མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་སྤྱི་གཉིས་ཀྱི་ལས་འགུལ།

བོད་ཀྱི་དུས་བབ།
༢༠༡༢/༠༢/༠༣
Share on FacebookShare on TwitterShare on EmailShare on Whatsapp


དེ་རིང་དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས་གཉིས་ཀྱིས་བོད་ནང་གི་གནས་སྟངས་ཐོག་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་རྒྱུའི་ལས་རིམ་བསྒྲགས་འདུག

བཀའ་ཤག་གིས་ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཁག་ལ་བཏང་བའི་བརྡ་ཁྱབ་ནང་། ཕྱི་ཟླ་ ༢ པའི་ཚེས་ ༨ རེས་གཟའ་ལྷག་པའི་ཉིན་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་འཛམ་གླིང་ཡོངས་སུ་ཉིན་བརྒྱ་དུས་གཅིག་ཏུ་བོད་དོན་ལས་འགུལ་དང་མཆོད་འབུལ་སྨོན་ལམ་གནང་དགོས་ཤིང་། ཉིན་དེར་བོད་མི་རྣམས་ཀྱིས་ངེས་པར་དུ་བོད་ཆས་གྱོན་ཏེ་ཁ་རས་ནག་པོ་དཀྲིས་ཏེ་བདེན་ཚིག་སྨོན་ལམ་འདོན་དགོས་པ་དང་། ཕྱི་ཟླ་ ༢ ཚེས་ ༢༢ ཉིན་བོད་ཀྱི་ལོ་གསར་ལ་འཁེལ་སྟབས། ཉིན་དེར་བོད་མི་ཚོས་ཆོས་ཕྱོགས་དང་སྲོལ་རྒྱུན་བྱེད་སྒོ་ཁག་མ་གཏོགས་སྤྲོ་སྐྱིད་རིགས་མི་གཏོང་རྒྱུར་འབོད་སྐུལ་ཞུ་བཞིན་ཡོད། ཅེས་བཀོད་འདུག

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བརྡ་ཁྱབ་ནང་། སྤྱི་འཐུས་ལྷན་ཚོགས་ཀྱིས་ལྡི་ལིར་བཅའ་བཞུགས་གཞུང་ཚབ་ཁག་ལ་བོད་ནང་གི་ཛ་དྲག་གནས་སྟངས་ཞུ་སྐུལ་དང་། རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ལ་སྙན་ཞུ་བསྐུར་བ། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་དཔོན་རིགས་ཁག་ལ་ཞུ་སྙན་འབུལ་རྒྱུ་དང་། རྒྱལ་ཚོགས་དྲུང་ཆེར་སྤྱི་འཐུས་ཀྱི་ཚབ་ཐུག་ཐབས་བྱ་རྒྱུ། ཕྱི་རྒྱལ་གྲོས་ཚོགས་ཁག་ཏུ་བོད་དོན་ཐོག་རྒྱབ་སྐྱོར་གྲོས་ཆོད་སྣོན་འཇོག་ཡོང་ཐབས་གནང་རྒྱུ་ཡིན་ཚུལ་སོགས་བཀོད་འདུག  

གཞན། ཞི་རྒོལ་ནང་འདས་གྲོངས་སུ་ཕྱིན་པ་དག་གི་ཆེད་ཆུ་འབྲུག་ལོའི་ལོ་གསར་སྐབས། ཆོས་ཕྱོགས་ཀྱི་བྱེད་སྒོ་ཙམ་ལས་གཞས་ཞབས་བྲོ་སོགས་མི་གཏོང་རྒྱུ་དང་། ལོ་གསར་བསང་གསོལ་སྐབས་བདེན་ཚིག་སྨོན་ལམ་དང་། བོད་སྐྱོང་ལྷ་སྲུང་འཕྲིན་བསྐུལ། གུ་རུའི་ཐུགས་དམ་གནད་བསྐུལ། གསོལ་འདེབས་བདེན་པའི་རྔ་སྒྲ་སོགས་བགྲང་གསོག་གནང་རྒྱུ། ལོ་གསར་ཚེས་གཅིག་ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཚེས་གཏོར་གྲུབ་རྗེས་ངྷ་སར་གནས་བཞུགས་སྤྱི་འཐུས་རྣམ་པས་དགོང་དྲོའི་ཆུ་ཚོད་ ༥ པ་བར་ཟས་བཅད་སྨྱུང་གནས་གནང་རྒྱུ་དང་། སྐབས་དེར་བཞུགས་སྒར་ཉེ་ཁུལ་གྱི་མི་མང་མཉམ་ཞུགས་དང་ས་གནས་ཁག་ནས་ཀྱང་དེ་ལྟར་ཡོང་བའི་འབོད་སྐུལ།

ད་ལོའི་ལོ་གསར་ནས་བཟུང་བོད་མི་གནས་ཡུལ་ས་གནས་ཡོངས་སུ་ལྷག་དཀར་ནམ་ཡིན་ལ་བོད་ཟས་དང་བོད་གོས། བོད་སྐད་བཀོལ་སྤྱོད་སོགས་བོད་པའི་ཆོས་དང་རིག་གཞུང་རྒྱུན་འཛིན་གྱི་བྱེད་སྒོ་ཁག་སྲུང་གཙི་དང་། ལོ་གཅིག་རིང་གཞིས་ཆགས་ཁག་ཏུ་ཟླ་རེའི་ལྷག་དཀར་དང་པོ་སྲུང་བརྩི་ཞུ་ཆེད། འབྲེལ་ཡོད་གོ་སྒྲིག་བྱེད་མཁན་ནས་ལྷག་དཀར་སྲུང་བརྩི་དགོས་པའི་རྒྱུ་མཚན་ངོ་སྤྲོད་དང་༸གོང་ས་མཆོག་གིས་ལྗགས་རྩོམ་གནང་བའི་ཞལ་འདོན་ཁག་བཞི་སྒྲོག་འདོན་བྱེད་དགོས། ཞེས་སོགས་བཀོད་འདུག

གསར་འགོད་པ། དོན་གྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

ཆུ་ཚོད་ ༡༦ སྔོན་ལ།
དེ་རིང་ཕྱི་ཟླ་ ༥ ཚེས་ ༢༦ ཉིན་གྱི་སྔ་དྲོར་སྐབས་བཅུ་དྲུག་པའི་བཀའ་ཤག་གི་སྲིད་སྐྱོང་མཆོག་གི་དབུས་བཀའ་བློན་རྣམ་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས་པ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་སྐབས་བཅུ་དྲུག་པའི་བཀའ་ཤག་ལ་འཐོན་མཇལ་བསྩལ།

ཆུ་ཚོད་ ༡༧ སྔོན་ལ།
ཨོ་གླིང་གི་གྲོང་ཁྱེར་སི་ཌི་ནི་ (Sydney) ཡི་ཉེ་འགྲེམ་རི་སྔོན་པོ་ (Blue Mountain) རུ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་འཚོག་བཞིན་པ། པར་རང་བཙན་ཚོགས་ཆེན་གྱི་ངོ་དེབ་ནས་བླངས། ༢༠༢༦།༥།༢༣
Mobile App

རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་ཨོ་གླིང་ནས་མཇུག་བསྒྲིལ།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

དྷ་རམ་ས་ལར་བོད་ཀྱི་རིག་གཞུང་དུས་སྟོན་འཚོག་རྒྱུ་རེད་འདུག

ཆུ་ཚོད་ ༡༨ སྔོན་ལ།
བོད་སྟེང་ཆེན་རྫོང་ནས་དབྱར་རྩྭ་དགུན་འབུ་བརྐོ་ཆོག་པའི་དཔང་ཡིག་མེད་པར་འབུ་བརྐོས་པའི་ཉེས་མིང་འོག་བོད་མི་ ༣༥ འཛིན་བཟུང་བྱས། དེ་འབྲེལ་གཞུང་ཕྱོགས་ཀྱི་གསར་འགྱུར་གྱི་པར། ༢༠༢༦།༥།༡༢
Mobile App

དབྱར་རྩྭ་དགུན་འབུ་བརྐོ་མཁན་བོད་མི་ ༣༥ འཛིན་བཟུང་བྱས།

༢༠༢༦/༠༥/༢༥
ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མའེ་ཁལ་མེག་ཁོལ་ (Michael McCaul) ལགས་དང་ཨ་རིའི་གྲོས་ཚོགས་འཐུས་མི་དང་བོད་དོན་ཁྲིམས་འཆར་འདོན་མཁན་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) ལགས་རྣམ་གཉིས། ༢༠༢༦།༠༥།༢༥ དུས་བབ་གསར་ཁང་ནས་པར་སྒྲིག་སྦྱོར་བྱས།
Mobile App

བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་དགོས་པའི་ཁྲིམས་འཆར་ཆེད་འདོན་གནང་།

༢༠༢༦/༠༥/༢༥

མཆན། 9

  1. ཀུན་དགའ། says:
    ལོ་ 14 སྔོན།

    ང་ཚོ་རང་དབང་ལུང་པར་སྡོད་པའི་བཙན་བྱོལ་གཞུང་དང་མི་མང་གིས་ཁ་སང་དེ་རིང་གི་ཛ་དྲག་གནས་བབ་འདི་འདྲའི་སྐབས་སུའང་སྔར་བཞིན་བསྔོ་སྨོན་མཆོད་འཔུལ་དང་། འདས་པོ་ཚོའི་གྲངས་འབོར་གསལ་བསྒྲགས་ཙམ་གྱིས་བོད་ཀྱི་རྩ་དོན་འགྲུབ་མི་སྲིད་ལ། གཞིས་ལུས་བོད་རྒྱ་ཆེའི་མི་མང་གིས་ང་ཚོར་བཅངས་པའི་རེ་བ་དང་ཡིད་ཆེས། ལྷག་དོན་ང་ཚོ་གངས་ཅན་པའི་སྤྱི་དོན་དུ་གཤེགས་ཟིན་པའི་དཔའ་བོ་དཔའ་མོ་ཚོའི་དམིགས་འདུན་དང་ཐུགས་སྨོན་གྱི་ཆ་ཤས་ཙམ་ཡང་སྐོང་ག་ལ་ཐུབ། གང་ལྟར་ཇི་ཡང་མི་འཇོན་གང་ཡང་མི་ཐུབ་ན་བཙན་བྱོལ་གཞུང་གི་རང་མདོག་ངོ་མ་དེ་གཞིས་ལུས་བོད་རྒྱ་ཆེའི་མི་དམངས་གཙོས་འཛམ་གླིང་ཡོངས་ལ་དམར་རྗེན་དུ་བསྟན་ན་མི་བཟང་ངམ།
    བཙན་བྱོལ་བཀའ་སྤྱི་གཉིས་ལ་འདྲི་རྒྱུར། བོད་རྒྱ་ཆེའི་མི་མང་གི་དགོས་འདུན་དང་། འདས་ཟིན་པའི་དཔའ་བོ་དཔའ་མོ་ཚོའི་རེ་ལྟོས་ནི་མཆོད་འབུལ་བསྔོ་སྨོན་དང་ནམ་ཞར་གྱི་ཁ་གཡང་དེའི་ཆེད་དུ་རེད་པས????????????

    Reply
  2. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ལས་འགུལ་འདི་རིགས་ལ་གུས་བརྩི་དང་རྒྱབ་སྐྱོར་ཞུ། ལྷག་པར་ལྷག་དཀར་གྱི་ལས་གཞི་རྒྱུན་འཁྱོངས་ཀྱིས་རྒྱ་ཁྱབ་ཏུ་སྤེལ་རྒྱུར་ད་དུང་ལས་གཞིའི་རྣམ་གྲངས་ཇེ་མང་དུ་གཏོང་འོས། དེ་ཡང་ཚོགས་པ་དང་མི་སྒེར་ངོས་ནས་རང་དབང་གིས་སྤེལ་འཐུས་པ་ཞིག་ཆགས་དགོས། ཚང་མས་སེམས་ཟུངས། ལག་ཏུ་ལོངས།

    Reply
  3. ལྗང་སྨྱུག says:
    ལོ་ 14 སྔོན།

    ཁ་སྟག་ཕུན་ཕྱོགས་ཟེར་བའི་གླུ་བ་ཞིག་གིས་བོད་ནས་བླངས་པའི་བོད་བཞས་གསར་པ། སྲིད་བློན་བློ་བཟང་སེངྒེ་ལ་བསྟོད་པ།
    གངས་དཀར་གནམ་ཟུག་ཅིང་། །ཉི་ཟླ་མཉམ་དུ་ཤར་བ། །རྫོགས་ལྡན་གསར་པའི་སྐུ་མགྲོན། །བསུ་བའི་ལས་སྐལ་ལྕི་མོ། །མི་འཇིགས་ཕྲག་པར་ཁྱེར་མཁན། །གྱད་མི་བློ་བཟང་སེངྒེ། །སྲིད་བློན་ལགས། མང་པོའི་དཔུང་གིས་བཏེག་པའི། །གནམ་གྱི་སྲས་པོ་ཡིན་ཡང་། །གསེར་གྱི་ཁྲི་ལས་ཕབ་མཁན། །ཕ་མེས་བཙན་པོའི་རྐང་རྗེས། །ཟིན་པའི་བརྡ་ལན་སྤྲོད་མཁན། །དཔའ་བོ་བློ་བཟང་སེངྒེ། །སྲིད་བློན་ལགས། བཙན་དབང་གཉའ་གནོན་ཞིག་ལ། །ཞེན་ཁ་གཏིང་ནས་ལོག་པས། །གངས་ཅན་བོད་མིའི་སྐྱིད་སྡུག། ཐབས་དང་རྒྱུ་ལ་མི་བསྐུ། །ཆོལ་གསུམ་གཅིག་ཏུ་སྒྲིལ་མཁན། །དེད་དཔོན་བློ་བཟང་སེངྒེ། །སྲིད་བློན་ལགས། མང་པོའི་ཕྱོགས་སུ་མི་རྒྱུགས། །ཞེན་པའི་མཐའ་ལ་མི་ལྷུང་། །གཞིས་བྱེས་བོད་མའི་ཁ་ཕྱོགས། །བཅོས་བསྒྱུར་གསར་གཏོད་བརྒྱུད་དེ། །རང་དབང་རང་གིས་ལེན་མཁན། །མཛངས་མི་བློ་བཟང་སེངྒེ། །སྲིད་བློན་ལགས།
    བཀའ་ཤག་གིས་རྟག་པར་སྨོན་ལམ་དང་མཆོད་འབུལ་རྐྱང་གནང་ནས་བསྡད་ན་འགྲིགས་སམ། གཤམ་གྱི་དྲྭ་བྱང་དེའི་ཐོག་གཅིག་གཟིགས་དང་། ངེས་པར་ཏུ་བླ་བཟང་སེང་གེ་ལགས་ཀྱིས་གཟིགས་རོགས།

    http://www.facebook.com/photo.php?v=349813521710417

    Reply
  4. ཤར་མདའ། says:
    ལོ་ 14 སྔོན།

    ཐུགས་རྗེ་ཆེ་ངོ་མ་ཡག་པོ་རེད་མ་གཏོགས་བོད་ནང་དུ་སྤུན་ཟླ་གང་མང་ཞིག་གི་རང་སྲོག་བློས་བཏང་ནས་བོད་མི་རིགས་ཀྱི་རྩ་དོན་ཆེད་དུ་འདི་ལྟར་དམར་གཞུང་གི་དྲག་གནོན་བྱེད་ཀྱི་ཡོད་པ་རེད།   འུ་ཚོས་མཆོད་འབུལ་དང་བསྔོ་སྨོན་རེ་འདོན་གྱི་དང་མར་མེས་ཁྲོམས་སྐོར་རེ་བྱེད་རྒྱུས་ལས་ཐབས་གཞན་མེད་པ་རེད།   འོན་ཀྱང་གང་ནུས་ཀྱི་འུ་ཚོས་ལས་འགུལ་སྤེལ་གྱི་གལ་ཆེན་རེད།   སྤྱིར་བཏང་བཀའ་ཁྲི་དང་ཚོགས་གཙོ་རྣམ་གཉིས་ཀྱི་རང་ནུས་གང་ཡོད་ཀྱི་བོད་མི་རིགས་ལ་ཞབས་ཕྱི་སྒྲུབ་ཀྱི་ཡོད་པ་ཡིད་ཆས་ཡོད་བཀའ་དྲིན་ཆེ།  

    Reply
  5. བྱམས་རྒྱལ། says:
    ལོ་ 14 སྔོན།

    མྱ་ངན་དང་ མཆོད་འབུལ་ ཞུ་ དགོས་ངེས་རེད་ འོན་ཀྱང་དེ་ནས་ མཆོད་ཁང་དང་ ཚོགས་ཁང་སོགས་སུ་མ་ཡིན་པ་ ས་གནས་སོ་སོའི་རྒྱ་ནག་གཞུང་ཚབ་ཁང་དང་ གནད་ཡོད་ས་གནས་སོགས་ ཀྱི་མདུན་དུ་ གནང་ན་ གནས་ཚུལ་ཕྱིར་བསྒྲགས་འགྲོ་རྒྱུ་ ཕན་ཐོགས་ཆེ་བ་སྙམ་།

    Reply
  6. ཀུན་དགའ། says:
    ལོ་ 14 སྔོན།

    ང་ཚོ་རང་དབང་ལུང་པར་སྡོད་པའི་བཙན་བྱོལ་གཞུང་དང་མི་མང་གིས་ཁ་སང་དེ་རིང་གི་ཛ་དྲག་གནས་བབ་འདི་འདྲའི་སྐབས་སུའང་སྔར་བཞིན་བསྔོ་སྨོན་མཆོད་འཔུལ་དང་། འདས་པོ་ཚོའི་གྲངས་འབོར་གསལ་བསྒྲགས་ཙམ་གྱིས་བོད་ཀྱི་རྩ་དོན་འགྲུབ་མི་སྲིད་ལ། གཞིས་ལུས་བོད་རྒྱ་ཆེའི་མི་མང་གིས་ང་ཚོར་བཅངས་པའི་རེ་བ་དང་ཡིད་ཆེས། ལྷག་དོན་ང་ཚོ་གངས་ཅན་པའི་སྤྱི་དོན་དུ་གཤེགས་ཟིན་པའི་དཔའ་བོ་དཔའ་མོ་ཚོའི་དམིགས་འདུན་དང་ཐུགས་སྨོན་གྱི་ཆ་ཤས་ཙམ་ཡང་སྐོང་ག་ལ་ཐུབ། གང་ལྟར་ཇི་ཡང་མི་འཇོན་གང་ཡང་མི་ཐུབ་ན་བཙན་བྱོལ་གཞུང་གི་རང་མདོག་ངོ་མ་དེ་གཞིས་ལུས་བོད་རྒྱ་ཆེའི་མི་དམངས་གཙོས་འཛམ་གླིང་ཡོངས་ལ་དམར་རྗེན་དུ་བསྟན་ན་མི་བཟང་ངམ།
    བཙན་བྱོལ་བཀའ་སྤྱི་གཉིས་ལ་འདྲི་རྒྱུར། བོད་རྒྱ་ཆེའི་མི་མང་གི་དགོས་འདུན་དང་། འདས་ཟིན་པའི་དཔའ་བོ་དཔའ་མོ་ཚོའི་རེ་ལྟོས་ནི་མཆོད་འབུལ་བསྔོ་སྨོན་དང་ནམ་ཞར་གྱི་ཁ་གཡང་དེའི་ཆེད་དུ་རེད་པས????????????

    Reply
  7. སྐར་མདའ། says:
    ལོ་ 14 སྔོན།

    རང་གི་རྐང་པ་རང་གིས་མར་འཐེན་མཁན་ཞིག་གིས་ལས་འགུལ་འདི་འདྲ་ཞིག་མ་གཏོགས་ནམ་ཡང་ནུས་ཀྱི་མ་རེད། ནམ་ཡང་ཞལ་འདོན་དང་མཆོད་འབུལ་སྨོན་ལམ་འདྲ་བོའི་ལས་འགུལ་བྱབ་ཆུང་རྐྱང་གིས་བོད་ཀྱི་རྩ་དོན་ཕར་འགྱངས་བྱེད་ཀྱི་རེད། བོད་ཀྱི་དཔའ་རྒོད་ཚོས་བསྒྲགས་དང་སྒྲོག་གིན་ཡོད་པའི་ཁ་གཡང་དེ་དག་རྒྱབ་ལ་བཞག་ནས་དེ་ལས་ལྡོག་ཕྱོགས་ཀྱི་ལས་དོན་རྐྱང་རྐྱང་བྱས་སྡོད་ཀྱི་རེད། ད་་་་ལས་ཀྱི་སྣེ་མོ་འདི་ཚོ་ལ་ཡིད་ཆེས་འདུག་གམ། སེང་གེས་བསྒྲགས་པའི་གསར་བཏོད་ནི་མགོ་འདོགས་ཀྱི་ལས་ཀ་འབའ་ཞིག་རེད་འདུག་ག་་་་་

    Reply
  8. བློ་བཟང་། says:
    ལོ་ 14 སྔོན།

    བཀའ་སྤྱི་ཡི་ལས་འགུལ་ཞིག་ལབ་དུས་དགའ་འོས་མོ།འོན་ཀྱང་མཆོད་འབུལ་སྨོན་ལམ་དང་ཞལ་འདོན་ཞེས་ཟེར་དུས་ངུ་བྲོ་ཞིང་སེམས་ཤུགས་གཏིང་ནས་ཆགས། ད་དངོས་གནས་གངས་ཅན་སྐྱིད་གཤོངས་ཆབ་སྲིད་ཀྱི་སྲིད་བྱུས་ཤིག་མེད་དམ། ཁ་གསལ་བོ་བཟོས་རོགས།

    Reply
  9. ཤིང་ལོ། says:
    ལོ་ 14 སྔོན།

    རེད་རེད། མར་མེད་ཅང་རྩམ་པ་ཕུར་ཕུར་གཏོང་དགོས་པ་དང་། ཇ་མེད་རུང་ཇ་དེམ་གནམ་ལ་བཀྱགས་ན་ལོས་བཟང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese