མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་དམར་ལ་རྒོལ་གཏམ་བཏང་།

བོད་ཀྱི་དུས་བབ།
༢༠༡༢/༠༢/༠༢
Share on FacebookShare on TwitterShare on EmailShare on Whatsapp

གནས་ཚུལ་བཏང་འབྱོར་ལ། དེ་རིང་ཡུ་རོབ་བོད་རྒྱ་མཛའ་འབྲེལ་མཐུན་ཚོགས་དང་། བོད་རྒྱ་སོག་པོ་ཡུ་གུར་མཉམ་འབྲེལ་མཐུན་ཚོགས་ཞུ་བ་གཉིས་ཐུན་མོང་ཐོག ༼ རྒྱ་དམར་གཞུང་གིས་བོད་མིའི་ཞི་རྒོལ་ལ་ཁྲག་དྲི་བྲོ་བའི་དྲག་གནོན་ལ་རྒོལ་གཏམ ༽ ཞེས་པ་ཞིག་སྤེལ་ཏེ། བོད་ནང་རྒྱ་གཞུང་གིས་དྲག་པོའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པར་སྐྱོན་བརྗོད་བྱས་འདུག

 

བསྒྲགས་གཏམ་ནང་བཀོད་དོན། “ ཕྱི་ལོ་ ༢༠༡༢ ལོའི་དཔྱིད་གསར་དུས་ཆེན་རྗེས་ཀྱི་ཉིན་ཤས་ནང་ཟི་ཁྲོན་ཞིང་ཆེན་གྱི་ནུབ་ཕྱོགས་སུ་ཆགས་པའི་བོད་ཀྱི་ས་ཁུལ་གསེར་རྟ་དང་། མགོ་ལོག་རྔ་པ་སོགས་ཀྱི་བོད་མིས་འགྲོ་བ་མིའི་ཐོབ་དང་རང་དབང་གྱི་འབོད་ཚིག་ཐོག་ཞི་བའི་སྐད་འབོད་ལ་རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་དམག་དཔུང་གིས་དྲག་པོའི་མཚོན་ཆ་བེད་སྤྱད་དེ་དྲག་གནོན་བྱས་པ་མ་ཟད། མེ་མདའ་གང་བྱུང་བརྒྱབ་ནས་བོད་མི་དྲུག་དམར་གསོད་དང་། དེ་བཞིན་མི་ཉུང་བ་ཞིག་ལ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད། ང་ཚོའི་ངོས་ནས་དེ་ནི་མི་རིགས་ཁེར་རྐྱང་གཅིག་གི་དྲག་གནོན་མ་ཡིན་པར་ཉེ་བའི་ཆར་ནང་སོག་དང་། ཡུ་གུར་མི་རིགས་ལའང་སྔར་བས་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད། དཔེ་མཚོན་ཞིག་ཞུས་ན། རྒྱ་དམར་དབང་འཛིན་པས་ཁཱ་ཟླ་ཡི་ནང་མི་ཚང་མར་སྡུག་གཅོད་མནར་གཅོད་དང་། དེ་བཞིན་ཡུ་གུར་མི་རིགས་དང་དམངས་གཙོའི་ལས་འགུལ་བར་ཉིན་རེ་བཞིན་གནོད་འཚེ་དང་དམ་དྲག་ཇེ་ཆེར་གཏོང་བཞིན་ཡོད ” ཅེས་བཀོད་འདུག

 

བསྒྲགས་གཏམ་ནང་མུ་མཐུད་དུ་བསྟན་དོན “ ངེད་ཡུ་རོབ་བོད་རྒྱ་མཛའ་འབྲེལ་མཐུན་ཚོགས་དང་། བོད་རྒྱ་སོག་པོ་ཡུ་གུར་མཉམ་འབྲེལ་མཐུན་ཚོགས་ཀྱིས་རྒྱ་གཞུང་གིས་བོད་མིའི་ཐོག་སླར་ཡང་དྲག་གནོན་བྱས་པ་ལ་རྒོལ་གཏམ་དྲག་པོ་གཏོང་རྒྱུ་ཡིན། དེ་དང་དུས་མཚུངས་བོད་མིས་དམངས་གཙོ་དང་རང་དབང་འགྲོ་བ་མིའི་ཐོབ་ཀྱི་བདེན་པའི་འཐབ་རྩོད་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་དང་། ཞི་བའི་ལས་འགུལ་ནང་སྐུ་སྲོག་ཤོར་བ་དང་རྨས་མ་དེ་བཞིན་རྒྱ་ཡི་བཙོན་འོག་ཏུ་ཚུད་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན་ལ། རྒྱལ་སྤྱིའི་སྤྱི་ཚོགས་དང་རྒྱལ་ཁབ་ཁག་གི་སྲིད་གཞུང་གིས་དཀའ་ཚེགས་ཆེ་བའི་དུས་ཚོད་ལ་བྱ་ཐབས་ནན་ཏན་དང་ལག་ལེན་ངོ་མའི་ཐོག་ནས་བོད་མིའི་ཚོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་ཐུབ་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན། ཞེས་སོགས་བཀོད་འདུག

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

སྐར་མ ༥༧ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༡ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

ཆུ་ཚོད་ ༤ སྔོན་ལ།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡

མཆན། 6

  1. ནད་པ says:
    ལོ་ 15 སྔོན།

    ད་ལྟའི་འཆར་ང་ཚོས་བོད་རྒྱ་སོག་པོ་ཡུ་གུར་སོགས་ཀྱི་ཐུན་མོང་ཐོག་མཉམ་འབྲེལ་མི་རིགས་མཐུན་སྒྲིལ་ཚོགས་པ་ཞིག་གི་ངོས་ནས་ག་དུས་ཡིན་ནའང་སྲིད་དབང་སྒེར་སྤྱོད་ཀྱི་གཞུང་འདི་ཡང་དམངས་དག་པའི་དམངས་གཙོའི་ལམ་ཞིག་ཏུ་བསྒྱུར་ཐུབ་པའི་ངོ་རྒོལ་དང་ལས་འགུལ་བསྟུད་མར་སྤེལ་དགོས།

    དེ་ནི་གྲངས་ཉུང་མི་རིགས་ཁག་གི་རང་དབང་དང་ཐོབ་ཐང་གི་མངོན་འདོད་ཀྱང་ཡིན་ལ་རྒྱ་ནག་མི་དམངས་དུང་ཕྱུར་༡༤ ཙམ་གྱི་རེ་བ་ཡང་ཡིན།

    གང་དུ་དྲག་གནོན་ཡོད་ན། དེ་རུ་ང་ཚོས་ངོ་རྒོལ་ངེས་པར་དུ་བྱེད་དགོས།

    Reply
  2. ཤར་མདའ། says:
    ལོ་ 15 སྔོན།

    འདི་ལྟར་མི་རིགས་ཀྱི་རང་དབང་དང་ཐོག་ཐང་ཆེད་ལས་འགུལ་སྤེལ་ཐུབ་པ་ཡིན་ན་དམར་ཕྱོགས་ཚང་ཕབ་ངེས་རེད།   དུས་ནམ་ཡིན་རུང་མི་རིགས་ཀྱི་ལས་དབང་འདི་བརྗེད་ཐུབ་མེད་པ་ཞིག་ཡིན་པ་སེམས་ལ་འཛིན་རྒྱུ་གལ་ཆེན་རེད།   ད་སྐབས་དངུལ་ཅུང་ཙམ་རེ་ལག་ཏུ་རག་ན་གཞན་ཕན་ཆེད་དུ་གཏོང་བ་ལས་མི་རིགས་ཀྱི་ཆ་སྲིད་ཀྱི་དར་རྒུད་ཆེ་དངུལ་སྤྲོད་མཁན་མེད་པ་དང་བོད་མིའི་བསྟན་སྲིད་ཆེད་ཕྱག་ལས་གནང་མཁན་ཚོའི་ཆེད་དུ་ཡིན་ཟེར་ནས་དངུལ་སྤྲོད་མཁན་མེད་པ་འདི་མི་རིགས་ཀྱི་རྩ་དོན་དེ་སེམས་ལ་མེད་རྟགས་ཞིག་མ་ཡིན་ནམ།

    Reply
  3. བཙན་པོའི་བུ། says:
    ལོ་ 15 སྔོན།

    ཡོ་རོབ་ནང་ང་ཚོས་རྒྱའི་དྲག་པོའི་བྱ་སྤྱོད་དེར་ཁ་བརྡུང་བཏང་། འཇར་མཱན་ནིའི་ཅང་སཱི་ལ་རྒྱ་ནག་ལ་ཕྱིན་ཏེ་ཡོ་རོབ་ཀྱི་དཔལ་འབྱོར་དཀའ་ངལ་སེལ་རྒྱུར་རེ་བསྐུལ་ཞུ་བཞིན་ཡོད། འོན་ཀྱང་རྒྱ་གཞུང་གིས་རང་ཉིད་ཀྱི་དངུལ་ལོ་རྣམས་ཡོ་རོབ་སྐྱོབ་ཆེད་དུ་བེད་སྤྱོད་གཏོང་རྒྱུ་མིན་ལུགས་བརྗོད། དེའི་ཁར་ཨ་རིས་ཀྱང་རྒྱ་ནག་གིས་ཡོ་རོབ་ལ་རོགས་སྐྱོར་བྱེད་དགོས་པའི་གནོན་ཤུགས་སྤྲོད་བཞིན་ཡོད། འོན་ཀྱང་དཀའ་འཚེགས་སྣ་ཚོགས་ཀྱི་ཁྲོད་ནས་ཡང་སྙིང་འགྲོ་བ་མིའི་ཐོབ་ཐང་རིན་ཐང་ཆེ་བ་ཡོད་ཀྱང་དཔལ་འབྱོར་སྟོབས་ཤུགས་ཆེ་བ་ཡོད་མིན་རིམ་པས་ཤེས་ཡིན་ནོ།

    Reply
  4. བཙན་པོའི་བུ། says:
    ལོ་ 15 སྔོན།

    ཡོ་རོབ་ནང་ང་ཚོས་རྒྱའི་དྲག་པོའི་བྱ་སྤྱོད་དེར་ཁ་བརྡུང་བཏང་། འཇར་མཱན་ནིའི་ཅང་སཱི་ལ་རྒྱ་ནག་ལ་ཕྱིན་ཏེ་ཡོ་རོབ་ཀྱི་དཔལ་འབྱོར་དཀའ་ངལ་སེལ་རྒྱུར་རེ་བསྐུལ་ཞུ་བཞིན་ཡོད། འོན་ཀྱང་རྒྱ་གཞུང་གིས་རང་ཉིད་ཀྱི་དངུལ་ལོ་རྣམས་ཡོ་རོབ་སྐྱོབ་ཆེད་དུ་བེད་སྤྱོད་གཏོང་རྒྱུ་མིན་ལུགས་བརྗོད། དེའི་ཁར་ཨ་རིས་ཀྱང་རྒྱ་ནག་གིས་ཡོ་རོབ་ལ་རོགས་སྐྱོར་བྱེད་དགོས་པའི་གནོན་ཤུགས་སྤྲོད་བཞིན་ཡོད། འོན་ཀྱང་དཀའ་འཚེགས་སྣ་ཚོགས་ཀྱི་ཁྲོད་ནས་ཡང་སྙིང་འགྲོ་བ་མིའི་ཐོབ་ཐང་རིན་ཐང་ཆེ་བ་ཡོད་ཀྱང་དཔལ་འབྱོར་སྟོབས་ཤུགས་ཆེ་བ་ཡོད་མིན་རིམ་པས་ཤེས་ཡིན་ནོ།

    Reply
  5. རྐང་གསུམ། says:
    ལོ་ 15 སྔོན།

    འདི་ནི། ༡༩༠༥་ལོར་སུན་ཀྲུང་ཧྲན་གྱིས་འགོ་འདོམས་གནང་སྟེ་ཏུང་ཅིན་དུ་ཞིན་ཀྲུང་ཚོགས་པ་དང་། ཧ་ཞིན་ཚོགས་པ། ཀོང་ཕུ་ཚོགས་སོགས་མཉམ་རུབ་ཀྱིས་སྐུ་ཚབ་འཐུས་མི་བརྒྱ་ལྷག་ངོ་ཕེབས་ཀྱིས་ཚོགས་པ་དེ་གསུམ་ཟླ་བསྒྲིལ་བཏང་སྟེ་ཀྲུང་གོའི་མནའ་མཐུན་ཚོགས་པ་ཞེས་པ་གསར་འཛུགས་བྱས་པའི་རང་བཞིན་དང་ཀུན་ནས་མཚུངས་པས། ད་ནི་འདི་ལྟར་ང་ཚོས་ཤུགས་རྒྱག་དགོས་ཡ།

    Reply
  6. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    འདི་ནི་སྟག་སེང་ཁྱུང་འབྲུག་ངོ་མ་ཞིག་ཏུ་སྒྱུར་རྒྱུར་མི་རིགས་བཞི་གའི་མི་དམངས་ཚོ་ཅི་ཙམ་ཚོགས་ཞུགས་དང་མཉམ་འབྲེལ། མཉམ་ལས་ཐུབ་མིན་ལ་རག་ལས་ཡོད། མངོན་པར་བསྟོད་ཀྱང་རྗེས་སུ་འཇུག་པར་བྱའོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese