ལྟར་གོ་སྒྲིག་ཚོག་ཆུང་གིས་ཀྱང་གང་ཐུབ་ཕྱག་ལས་བསྟར་བ་ལ་བསྟེན་ནས་དུསའཁོར་དབང་ཆེན་ལ་སྐྱོན་ཆེ་རིགས་གང་ཡང་མ་བྱུང་ནས་ལེགས་གྲུབ་བྱུང་སོང་བས་བཀའ་དྲིན་ཆེ་ཞུ་སྙིང་འདོད་སོང་།
    སྤྱིར་མི་འབོར་ཚད་ལས་བརྒལ་བ་དང་འཁོར་ཡུག་གི་མཐུན་རྐྱེན་གྱིས་དང་། སྡེ་སྲུངས་དང་ཆོས་རིགས་སོགས་ཀྱིས་ཞལ་ལག་གང་སར་བསྙབས་ནས་ཞལ་འདེགས་དང་རོགས་རམ་བྱེད་པ་དང་། གོང་ས་མཆོག་གིས་ཐད་ཀར་དགོས་དབང་གིས་ཞལ་སློབ་སོགས་ཀྱིས་ཐད་ནས་བལྟས་པ་ནང་བཞིན་གོ་སྒྲིག་བྱེད་པར་ཁག་ཙམ་ཡོད་པར་ཤེས་སོང་རུང་།
    ཆགས་གཞི་ལེགས་པར་ཞོག་པའི་སྟང་འཛིན་ཐུབ་པའི་དབུ་ཁྲིད་གཅིག་ཚོགས་ཆུང་ནང་དུ་མི་འདུག དེར་བརྟེན་གཞོན་ལྷན་དང་ལང་པ་མེད་ན་མི་མང་ཆེ་བས་དུས་དབང་གི་ཆོར་གྲྭར་ཚུད་པ་ཁག་ཙམ་རེད་ལ། ཉིན་རྗེས་མར་གསུངས་ཆོས་གང་དུས་ཚོད་ག་དུས་ཡོད་མེད་ཀྱང་མི་མང་ཆེ་བས་ཤེས་ཀྱི་མི་འདུག

    དེ་དང་ཚོགས་པ་མང་པོ་ཞིག་མཉམ་འཛོམ་གྱིས་གྲ་སྒྲིག་བྱེད་སྐབས་ཆགས་གཞི་ཞོགས་པའི་འཚོགས་འདུ་དོན་ལྡན་ཡང་ཡང་བཀང་མ་ཐུབ་ན་འདི་ལྟར་ཡོང་བ་གདོན་མི་ཟ།

    བརྩིས་ཁྲ་སྐོར་ནི་བསམ་ཡུལ་ལས་འདས་པའི་ཞབ་འདེབས་འབྱོར་འདུག་ལ། འགྲོ་གྲོན་ཀྱང་དེ་ལྟར་ཆེ་འདུག འགྲོ་སོང་ཆེ་ཤོས་གུར་དང་། ཆུ་གློག་ཡིན་འགྲོ། ས་རིན་ནི་དགོས་རབ་མེད།

    Reply
  18. གཅན་ཚེ་རིང་ཐར་པ། says:
    ལོ་ 13 སྔོན།

    འདི་ནས་སྐད་ཆ་དྲི་རྒྱུ་འགའ་ཤས་ཡོད། དུས་དབང་གོ་སྒྲིག་ཚུགས་ཆུང་གིས་བཙོས་པའི་འབྲེལ་ཡོད་རྣམས་པ་སོགས་ཀྱིས་ལན་གནང་རོག་ཞུ།

    མོན་པའི་གྲ་པ་དེས་༧གོང་ས་མཆོག་གི་སྐུའི་ཕྱ་ཁོ་ཚོས་བྱས་རྗེས་བཞག་རབས་དེ་ཁོ་རང་གཅིག་པུའི་སྐད་ཆ་རེད་པས། ཚོགས་ཆུང་གི་སྐད་ཆ་རེད། འདི་ནི་བདེ་སྲུང་ལས་ཁུངས་ལ་མཐོང་ཆུང་བྱས་པ་རང་ཡིན། སྤྱིར་བཏང་སྐུ་ཕྱ་སྐོར་ནས་བཤད་ན། ལམ་འགྲོ་རྒྱུགས་ནས་སྐྱོན་ཆག་མ་བྱུང་བ་རེད་མ་གཏོགས། ཁ་པར་མང་པོ་ཞིག་ནང་ལོག་ཁྱེར་ཡོད་པ་རེད། འདུག་གདན་དང་རུམ་ཁུགས་སོགས་སུ་གཏན་ནས་སྔོག་གིན་མི་འདུག

    རེས་མེད་སྨོན་ཟེར་བ་འདི་སུས་བཙུགས་པ་རེད་དམ། དེའི་ཚོགས་ཆུང་སུ་དང་སུ་ཞིག་རེད། ཚོགས་པ་དེ་སུ་དང་སུས་དུས་ཚོད་ག་དུས་ལ་བཙུགས་པ་རེད་དམ། རེས་མེད་སྨོན་ལམ་ལ་བྱུང་བའི་ཚུང་བྱུང་རྣམས་ག་བ་ཡོད་རེད་དམ། འདི་འདྲ་ཞིག་བཙུགས་པ་ལ་བོད་ཀྱི་ཆོས་རྒྱུད་ལྔས་ཆོག་མཆན་སྤྲད་ཡོད་དམ། གཏན་ནས་སྤྲོད་ཡོད་མ་རེད། འོ་ན། ག་རེ་བྱས་ནས་འདི་འདྲ་ཚོགས་ཆོག་གི་ཡོད་རེད། འདི་ནི་བཙན་དབང་གིས་མིང་ཐོབ་བེད་སྤྱད་བྱས་དེ་མིང་གྲགས་བཟོས་པ་དང་། དཔལ་འབྱོར་མཁོར་སྒྲུབ་བྱས་པ་རང་རེད།

    ད་ལྟའི་འབུམ་རྒྱ་རེ་བྱས་པ་མང་པོ་ཞིག་གཞུང་གི་ལས་ཁུངས་རྣམས་ལ་ཕུལ་འདུག དེ་ཚོས་གནད་ཐོག་ཏུ་སྨོན་པ་ཞིག་གཏོང་རྒྱུའི་ཁག་ཐེག་སུས་བྱས་ཡོད། གཞུང་གིས་ནམ་རྒྱུན་གཏོང་བཞིན་པའི་ཚབ་ལྟ་བུ་བྱས་ནས་དེ་ཚོ་གཏོང་ན་ནི་གཏོང་དགོས་ས་དེར་ཕན་ཐོག་ཏག་ཏག་བྱུང་མེད་པ་རེད།

    དངུལ་འདི་ཚོ་བེད་སྤྱོད་གཏོང་མཁན་ཚོགས་ཆུང་ཞིག་བཙུགས་ནས། དེང་སང་བཙན་བྱོལ་ནང་གི་ལས་མེད་མང་པོ་འདི་རྣམས་དང་། གཞིས་ཆགས་ཁག་གི་གཙོས་གསར་འབྱོར་ཉམས་ཐག་འདི་ཚོ་ལ་ཁ་ཡོད་ལག་ཡོད་ཀྱི་རོགས་སྐྱོར་བྱས་ན་གང་འདྲ་འདུག་པས།

    ད་ལྟའི་སློབ་ཡོན་གྱིས་མ་དངས་ནས་ལས་ཀ་ཕྲན་ཚེགས་གཉེར་ནས་འདུག་ཡོད་པའི་གཞོན་སྐྱེས་མང་པོ་འདི་ཚོ་ལ་སློབ་ཡོན་གྱི་རོགས་རམ་བྱས་ནས་བོད་ཀྱི་ཤེས་ཡོན་པ་གསོ་སྐྱོང་བྱས་ན་གང་འདྲ་འདུག་པས། ནམ་རྒྱུན་བོད་པས་གཞན་དག་གི་སྟེང་ནས་རོགས་སྐྱོར་ཚུར་མ་རག་པ་ངུ་དགོད་བྱེད་ཀྱི་ཡོད་ཀྱང་། རང་གི་ལག་པར་དངུལ་འབྱོར་དུས་གཏོང་ས་མ་རག་པའི་ཟོལ་འདྲ་བྱས་ནས་ཡར་མར་གཏོང་བཞག་ན་ལེན་པོ་གཏན་ནས་མི་འདུག

    ད་དུང་བོད་ནང་ལ་དཀའ་ངལ་མང་པོ་འཕྲད་ཀྱིན་ཡོད་རེད། དེ་ཚོའི་ཆེད་དུ་དཀའ་ངལ་སེལ་ཐབས་ཀྱི་ཐབས་ལམ་འཐེན་ནས་རོགས་རམ་འབྱོར་ཐབས་དང་། གནས་ཚུལ་རྣམས་ཡར་རག་པའི་ཆེད་དུ་འགྲོ་སོང་གཏོང་པ་སོགས་བྱས་ན་གང་འདྲ་འདུག་པས

    Reply
  19. མནར་མེད་པ། says:
    ལོ་ 13 སྔོན།

    ཤི་རྒྱུ་གསོན་ཁྲག་མང་ཐག་ཆོད་བྱུང་འདུག བྱུང་སོང་གི་རྩིས་ཁྲ་ཁྱོད་ཚོས་གང་འདོད་རེད། མྱལ་བ་ལ་འགྲོ་ཆོག་ཆོག་གནང་ཡོད་རྒྱུ་རེད། ཟ་ལྷག་འཐུང་ལྷག་དེ་ཚོ་རྡ་ས་དང་གཞིས་ཆགས་ཁག་གི་སྣེ་ཟུར་ནས་མཐོང་རྒྱུ་ཡོད་པའི་བོད་མི་ཉམས་ཐག་དང་སྐྱོ་བོ་ལས་མེད་དེ་ཚོ་ལ་འཚོ་སྣོན་ཉུང་ཙམ་རེ་སྤྲད་ན་མིའི་ལས་ཀ་རེད། པད་ལེ་འཁྲབ་ཀྱང་ཆོས་ཀྱི་ཕྱིར་དུ་འགྲོ་གི་མ་རེད། ཁྲག་རྣག་བཙིར་བའི་སྐོར་རྫས་དང་དད་རྫས་དེ་དག་ད་ཅི་དྲག་་་་་་་་་་་་་་་་་་་་?

    Reply
  20. ནད་པ says:
    ལོ་ 13 སྔོན།

    ༸ གོང་ས་མཆོག་གིས་རྩིས་ཁྲ་ཁ་གསལ་དང་ད་དུང་དབྱིག་ཡིག་ནང་དུ་ཁ་གསལ་བཀོད་དེ་དངུལ་ལྷག་མ་རྣམས་ཁག་སོ་སོར་ཞལ་འདེབས་སུ་ཕུལ་ཏེ་གཙང་མ་ཟོས་ཞེས་བཀའ་ཕེབས་པ་དེ་ཧ་ཅང་གི་གནད་འགག་གཅིག་རེད།

    ཨ་མཆོད་ཀྱི་བཤད་པ་ལྟར་བྱུང་བ་དང་སོང་བའི་དངུལ་གྱི་གྲངས་ཀའི་ཐད་བྱུང་བའི་དངུལ་གྱི་རྗེས་སུ་༣༣༢༤༩ དང་སོང་བའི་དངུལ་གྱི་རྗེས་སུ་ཡང་གཅིག་མཚུངས་སུ་ ༣༣༢༤༩ བཅས་བཀོད་འདུག

    བྱུང་བ་དངུལ་གྲངས་ ༣༢༩༣༣༣༢༤༩ དང་སི་བ་དངུལ་ ༢༤༥༨༣༣༢༤༩ བཅས་ལས་དངུལ་ལྷག་༧༡༥༠༠༠༠༠ བཅས་བཀོད་འདུག སྤྱིར་བཏང་རྩིས་པ་ཚད་ལྡན་ཞིག་གིས་འགྲོ་གྲོན་དང་སོང་དངུལ་གྱི་སྐོར་རྩིས་ཁྲ་ཁ་གསལ་སྤུས་དག་ཚད་ལྡན་ནམ་ཡིད་རྟོན་ཕེར་བའི་རྩིས་ཁྲ་ཞིག་བཟོས་ན་དངུལ་གྱི་ལྷག་མའི་གྲངས་ཀྱི་སྐབས་སུ་ ༧༡༥༠༠༠༠༠ ལྟ་བུ་དངུལ་ལྷག་བྱེ་བ་བདུན་དང་། ས་ཡ་གཅིག འབུམ་ལྔ་ཞེས་བཀོད་དུས་རྩིས་ཀྱི་ལས་ཀར་དཽ་སྣང་དང་རྩིས་ཀྱི་གནད་འགག་ཤེས་མཁན་གྱི་མི་གཅིག་གི་ངོས་ནས་བཤད་ན་ལྷག་མ་ཧིར་སྒོར་འབུམ་ལྔ་ཏག་ཏག་གཅིག་བཀོད་ཡོད་པ་མཐོང་དུས་རྩིས་ཁྲ་དེར་སྐྱོན་གནད་གཅིག་ཡོད་པ་རང་བཞིན་གྱིས་ལྟ་དུས་ནས་ཤེས་རྟོགས་ཐུབ་ཀྱིན་རེད།

    ངས་འདིར་ཁོང་རྣམ་པས་དངུལ་ལྐོག་ཟ་བྱས་པའི་དོག་པ་བྱེད་ཀྱིན་མེད། ཡིན་ནའང་རྩིས་ཁྲ་བཟོ་དུས་གྲྭ་པ་དང་། བླ་མ། མཁན་པོ། སྤྲུལ་སྐུ་བཅས་ཀྱིས་དངུལ་རྩིས་ཚད་ལྡན་ཞིག་བཟོ་སྟངས་ཀྱི་ཤེས་ཡོན་དང་ཉམས་མྱོང་བཅས་མེད་སྟབས་རང་བཞིན་སྐྱོན་ཆ་ཞིག་ལྷག་གིན་ཡོད་པ་རེད།

    དཔེར་ན་སྤྱིར་བཏང་གི་ཤེས་ཡོན་ཁྱོན་ནས་མེད་པའི་མི་གཅིག་ལ་དྲི་བ་ཞིག་བཏང་ནས་ཁྱེད་ཀྱི་བྱས་ན་དུས་འཁོར་ཆེན་སྐབས་སུ་སྦྱིན་བདག་དང་མི་དམངས་མི་གྲངས་འབུམ་གཉིས་ཙམ་ཞིག་གིས་ཞལ་འདེབས་ཕུལ་བ་དང་འགྲོ་སོང་གི་ལྷག་མ་དེར་འབུམ་ལྔ་ཏག་ཏག་ལྷག་སྲིད་པ་རེད་དམ་ཞེས་དྲིས་ན་ཕལ་ཆེར་ཁོས་ཚོད་དཔག་ཁོ་རང་བྱས་ནའང་མཇུག་གི་འབུམ་ལྔ་ཏག་ཏག་གཅིག་གྲངས་འདི་འདྲ་ཞིག་ཡོང་མི་སྲིད་པ་རེད་སྙམ་ཞིག་རྩིས་ཀྱི་ཤེས་ཡོན་མེད་ཀྱང་རང་བཞིན་གྱིས་བློ་ལ་ཤར་ཐུབ་པའི་གནས་སྟངས་གཅིག་རེད།

    དེ་ནས་གསར་འགོད་པ་ཚོས་སྦྱིན་བདག་གཅིག་རང་གི་མིང་སྦོས་ནས་མ་བསྡད་པར་ཁྱོན་སྦྱིན་ག་ཚོད་ཡོད་པ། སུ་སུ་ཡིན་པ། ག་གནས་ཡིན་པ། དངུལ་ག་ཚོད་ཙམ་སྦྱིན་བདག་གནང་བའི་ཁ་གྲངས་བཅས་གསལ་པོར་བཀོད་དགོས། སྦྱིན་འདི་ཚོ་སྤྱི་ཚོགས་འཁྲོད་དཔལ་འབྱོར་གྱི་ཤུགས་རྐྱེན་ཆེན་པོ་ཤ་སྟག་ཡིན་ལ་ལྷག་སྦྱིན་བདག་ཚོར་མཚོན་གཅིག་ནས་བསོད་ནམས་བསགས་པ་དང་། གཉིས་ནས་རང་ཉིད་ཀྱི་ཁྱིམ་བརྒྱུད་སོགས་སྙན་གྲགས་མི་ཉམས་པ་དང་། གསུམ་ནས་དཔལ་འབྱོར་བདེ་སྤྱོད་ཚུལ་བཞིན་གཏོང་བའི་གནས་སྟངས་དེ་སྤྱི་ཚོགས་སྟེང་མི་དམངས་རྣམས་ཀྱི་ཤེས་རྟོགས་ཐུབ་དགོས་པ་དེ་གནད་འགག་གཅིག་ཆགས་ཀྱི་ཡོད་པ་རེད།

    གསར་འགོད་པ་འདི་ཚོར་ཀླད་པ་སྨིན་པའི་ཤེས་ཚད་མེད་ཙང་ལས་དོན་གྱི་གནད་འགག་དེ་ཤེས་ཀྱིན་མི་འདུག

    གསུམ་པ་དེ་རྩིས་ལྷག་གི་མ་དངུལ་རྣམས་འབུམ་ ༡༠༠ རེ་ཏག་ཏག་གཅིག་བཟོས་ནས་ཁ་ཤས་གཅིག་ལ་རྡོག་རྡོག་ཏུ་བསྒྲིལ་ནས་སྤྲོད་སྟངས་དེ་ཕལ་ཆེར་ངས་བལྟས་ན་འོས་མཚམས་ཞིག་མཐོང་མ་སོང་། གང་ཡིན་ཟེར་ན་དཔེར་ན་བོད་ཀྱི་གཞོན་ནུ་ལྷན་ཚོགས་འདིས་སྔ་ཕྱིར་སྤྱི་ཚོགས་སྟེང་དུ་ཞབས་འདེགས་རབ་དང་རིམ་ཞུས་པ་རེད་ལག་ད་རེས་ཡང་ཧ་ཅང་གིས་ལས་དོན་ཚགས་ཚུད་དང་སྤྱི་ཚོགས་ཀྱི་ཞབས་ཞུ་གང་མིན་ཚད་གཅིག་བསྒྲུབས་སོང་། ད་བཞིན་བུད་མེད་ལྷན་ཚོགས། ད་དུང་བོད་མིའི་སྤྱི་ཚོགས་ཁྲོད་ཆབ་སྲིད་ཀྱི་ལས་འགུལ་སྤེལ་མཁན་རིགས་དགུ་བཅུ་གསུམ། འགྲོ་བ་མིའི་ཐོབ་ཐང་། མང་གཙོ་ཚོགས་པ་ལ་སོགས་ཁྱོན་ཡོངས་ལ་འབུམ་༥༠ ཙམ་རེ་བྱས་ཏེ་ཕུལ་གོ་འགཻམས་ཐུབ་ན་གནད་དུ་སྨིན་པ་ཞིག་ཡོངས་ཀྱི་རེད།

    ཆོས་ཕྱོགས་དང་། གྲྭ་བཙུན། བླ་སྤྲུལ། དགོན་སྡེ་སོགས་རྐྱང་རྐྱང་ཐོག་འགྲོ་གྲོན་གཏོང་རྒྱུ་མང་དྲགས་ན་ཉིན་གཅིག་བོད་རྐུབ་ལུག་པའི་ཉི་མ་དེ་ཤར་གྱི་རེད། དེ་སྔ་ཡིན་ནའང་ཆོས་ཕྱོགས་ཁོ་ན་ཆེད་དུ་དངུལ་བཏང་། ཉིན་མ་བསྐྱལ། དུས་ཚོད་བཏང་བ་རེད། མཐུག་ཏུ་ག་རེ་བྱུང་སོང་ལྟོས་དང་། ད་ལྟའི་གནས་སྟངས་ཐབས་སྡུག་འདི་འདྲའི་སྒང་ལ་སླེབས་པ་རེད།

    ངས་ལོ་མང་རིང་བསམ་གཞིགས་གང་མང་བྱས་པ་བརྒྱུད་ཤེས་རྟགས་དང་མྱོང་ཚོར་ཐོག་ནས་བྱས་ན་བཙན་བཅོལ་ཁྲོད་དི་བོད་མིའི་གནས་སྟངས་ཀྱི་ངོས་ནས་བཤད་ན་གཞིས་ཆགས་ཁག་ཏུ་ཡོད་པའི་མི་དམངས་རྣམས་དཔལ་འབྱོར་གྱི་གནས་སྐྱོ་པོ་རེད། གདན་ས་ཁག་དང་། དགོན་སྡེ་ཁག་གི་ཁང་པ་རྣམས་ལྷ་ཡུལ་གྱི་ཕོ་བྲང་ས་ལ་ཕོས་པ་ལྟར་རེད། འཚོར་གནས་དང་མཐུན་རྐྱེན་དེ་ཚོར་བསམས་ན་དཔེ་མི་སྲིད་པའི་ཡག་པོ་རེད།

    མི་དམངས་ཀྱི་འཁྲོད་དུ་ད་དུང་ཡང་ས་ཆ་འགའ་ཤས་ཤིག་ལ་ཉིན་རེའི་ཟ་མ་ཡང་བཟའ་རྒྱུའི་དཀའ་ངལ་ཡོད་པ་འགའ་ཤས་ཤིག་ན་ནིང་སྤྱི་འཐུས་ཚོས་ཕྱོགས་བསྐྱོད་བྱས་པའིསྐབས་སུ་དངོས་སུ་མཐོང་ཐོས་བྱུང་ཡོད་པ་རེད།

    དེ་འདྲ་སོང་ཙང་ད་མི་དམངས་དང་། ཆབ་སྲིད་ཀྱི་ཆེད་དུ་ལས་འགུལ་དང་། དཔལ་འབྱོར། མཐུན་རྐྱེན་སོགས་བསྐྲུན་དགོས་རྒྱུ་དེ་གལ་ཆེ་ཤོས་ཤིག་ཆགས་ཀྱིན་ཡོད་པ་རེད།

    བསམ་བློ་ཡག་པོ་བཏང་ནས་ལས་ཀ་མ་བྱེད་མ་ཐུབ་ན་རང་སྲིད་དགྲ་ལ་ལོག་ནས་རང་ཉིད་ཀྱི་མི་དམངས་དང་ཆབ་སྲིད་རང་ཉིད་ཀྱིས་ཉམས་དམས་སུ་བཏང་དང་གཏོང་བཞིན་འདུག

    Reply
  21. རྫ་ཚེ་རིང་བཀྲ་ཤིས། says:
    ལོ་ 13 སྔོན།

    བསམ་ཚུལ་འདོན་ན་ཨ་མཆོད་ཀྱིས་བཏོན་པ་ནང་བཞིན་དགོས་པ་རེད།
    གཅིག་རང་ཉིད་ཀྱིས་དངོས་མྱོང་བའི་གནས་ལུགས་དྲངས་པ་དང་། དེ་ལས་ཀྱང་གལ་ཆེ་བ་ཞིག་ནི་མཚན་དངོས་སུ་འཁོད་པའི་སྒོ་ནས་གསུངས་པ་དེ་རེད།

    Reply
  22. ཤ་ཀླན་འཇམ་དབྱངས་གྲགས་པ། says:
    ལོ་ 13 སྔོན།

    ས་ཡ་དང་བྱེ་བ། དུང་ཕྱུར་སོགས་བོད་ཀྱི་ཐ་སྙད་ཁུངས་ཡོད་རེད། འབུམ་བརྒྱ་དང་ཁྲི་བཅུ་གཅིག་སོགས་ལ་ཞིབ་ཏུ་བསམས་ན་མི་དགའ་འམ།

    Reply
  23. Nyimatsering says:
    ལོ་ 13 སྔོན།

    གསར་འགོད་པ་བན་ཏེ་སྐྱབས་ལགས། གོང་གི་གསར་འགྱུར་འདི་ལེ་ལོ་དང་སླ་བཅོས་ཀྱིས་བྲིས་འདུག གསར་འགྱུར་གཞན་དག་ནང་སླེབས་པའི་གནས་ཚུལ་ནང་ཐོན་པ་ལྟར་ན་ད་ལོའི་དུས་འཁོར་དབང་ཆེན་སྐབས་ཀྱི་སྦྱིན་བདག་གཙོ་བོ་ཨ་རུ་ཎ་ཅལ་བློ་ཆེན་གྱི་ནང་མི་དང་། སྦྱིན་བདག་གཞན་དག་རེ་རེ་ཡིས་ངོས་ནས་དངུལ་ག་ཚོད་སྤྲད་ཡོད་པ་ཁ་ཁ་སོ་སོ་བྱས་ཏེ་གསལ་འགྲེལ་བྱས་འདུག་པའི་མི་ཚད། རྩིས་ཁྲ་རྒྱག་སྟངས་དང་འགྲོ་སོང་གཏོང་ཡུལ་བཅས་ཀྱང་གཅིག་གཅིག་གཉིས་གཉིས་བྱས་ཏེ་བཀོད་འདུག ཁྱེད་ཀྱིས་འདི་ལ་གསར་འགྱུར་ཞིབ་ཚགས་ཀྱིས་མི་འབྲི་དོན་གང་ཡིན་ན། བོད་ཀྱི་དུས་བབ་ཀྱི་གསར་འགྱུར་ལ་འགན་མ་འཁུར་བ་ཡིན་ནམ། དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཕྱག་ལས་ལ་རྒྱབ་སྐྱོར་གནང་འདོད་མེད་པ་ཡིན།

    Reply
  24. བཀྲ་ཤིས། says:
    ལོ་ 13 སྔོན།

    ད་རུང་བོད་ནས་ཕེབས་པའི་བླ་སྤྲུལ་ཚང་མ་མི་སྐྱ་དང་ཐོབ་ཐང་གཅིག་མཚུངས་བཟོས། བཙན་བྱོལ་ནང་ན་་་མཁན་བླ་དགེ་བཤེས་་་ཟེར་ལག་ཁྱེར་དམིགས་བསལ་ཅིག་སྤྲད་དེ་གསར་འབྱོར་ལ་མཐོང་ཆུང་བྱས་སོང་། ད་རུང་བཤད་ན་གསར་འབྱོར་ཡིན་པ་རྒྱལ་བ་རིན་པོ་ཆེས་ངོས་འཛིན་བྱས་པའི་ཡི་གེ་སྟོན་གྱི་ཡོད་མཁན་མཁན་ཚོར་དམིགས་བསལ་བྱས་འདུག དེ་ཡང་ཡག་པོ་མ་རེད་་དེ་འདྲ་བྱས་ན་ཡག་པོ་མི་འདུག

    གུར་ཕུགས་ས་་་ས་ཐག་རིང་བའི་སྐྱོན་འདུག

    ད་རུང་གསར་འབྱོར་འགྲོ་ས་འི་ལུས་བཤེར་བྱེད་མཁན་དེ་ཚོས་་་ཞོགས་པ་སྔ་མོ་ཆོས་ཞུ་ལ་འགྲོ་དུས་་ཁོང་ཚོས་ཞོགས་ཇ་འཐུང་ལ་འགྲོ་རྒྱུ་ཡིན་ཟེར་ནས་་ཆུ་ཚོད་་་༣༠་་ཙམ་རེ་སྒུགས་བཅུག་ནས་གསར་འབྱོར་ལ་མཐོང་བྱས། ཁོ་རང་ཚོ་རེས་མོ་བྱས་ནས་ལས་ཀ་མ་བྱས་པ་སོགས་མང་ནི་རེད་།

    Reply
  25. བཀྲ་ཤིས། says:
    ལོ་ 13 སྔོན།

    ད་ལོའི་རིས་མེད་སྨོན་ལམ་གསུང་སྟངས་ཡག་ཏུ་ཕྱིན་འདུག ་ཡག་གི
    སྦྱི་ཡོངས་ནས་ཡག་པོ་བྱུང་སོང་། ཡག་གི
    གྲ་སྒྲིགས་ཚུད་པོ་མི་འདུག མི་ཡག་གི་
    གཞོན་ནུ་ཚོགས་པ་མེད་ན་ཕལ་ཆེར་གསར་འབྱོར་ཆོས་ཞུ་བ་མང་ཆེ་ལྷག་ཡ་རེད། མདོར་ན་ད་ལོ་གསར་འབྱོར་རྣམ་ཆོས་ཞུ་ཐུབ་པ་དེ་གཞོན་ནུ་ཚོགས་པ་དང་་གསར་འབྱོར་ཕ་ཡུལ་གཅིག་པ་རྣམ་པའི་བཀའ་དྲིན་ཡིན།
    ད་རུང་གཞོན་ནུ་ཚོགས་པ་ལ་ཞལ་འདེབས་ཏོགས་ཙམ་མེད་པ་ཡག་པོ་མི་འདུག
    དཔེ་མཛོད་ཁང་གི་འཁྲབ་ཏོ་དེ་ཚོ་ལ་་འབུམ་བརྒྱ་ག་རེ་བྱས་ནས་སྤྲད་དགོས་རེད་་་ཁོང་ཚོ་རིས་མེད་ཅིག་ཡིན་ནི་མ་རེད།

    Reply
  26. བཀྲ་ཤིས་དོན་གྲུབ། says:
    ལོ་ 13 སྔོན།

    “དུས་དབང་སྐབས་ཕྱོགས་ཡོངས་ནས་གོ་སྒྲིག་ཚགས་ཚུད་བྱུང་ཐུབ་པ། ལྷག་པར་དུ་༧གོང་ས་མཆོག་གི་སྐུ་ཕྱྭ་དང་སྐུ་ཁམས་བདེ་ཐང་ངང་དུས་དབང་ཡོངས་སུ་ལེགས་གྲུབ་བྱུང་པ་བཅས་ནི་དུས་དབང་གོ་སྒྲིག་ཚོགས་ཆུང་གི་བྱས་རྗེས་ཤིག་དང་”ཞེས་བཤད་པ་ནི་འགན་འཛིན་སྤྲུལ་སྐུ་ཐུབ་བསྟན་ཡར་འཕེལ་གྱིས་ཧམ་བཤད་མགོ་སྐོར་ཙམ་ལས་ང་ཚོ་དུས་དབང་ལ་དངོས་སུ་ཡོང་མཁན་དག་གིས་འདི་འདྲ་ཞིག་ཡིན་མིན་ཤེས་ཡོད་པས་མི་མགོ་མ་གཡོག་ཅེས་གསོལ་བ་འདེབས་བཞིན་ཡོད། མ་ཟད་ང་རང་དངོས་ནས་དུས་དབང་ལ་རྒྱ་སྒོར་ཆིག་ཁྲི་ལྔ་སྟོང་ཙམ་ཞལ་འདེབས་སུ་ཕུལ་བ་ལ་ཡང་འགྱོད་ནས་ཡོད། རྒྱུ་མཚན་ནི་ཁྱེད་གོ་སྒྲིག་པས་གོ་སྒྲིག་ཚགས་ཚུད་མེད་སྟབས་རྒྱུ་དངོས་ཆུད་ཟོས་བཏང་བ་མཐོང་ཡོད་པས་ཡིན།

    Reply
  27. ཐོ་རེངས། says:
    ལོ་ 13 སྔོན།

    དཔལ་དུས་ཀྱི་འཁོར་ལོའི་བཀོད་སྒྲིག་ཚོགས་པ་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ།
    རྒྱ་བལ་འབྲུགས་གསུམ་སོགས་ན་ཡོད་པའི་བོད་མི་རྒན་པ་བདག་མེད་དང་། དེ་བཞིན་དུ་ནད་པ་གཙོ་བོར་གྱུར་པའི་ཉམ་ཐག་གི་རིགས་ལ་རོགས་རམ་བྱེད་རྒྱུ་འདི་ནི་དཔལ་དུས་ཀྱི་འཁོར་ལོའི་དབང་གཉིས་པ་ལྟ་བུའི་དགེ་བ་སྟོབས་ཆེན་ཞིག་རེད། དེར་མ་ཟད་འཇིག་རྟེན་གྱི་ཕྱོགས་ནས་བཤད་ནའང་ཀོ་རྒྱུ་མྱོང་རྒྱུ་ཡོད་པའི་མི་ཆོས་གཙང་ཞིག་རེད་སྙམ།

    Reply
  28. ཨ་མིའི་བུ། says:
    ལོ་ 13 སྔོན།

    ༧གོང་ས་སྐྱབས་མགོན་ཆེན་པོས་འདི་ལྟར་རྩིས་ཆུབ་དགོས་སྐོར་གསུངས་མེད་ན་གལ་སོང་ཙམ་ཡང་གོ་རྒྱུ་མ་རེད། ད་བར་དུས་དབང་ཐང་ག་ཚོད་འཚོག་རེད་ད་ལོ་མ་སྟོག་ཞལ་འདེབས་དངུལ་ལྷག་མ་མེད་པ་འེ་རེད། ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅོས་ཀྱི་གྲྭ་བཙུན་ཁོངས་ཚན་རིག་སློབ་གཉེར་བ་རྣམས་ཀྱི་མཐུན་རྐྱེན་ཐེབས་རྩའི་ཆེད་ངྷ་ས་བོད་ཀྱི་དཔེ་མཛོད་ཁང་བརྒྱུད་ཧིན་སྒོར་འབུམ་བརྒྱ་ ༡༠༠༠༠༠༠༠དེ་ ཆོས་རྒྱུད་ག་གེ་མོ་མ་སྟོག་གཞན་ལ་ཕན་རྒྱུ་མ་རེད་ཡ་་་་་་་་་་་ད་བར་་

    Reply
  29. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 13 སྔོན།

    ད་དུང་དགོངས་པ་མ་འཚོམས་ཞུ་རྒྱུ་ཞིག་ལ་ཁྱེད་ཅག་གིས་བྱུང་ཧིན་སྒོར་༣༢༩༣༣༣༢༤༩་ཡོད་པ་ལས། སོང་བ་༢༥༧༨༣༣༢༤༩་ཡིན་ཚུལ་གསུང་འདུག འདི་ལ་ཡ་མཚན་འདི་སྐྱེས་བྱུང་ཏེ། བྱུང་གི་ནང་དུ་༣༣༢༤༩་ཡོད་པ་དང་སོང་གི་ནང་དུ་ཡང་༣༣༢༤༩་ཡོད་པ་གཉིས་དེ་ལྟར་འདྲ་བ་ཞིག་ལ་ཇི་ལྟར་གྱུར་བ་ཡིན་ན་ཡ་མཚན།
    ཧིན་སྒོར་སུམ་ཁྲི་སུམ་སྟོང་ཉིས་བརྒྱ་བཞི་བཅུ་ཞེ་དགུ་འདི་བྱུང་གི་སྐབས་སུ་འོང་བ་ལ་སོང་གི་སྐབས་སུ་ཡང་དེ་ལྟར་འགྲོ་དགོས་རྒྱུ་ལ་ཨང་།

    Reply
  30. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 13 སྔོན།

    ཐོག་མར་དུས་དབང་གོ་སྒྲིག་ཚོགས་ཆུང་ལ་འཚམས་འདྲི་ཙམ་ཞུ་རྒྱུ་ཡིན།
    སྤྱིར་འདིའི་སྐོར་ལ་ཁོ་བོ་ཁ་གྲགས་འདོད་མ་སྐྱེས་མོད་ཁྱེད་ཅག་གིས་”དུས་དབང་སྐབས་ཕྱོགས་ཡོངས་ནས་གོ་སྒྲིག་ཚགས་ཚུད་བྱུང་ཐུབ་པ། ལྷག་པར་དུ་༧གོང་ས་མཆོག་གི་སྐུ་ཕྱྭ་དང་སྐུ་ཁམས་བདེ་ཐང་ངང་དུས་དབང་ཡོངས་སུ་ལེགས་གྲུབ་བྱུང་པ་བཅས་ནི་དུས་དབང་གོ་སྒྲིག་ཚོགས་ཆུང་གི་བྱས་རྗེས་ཤིག་དང་།”ཞེས་བྲིས་འདུག་པ་ནི་ངོ་ཚ་མེད་པའི་ཧམ་པ་རྫབ་ཆེན་ཞིག་ཏུ་གྱུར་སོང་བས་འདིར་འདིའི་སྐོར་རང་གི་མཐོང་ཕྱོགས་ཅུང་ཟད་ཞུ་འདོད་སྐྱེས།
    ད་ལོའི་དུས་དབང་གོ་སྒྲིག་ཚོགས་ཆུང་ནི་བྱེས་རྗེས་ཕར་ཞོགས་ཚགས་ཚུད་མེད་པའི་སྐྱོན་ཆེ་ཤོས་དེར་གྱུར་སོང་། གོ་ཐོས་ལ་ཚོགས་པའི་ནང་ཁུལ་དུ་མཐུན་འབྲེལ་མེད་ཚུལ་ཞིག་འདུག་པ་བདེན་སྲིད་ལ་དེ་ལྟར་ན་དེ་འདྲ་ཞིག་ལས་ཡོང་རྒྱུ་ཡང་ཅི་ཡོད།
    ༡། དུས་བསྟུན་གོ་སྒྲིག་མེད་པ། སྤྱིར་མི་ཚོགས་ཚོད་དཔག་ལས་བརྒལ་ཡོད་པ་ལ་ཞུ་རྒྱུ་མེད་ཀྱང་མི་ཚོགས་མང་དུ་འཕེལ་བ་གཟིགས་རིམ་བཞིན་དེ་ལྟར་གྱི་གོ་སྒྲིག་ཅིག་དགོས་པ་དེ་མི་འདུག གཟུགས་མཐོང་བརྙན་ཞིག་ཡོད་པ་ནི་ཐོག་མའི་དུས་ནས་ཡོད་པ་ལ་མི་འབོར་ཚོད་དཔག་ལས་བརྒལ་རིམ་བཞིན་བརྙན་འཕྲིན་དང་སྒྲ་འཕྲིན་སོགས་ཕྱོགས་གང་མང་ལ་འཛུགས་དགོས་མོད་སྔར་ཡོད་ལས་མང་དུ་སོང་གཅིག་ཀྱང་མ་ཐོས།
    ༢། ཆོས་ཞུ་བ་ལ་ཞབས་ཞུ་མེད་པ། ཆོས་ཞུ་བ་ནི་དབང་ཞུ་བར་ཕེབས་པ་ཡིན་ཞིང་གསུང་ཆོས་ར་བར་མ་ཤོངས་མཁན་རྣམས་ཡལ་བར་དོར་བ་སོང་བ་ནོར་འཁྲུལ་ཆེ་ཤོས་དེ་ཡིན། ང་ཚོ་མཆོད་རྟེན་ཕྱོགས་སུ་སྡོད་མཁན་ལ་ནི་བུམ་ཆུ་དང་དབང་རྫས་གཞན་ཕར་ཞོགས་ཀུ་ཤ་དང་མིག་དར་སྤྲོད་མཁན་ཡང་སླེབས་མ་སོང་།
    ༣། རྒྱུ་དངོས་ཆུད་ཟོས། ཉིན་མཐའ་མའི་ཉིན་ལྟོ་གཡོ་བ་མང་དྲག་པ་དང་འགྲེམས་མ་ཐུབ་པར་སྣོད་ཆེན་དང་སྣོད་ཆེན་བྱས་འཕྱོས་སོང་བ་ཡུལ་མིའི་མིག་ལམ་དུ་ཡང་མ་མཛེས་པར་གྱུར། ཚོགས་འགྲེམས་མཁན་མེད་མི་ཐུག་ཚད་ལ་འཁྱེར་རོགས་ཞེས་ཨུ་ཚུགས་རྒྱགས་པའི་གནས་ཚུལ་འདུག ང་ཚོ་ལ་ཚོགས་རྫས་མིང་ཙམ་ཡང་བྱུང་མ་སོང་།
    ༤། གསུང་སྒྱུར་མཁན་གྱི་འཕྲུལ་རིག་ལེགས་པོ་མི་འདུག FM ཐུང་རླབས་ཀྱི་གསུང་སྒྲུར་གྱི་སྒྲ་རྣམས་ལན་མང་པོར་ཆད་འགྲོ་བ་དང་སྙོབ་ཚད་མི་འདུག དམའ་མཐར་ཡང་ཆོས་བ་གང་དུ་བསྡད་ཡོད་པ་ཙམ་ལ་སྙོབ་དགོས་ཚོད་ལ་མཆོད་རྟེན་ཕྱོགས་ལ་ཡང་ཡག་པོ་ཞིག་སྙོབ་ཀྱི་མི་འདུག
    ༥། གསུང་ཆོས་ར་བའི་ནང་དུ་ང་མ་ཐར་བས་མང་པོ་ཞུ་རྒྱུ་མེད་ཀྱང་བརྙན་འཕྲིན་ཉུང་དྲགས་པའི་ཚོར་སྣང་གསལ་བོར་བྱུང་། གསང་སྤྱོད་ཀྱང་དུས་ཐོག་གཙང་མ་བཟོ་རྒྱུ་ཡིན་ཚུལ་ཁ་པོ་གསུང་ན་ཡང་དེ་ལྟར་མེད་ཚུལ་གོ་ཐོས་བྱུང་།
    མཐའ་ན་གསུང་ཆོས་ར་བ་གང་པོ་ལ་ཡང་ཞབས་ཞུ་ཡག་པོ་ཞིག་ཞུ་མ་ཐུབ་ན་གོ་སྒྲིག་ཚག་ཚུད་ཡག་པོ་བྱུང་བ་དང་། བྱས་རྗེས་སུ་རློམ་དུ་རི་བ་ཞིག་ཅི་ཡོད། དེ་ཧམ་པ་མིན་ན་ཅི་རེད།
    དེ་ལས་ཀྱང་”༧གོང་ས་མཆོག་གི་སྐུ་ཕྱྭ་དང་སྐུ་ཁམས་བདེ་ཐང་ངང་དུས་དབང་ཡོངས་སུ་ལེགས་གྲུབ་བྱུང་པ་བཅས་ནི་དུས་དབང་གོ་སྒྲིག་ཚོགས་ཆུང་གི་བྱས་རྗེས་ཤིག་དང་།”ཞེས་ཟེར་བ་ནི་ཅི་འདྲའི་དགོད་བྲོ་བ་ཞིག་མིན་ནམ། འདི་གོ་སྒྲིག་ཚོགས་ཆུང་གི་བྱས་རྗེས་ལ་ཇི་ལྟར་གྱུར་བ་ཡིན་གསུང་རོགས་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese