མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྐང་སྤོལ་ལོ་རྒྱུས་ཀྱི་ཉི་མ་ནག་པོ།

བོད་ཀྱི་དུས་བབ།
༢༠༡༢/༠༢/༠༢
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ལྷག་པའི་ཉིན་ཨེ་ཇིབ་ནང་རྐང་སྤོལ་རྩེད་འགྲན་སྐབས་འཁྲུག་རྩོད་ཆེན་པོ་བྱུང་སྟེ། མི་ ༧༤ ཙམ་རྐྱེན་ལམ་དུ་བཏང་ཡོད་པ་དང་། མི་བརྒྱ་ཕྲག་མང་པོར་རྨས་སྐྱོན་ཕོག་ཡོད་འདུག

ཁ་སང་ཕྱི་ཚེས་ ༡ ཉིན་ཨེ་ཇིབ་ཀྱི་པཱོར་ཊི་ (Port) གྲོང་ཁྱེར་ནང་རྒྱལ་ཡོངས་རྐང་སྤོལ་རྩེད་འགྲན་ཞིག་གི་སྐབས། ཨེ་ཇིབ་ནང་སྐད་གྲགས་ཆེ་ཤོས་ཀྱི་རྐང་སྤོལ་རུ་ཁག་ཨལ་ཨྷ་ལེ་ (Al Ahli team) དང་། པཱོར་ཊི་ས་གནས་རྐང་སྤོལ་རུ་ཁག་ཨལ་མཱ་སི་རེ་(al-Masry team) གཉིས་རྩེད་འགྲན་མཇུག་སྒྲིལ་མ་ཐག  ཨེ་ཇིབ་རྒྱལ་ས་ཀཱ་རོ་(Carior) ནས་ཡོང་པའི་ཨལ་ཨྷ་ལེ་རུ་ཁག་གི་རྩེད་འགྲན་པ་དང་ཁོ་ཚོར་དགའ་མོས་བྱེད་མཁན་གྱི་ལྟད་མོ་བའི་ཐོག་ལ། ས་གནས་རུ་ཁག་རྩེད་འགྲན་པ་དང་ཁོང་ཚོར་དགའ་མོས་བྱེད་མཁན་ཚོ་རུབ་རྒྱུགས་བྱས་ཏེ། རྩེད་ཐང་ནང་རྡོ་དང་ཤེལ་དམ་སོགས་གང་བྱུང་གཡུག་པ་མ་ཟད། མེ་རྫས་དང་གྲུ་སོགས་མཚོན་ཆ་བེད་སྤྱོད་ཀྱིས་དྲག་འཛིང་བྱས་ཏེ། མི་ ༧༤ ཙམ་ལ་སྲོག་སྐྱོན་དང་མི་བརྒྱ་ཕྲག་མང་པོར་རྨས་སྐྱོན་བཟོས་ཡོད་འདུག

ལྟད་མོ་བ་ཁག་ཅིག་གིས་གསར་ལམ་དུ་བརྗོད་པ་ལྟར་ན། ཐེངས་འདིའི་རྩེད་འགྲན་སྐབས་དམག་མིའི་བདེ་སྲུང་ཡག་པོ་མེད་པའི་ཁར། ཉེན་རྟོག་པ་དང་སྲུང་དམག་གིས་འཁྲུག་འཛིང་སྐབས་འགོག་སྲུང་མི་བྱེད་པར་རྒྱང་ནས་ལྟད་མོར་བལྟས་བསྡད་འདུག་ལ། དོན་རྐྱེན་བྱུང་རྗེས་ཨེ་ཇིབ་གཞུང་གིས་ཐད་འཕུར་གནམ་གྲུ་བཏང་སྟེ་ཨལ་ཨྷ་ལེ་རྩེད་འགྲན་པ་རྣམས་ཕྱིར་རྒྱལ་ས་ཀཱེ་རོ་རུ་མྱུར་སྐྱོབ་དང་སྨན་བཅོས་བྱེད་དུ་ཁྲིད་ཡོད་འདུག  ཉིན་དེར་རྩེད་འགྲན་ཐང་ཆེན་དུ་འཁྲུག་རྩོད་ཤི་རྨས་ཚབས་ཆེན་བྱུང་པའི་ཐད། མི་མང་གིས་གཞུང་གི་བདེ་སྲུང་དོ་དམ་གྲ་སྒྲིག་ཡག་པོ་མ་བྱུང་པའི་རྐྱེན་གྱིས་ཡིན་པའི་སྐྱོན་བརྗོད་དང་། ངོ་རྒོལ་ཤུགས་ཆེན་འབྱུང་བཞིན་པར་བརྟེན། ད་ཆར་ཨེ་ཇིབ་གྲོས་ཚོགས་ཀྱིས་ཛ་དྲག་ཚོགས་འདུ་འཚོགས་ཡོད་པ་དང་། དེ་རིང་ཞོགས་པར་ཨེ་ཇིབ་དམག་མིའི་གཞུང་གིས་ཐེངས་འདིའི་རྐང་སྤོལ་རྩེད་ཐང་དུ་འཁྲུག་འཛིང་ཁྲོད་རྐྱེན་འདས་སུ་གྱུར་པ་རྣམས་ཀྱི་ཆེད་དུ་ཉིན་གསུམ་རིང་རྒྱལ་ཡོངས་མྱ་ངན་ཞུ་རྒྱུའི་ཁྱབ་བསྒྲགས་བྱས་འདུག

ཨེ་ཇིབ་རྒྱལ་ཡོངས་རྐང་སྤོལ་རྩེད་འགྲན་སྐབས་ཀྱི་དོན་རྐྱེན་དེ་བྱུང་རྗེས། རྒྱལ་སྤྱིའི་རྐང་སྤོལ་མཉམ་འབྲེལ་མཐུན་ཚོགས་(FIFA) ཀྱི་ཚོགས་གཙོ་བྷི་ལཱ་ཊར་ (Sepp Blatter) ལགས་ཀྱིས།  དེ་ནི་རྐང་སྤོལ་རྩེད་འགྲན་ལོ་རྒྱུས་ཁྲོད་ཀྱི་ཉི་མ་ནག་པོ་ཞིག་ཆགས་ཡོད་པ་དང་། བསམ་ཡུལ་ལས་འདས་པའི་དོན་རྐྱེན་དེ་འདྲ་འབྱུང་འགྱུར་མི་ཡོང་པ་བྱ་དགོས་པ་ནན་བརྗོད་བྱས་འདུག་ལ། ཨ་ཧྥི་ར་ཀའི་རྐང་སྤོལ་རྩེད་འགྲན་མནམ་འབྲེལ་མཐུན་ཚོགས་ཀྱིས་དོན་རྐྱེན་དེར་ཆུ་ཚོད་སྐར་མ་གཅིག་རིང་མྱ་ངན་ཞུས་འདུག

ཆབ་སྲིད་དཔྱད་བརྗོད་པ་དག་གིས་ཐེངས་འདིའི་ཨེ་ཇིབ་རྐང་སྤོལ་རྩེད་འགྲན་སྐབས་ཀྱི་དོན་རྐྱེན་དེ་ནི། ཐད་གར་ཆབ་སྲིད་རྩོད་རྙོག་ཅིག་ཆགས་མེད་ཀྱང་། དོན་རྐྱེན་དེས་ཨེ་ཇིབ་ནང་ཆབ་སྲིད་བརྟན་བརླིང་མེད་པ་དང་། གཞུང་གིས་མང་ཚོགས་ཀྱི་བདེ་འཇགས་ལ་འགན་སྲུང་ཡག་པོ་བྱེད་ཀྱིན་མེད་པའི་གནས་སྟངས་ཤིག་ཆགས་ཡོད་པར་བརྗོད་འདུག  

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཤེས་རིག་བཀའ་བློན་མཆོག་གིས་ལྷོ་བྱང་གི་བོད་མིའི་གཞིས་ཆགས་དང་སློབ་གྲྭ་ཁག་ཅིག་ཏུ་འཚམས་གཟིགས་གནང་།

ཆུ་ཚོད་ ༢༡ སྔོན་ལ།
Mobile App

སྐུ་ཚབ་དོན་གཅོད་གཉིས་བསྐོ་གཞག་གནང་། 

ཆུ་ཚོད་ ༢༤ སྔོན་ལ།
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༣ པའི་མཐའ་མའི་བཅད་ཁྲ་བཏང་སོང་། 

༢༠༢༦/༡༠/༢༡
Photos: Official portraits, U.S. House of Representatives
Mobile App

ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེར་མཇལ་བཅར་ཞུས།

༢༠༢༦/༡༠/༢༡
བཀའ་ཤག་གི་གསར་འགོད་གསལ་བསྒྲགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥི་རི་ཁའི་དོན་གཅོད་ཁང་གི་གནད་དོན་ཁྲིམས་ཐོག་ནས་སེལ་བའི་རེ་སྐུལ་གནང་འདུག

༢༠༢༦/༡༠/༢༡
CFOTO/Future Publishing via Getty Images
Mobile App

ཨ་རིས་རྒྱ་ནག་གི་བཅོས་མའི་རིག་ནུས་ཌིབ་སིག་བཀག་སྡོམ་བྱས།

༢༠༢༦/༡༠/༢༠

མཆན། 6

  1. སེང་གདོང་སྐྱབས ། says:
    ལོ་ 15 སྔོན།

    རྩེད་མོ་ནི་རྩེད་མོ་རང་ཡིན་ནའང་། ལྐོག་ཞུ་བ་དང་སྐབས་འཚོལ་རང་ལུགས་པས་ལྐོག་མིག་གིས་དེ་གར་འཚང་ཁ་རྒྱབ་ཡོད་པས། བྱ་བ་གང་ཞིག་ཡིན་ཡང་ངོ་མས་དོགས་ཟོན་བྱེད་གལ

    Reply
  2. སེང་གདོང་སྐྱབས ། says:
    ལོ་ 15 སྔོན།

    ཨ་་་ཧ་ཧ།་ངོ་མས་སེམས་པ་སྐྱོ་བའི་གནས་སུ་གྱུར་འདུག དོན་དག་འདི་ལྟ་བུ་རྒྱལ་ཁབ་གང་དུའང་བྱུང་སྲིད་པ་ཞིག་རེད། དེ་བས་ན་ངོ་མས་གཟབ་གཟབ་བྱེད་རྒྱུ་གལ།

    Reply
  3. ཤིང་ལོ། says:
    ལོ་ 15 སྔོན།

    ཇག་པས་ཐུབ་ནིའི་ཐོག་ལ། རོགས་པས་ཀྱང་ཐུབ། ཟེར་བ་ལྟར་ང་ཚོ་ལའང་ཀི་འདེབས་རྒྱུ་དང་། རྡོ་འཕེན་རྒྱུ་བྱུང་ཡོད་ལ། ཇི་འདྲ་རེད་དམ། ངོ་ཚོ་རྒྱུ་དང་། ཡ་ང་རྒྱུ་ཡོད་ན། རྗེས་སུ་ཕྱོགས་ཡོངས་ལ་ཐུགས་དགོངས་བཞེས་རོགས། འདིའི་ཕྱོགས་ལ་༸བཀའ་སློབ་ཀྱང་མང་པོ་ཡོད་ལ། རྐང་ལག་ཅིག་འགུལ་ཤེས་སོང་ན་དེ་འདྲའི་ང་རྒྱལ་ཞིག དངོས་གནས་བསམ་བློ་གཏོང་དགོས་ཀྱི་འདུག་དཱ།

    Reply
  4. ཐ་ཧྭར་སྐལ་བཟང་། says:
    ལོ་ 15 སྔོན།

    ཨི་ཇིབ་ཀྱི་གནོད་འཚེ་ཕོག་སའི་ནང་མི་ཚོ་སྙིང་རྗེ།
    དོན་རྐྱེན་འདིས་ཨི་ཇིབ་ཀྱི་མི་མང་ལ་དཀའ་ངལ་ཆེན་པོ་ཡོད་པ་གསལ་བཤད་བྱས་པ་རེད་འདོད།རྒྱ་ནག་ལ་ཡང་འདི་འདྲ་བྱུང་བར་དུས་ཚོད་ཞེ་དྲག་ལྷག་ཡོད་པ་མ་རེད་བསམ།

    Reply
  5. འབྲོང་བུ་སོག་ཚ། says:
    ལོ་ 15 སྔོན།

    སྲིད་པ་ཁམས་གསུམ་འཁོར་བ་ཞེས་པའི་ཚིག་དེར་བསམ་བློ་ཞིག་ཐོངས་དང་ཐམས་ཅད་འབྱུང་རྒྱུ་དང་། སྲིད་རྒྱུ་ཡིན་པ་ཉག་གཅིག་རེད། དེ་ཙམ་དུ་མ་ཟད། དེང་སང་བླ་མ་མི་གདམ་གདོན་འདྲེ་གདམ་པའི་དུས་ཡིན་པས་ད་དུང་ཅི་རེད་སུས་ཤེས། བོད་པ་ཚོ་གཟབ་གཟབ་གྱིས་ན་དྲགས།

    Reply
  6. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    དེང་སང་རྩེད་མོ་རྩེ་སར་ཡང་དམག་གི་སྲུང་སྐྱོབ་མཁོ། མ་གཞི་ནས་རྩེད་མོ་ཚང་མ་རྩེད་མོ་མིན་པ་དང་ལྷག་པར་དུ་ཡང་ང་རྒྱལ་དང་ཧམ་སེམས་ཀྱི་རྩེད་འགྲན་འདི་རིགས་ཉེན་ཚབས་ཆེ་ཚུལ་སྐོར་ལ་དམ་པ་མང་པོས་བཀའ་སློབ་ཕེབས་མྱོང་ཡོད། ཉིན་ཞིག་ལ་རྒྱལ་སྤྱིའི་རྩེད་འགྲན་ཆེན་མོའི་དཔལ་འབར་དེ་ཡང་དུག་མཚོན་དུ་མི་འགྱུར་བའི་འགན་ལེན་སུ་ཞིག་གིས་ནུས། རང་རེས་འདི་རིགས་ལས་བསླབ་བྱ་སྔ་ལེན་གྱིས་རང་གི་ཡ་རབས་རིག་གཞུང་གི་སྲོལ་མ་ཉམས་རྒྱུན་འཛིན་བྱ་རྒྱུར་བསམ་ཤེས་ཐུབ་དགོས།
    དེ་སྔོན་བཞུགས་སྒར་རྡ་རམ་ས་ལར་ཡང་རྒྱལ་ཡུམ་ཆེན་མོའི་རྐང་རྩེད་འགྲན་སྡུར་ཞིག་ལ་དོན་རྐྱེན་འབྱུང་ཉེན་བྱས་ཏེ་འགྲན་སྡུར་མཚམས་འཇོག་དགོས་ཆགས་པ་རེད། ངོ་མ་འདང་རེ་བརྒྱབ་ན་ཕྱི་དགྲ་ལས་ལྷག་པའི་ནང་དགྲ་དག་ཀྱང་གང་ན་ཡོད་པ་དང་ནམ་ཞིག་ཐོན་མིན་ནི་ཅི་འདྲའི་བཤད་དཀའ་བ་ཞིག་མ་ཡིན་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese