མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆིག་སྒྲིལ་ནི་རྒྱལ་ཁའི་རྨང་གཞི་ཡིན།

བོད་ཀྱི་དུས་བབ།
༢༠༡༢/༠༢/༠༣
Share on FacebookShare on TwitterShare on EmailShare on Whatsapp

                                                                         རྡོ་རྗེ་རིན་ཆེན།

འདས་པའི་མི་ལོ་ལྔ་བཅུའི་རིང་མི་རབས་གསར་རྙིང་གཉིས་ཀྱི་བོད་མི་ཚོས་རེ་བ་དང་ཡིད་ཆེས་ཁོ་ན་བསྣམས་ནས། འཐབ་རྩོད་ཀྱི་ངོ་བོ་ཡོངས་སུ་རྫོགས་པ་འཚེ་མེད་ཞི་བའི་ལས་ཁོ་ནར་གཞོལ་འཐབ་བྱས།  ཡིན་ནའང་ཕ་རོལ་ནས་གཉའ་གནོན་དང་ཐུབ་ཚོད། དྲང་བདེན་མེད་པ་སོགས་མཐར་གཏུགས་ན་མི་ལོ་ལྔ་བཅུ་ལྷག་གི་ནང་གོམ་པ་རིམ་སྤོས་ཀྱིས་མི་རིགས་འདི་ཆག་འཇིག་གི་གཡང་ས་ཞིག་ལ་འདེད་བཞིན་པའི་གནས་སྟངས་དེར།  དུས་ད་གཟོད་བོད་མི་ཚོ་ཡང་གཉིད་སད་པ་ལྟར་གྱུར་པ་མ་ཟད། རང་ཉིད་ཀྱིས་རང་ཉིད་སྐྱོབ་དགོས་པ་ཡང་ཤེས་ཏེ་འཕག་འཚག་ཆེན་པོ་ཞིག་གི་མགོ་འཛུགས་བྱེད་རྒྱུར་ངང་སྒུག་བྱེད་བཞིན་པ་འདྲ། 

 

རེད་ཡ། མང་པོ་གཅིག་ཏུ་བློ་མཐུན་ན། ཉམ་ཆུང་གིས་ཀྱང་དོན་ཆེན་འགྲུབ་ཅེས་པ་ལྟར། སྔོན་ཆད་ཀྱང་བོད་མི་རིགས་འདིས་རྒོད་ཀྱི་སྟོང་སྡེས་མཐའ་ཡི་སོ་ཁ་སྲུང་ཞིང་། སྙིང་སྟོབས་བཙན་པོས་རྒྱལ་ས་ཞི་ཨན་བརྟོལ་ཏེ་ཏེའུ་ཙང་གོང་མ་ཁྲི་ལས་ཕེབས་མྱོང་བ་མ་ཟད། མགར་གྱི་སྟོང་སྡེ་གཅིག་གིས་ཐང་དམག་བརྒྱད་ཁྲི་ཕམ་དུ་བཅུག་པ་ཡང་རྒྱ་བོད་ཡིག་རིགས་ཚང་མའི་ཁྲོད་ལྷམ་མེར་ལྷང་ངེར་མཆིས་ཤིང་། ཆོས་རྒྱལ་མེས་དབོན་རྣམ་གསུམ་སྐབས་སུམ་གཉིས་ས་ཡི་དཀྱིལ་འཁོར་ལ་མངའ་དབང་བསྒྱུར་བའི་ལོ་རྒྱུས་ཀྱི་བདེན་པ་རྣམས་ཀྱང་བོད་མི་རིགས་འདིའི་མི་རེ་ངོ་རེས་སྙིང་སྟོབས་དང་ཆིག་སྒྲིལ་བཅས་ལ་བརྟེན་ནས་བྱུང་ཡོད།

 

ངས་འདི་ལྟར་ཤོད་དགོས་པ་ནི་ད་གཟོད་ང་ཚོ་དམག་འཁྲུག་ཅིག་གི་འཐབ་རྩོད་ལ་འཇུག་པར་སྟ་གོན་བྱེད་བཞིན་མེད་ལ།  དེ་བས་ཀྱང་འཚེ་བའི་ལམ་དུ་མདུན་སྐྱོད་དགོས་པའི་གྲོས་མགོ་ཡང་འདོན་ཀྱིན་མེད་མོད། དུས་ད་ལྟ་ཕ་རོལ་ནས་བྱ་བའི་གོ་རིམ་ཡོད་ཚད་ལམ་ཁ་གཅིག་སྟེ། མདོར་བསྡུས་ན་ཁྱོད་ཤི་ང་གསོན་གྱི་གནས་སྟངས་ཤིག་ལ་ཉིན་རེ་ནས་ཉིན་རེར་སྐྱེལ་ཡོང་དུས། འདེམས་ཀ་མེད་པའི་ལམ་བུ་འདིའི་ཁྲོད་ནས།  བོད་མི་ཚོས་རྒྱ་ནག་གི་གཙོ་འཛིན་མའོ་ཡིས་བཤད་པ་ལྟར། སྐྱེས་པ་ནི་རླབས་ཆེ་ཞིང་ཤི་བའང་གཟི་བརྗིད་ཡིན་ཞེས་པའི་སློབ་གསོ་ལ་དང་འདོད་བྱེད་མཁན་ཇེ་མང་ཡིན་པ་ཉེ་རབས་ཀྱི་བྱུང་བ་དག་གིས་མཚོན་པ་མིན་ནམ།

 

དེས་ན་སྐབས་འདིར་ང་ཚོ་ཡུལ་གྱར་པའི་ཁྲོད་དབུ་མའི་ལམ་དང་རང་བཙན་གྱི་འགལ་འདུ་སོགས་སྲིད་བྱུས་གླེང་བའི་ཚོད་མིན་པར། མིག་སྔར་གཞིས་ལུས་བོད་མི་ཚོ་ཤ་ཚིག་རུས་ཚིག་གི་འབོད་སྒྲའི་རྗེས་འདེད་བྱེད་དགོས་ལ། མ་འོངས་ང་ཚོའི་སྲིད་བྱུས་ཀྱི་ཁ་ཕྱོགས་ཇི་ཡིན་དེ་ཡང་གཞིས་ལུས་བོད་རྒྱ་ཆེའི་མི་མང་ཐུན་མོང་གི་འབོད་སྒྲ་དང་མངོན་འདོད་ལ་གཞི་བཅོལ་དགོས། དེ་གང་ཡིན་ཞེ་ན་བོད་ཀྱི་གནད་དོན་མཐའ་མའི་ཐག་གཅོད་དེ་བོད་གཞིས་ལུས་མི་མང་ལ་ཡོད་ཚུལ་༸གོང་ས་མཆོག་གིས་ཡང་ཡང་གསུངས་ཟིན་ལ། དོན་དམ་དུ་ཡང་བོད་རྒྱ་ཆེ་མི་མང་བོད་དུ་ཡོད་ཅིང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་ད་ལྟའི་གཞིས་ལུས་བོད་མི་མང་ཐུན་མོང་གི་རེ་འདུན་དང་འབོད་སྒྲ་དེར་ཚད་འཛིན་བྱེད་ངེས། ལར་ནས་བོད་རྒྱ་གཉིས་ཞི་མོལ་གྱི་གླེང་སློང་བྱུང་སྐབས་ཀྱང་། དང་པོ་བོད་ནང་གི་གཞིས་ལུས་བོད་མི་ཚོའི་མངོན་འདོད་ནས་མགོ་འཛུགས་དགོས་པས་ཡིན།

 

གཞིས་ལུས་བོད་མི་རྣམས་ཤིན་ཏུ་ཐབས་ཟད་ཨུ་ཐུག་ཏུ་གྱུར་པའི་དུས་འདིར། ང་ཚོའི་ལས་འགུལ་དང་འཐབ་རྩོད་ཀྱི་གོམ་རིམ་ཡོད་ཚད་ཐབས་ཇུས་ལྡན་ཞིང་། མཇུག་འབྲས་ཡོད་པ། སྲ་བརྟན་རང་བཞིན་ཅན་དུ་འགྱུར་བར་ཆིག་སྒྲིལ་དགོས་ཤིང་ཆིག་སྒྲིལ་ནི་རྒྱལ་ཁའི་རྨང་གཞི་ཡིན། སྔོན་ཆད་རྒྱ་ནག་གི་མའོ་ཡིས་བཤད་ཀྱང་འདི་འདྲ་ཞིག་བཤད་པ་མིན་ནམ། ཏང་ནང་མཐུན་སྒྲིལ་བྱུང་ན་གཞི་ནས་གྲལ་རིམ་ཧྲིལ་བོ་དང་མི་རིགས་ཧྲིལ་བོ་མཐུན་སྒྲིལ་ཡོང་ཐུབ། དེ་བཞིན་གྲལ་རིམ་ཧྲིལ་བོ་དང་མི་རིགས་ཧྲིལ་བོ་མཐུན་སྒྲིལ་བྱུང་ན། གཞི་ནས་དགྲ་བོ་ལས་རྒྱལ་ཐུབ་ཅེས་བཤད་ཡོད།

 

ང་ཚོའི་འཐབ་རྩོད་ནི་མི་རིགས་ཤིག་དང་སྐད་ཡིག་ཅིག་གི་ཆག་འཇིག་འཐབ་རྩོད་ཡིན་སྟབས། རྒྱལ་ཁོངས་སོ་སོར་ཡོད་པའི་བོད་ཀྱི་ཆོས་བརྒྱུད་ཁག་གི་མཁན་པོ་བླ་སྤྲུལ་རྣམས་ཀྱིས་ཀྱང་རང་རང་ཐད་སོ་ནས་ནུས་ཤུགས་གང་ཡོད་འདོན་པ་དང་། དེ་བཞིན་ཆབ་སྲིད་ཐོག་ཉམས་མྱོང་ཆེ་བའི་བཀའ་ཟུར་རྣམ་པ་དང་སྤྱི་ཟུར་རྣམ་པས་ད་ལྟའི་བཀའ་ཤག་གསར་བར་དངོས་ཤུགས་བརྒྱུད་གསུམ་ནས་ཐབས་ཇུས་གཞོགས་འདེགས་གནང་དགོས། མདོར་ན་གཞིས་བྱེས་གཉིས་ཀྱི་བོད་མི་རྒན་གཞོན་ཡོད་དོ་ཅོག་གིས་རང་དོན་རང་གཅེས་ཐོག་སོ་སོའི་ནུས་ཚོད་དང་འཇོན་ཚོད་ལ་དཔག་པའི་ལས་འགུལ་སྣ་རེ་རྩོམ་པའམ་ཡང་ན་མཉམ་ཞུགས་བྱེད་པ། ཐ་ན་མཆོད་མེ་རྐང་གཅིག་དང་མ་ཎི་ཚར་གཅིག་ལས་བགྲང་སྤར་མ་ཐུབ་ཀྱང་བོད་ཀྱི་རྩ་དོན་ཐོག་སྨན་པ་ཞིག་ལ་ཚང་མས་འབད་འབུངས་བྱས་ན་ཏན་ཏན་ང་ཚོར་རེ་བ་ཞིག་ཡོང་སྲིད།


སྔ་མོ་དབྱིན་ཇིའི་སྲིད་གཞུང་རྒྱ་གར་ནས་ཕྱིར་འབུད་བྱེད་པར་རྒྱ་གར་མི་དམངས་རྣམས་ཆིག་སྒྲིལ་བྱས་ཡོད་ལ། དེ་བཞིན་འཇར་པན་གྱི་དབང་སྒྱུར་སྟོབས་ཤུགས་རྒྱ་ནག་སྐམ་ས་ནས་ཕྱིར་འབུད་གཏོང་བར་གོ་མིན་ཏང་དང་གུང་ཁྲན་ཏང་གཉིས་ཆིག་སྒྲིལ་བྱས་ཡོད། འདི་ལྟར་ང་ཚོ་བོད་མི་ཚོས་ཀྱང་ཕུགས་རྒྱང་རིང་བོར་བསམ་ཤེས་ཀྱིས་བོད་མིའི་རྩ་དོན་ཐད་སྒོ་ཀུན་ནས་ཆིག་སྒྲིལ་ཀྱི་ནུས་པ་ཞིག་འདོན་ཐུབ་བྱུང་ན། ད་གཟོད་བོད་ཀྱི་གནད་དོན་འདི་ཡང་ཉི་ཤར་གྱི་སྐྱ་རེངས་ལྟ་བུའི་དུས་ཤིག་ལ་སླེབས་ཡོད་པར་སྙམ་མོ།། 

 

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་གྱི་གཞི་རྩའི་ནང་བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དང་གཅིག་ཕན་གཅིག་རོགས་དགོས་གལ་ཆེ་སྐོར་གསུངས།

ཆུ་ཚོད་ ༩ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་སྐུ་པར།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ།

ཆུ་ཚོད་ ༡༠ སྔོན་ལ།
Image from CCTV footage shows the border in Gyirong, Tibet, China, August 26, 2026
Mobile App

ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་ཐེབས། 

ཆུ་ཚོད་ ༡༤ སྔོན་ལ།
 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༨/༢༦
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

༢༠༢༦/༠༨/༢༦
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

༢༠༢༦/༠༨/༢༦

མཆན། 5

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    ང་ཚོས་མཐུན་སྒྲིལ་ཇི་ལྟར་བྱེད་དགོས་པའི་སྐོར་ལ་བགྲོ་གླེང་དགོས་གལ་ཆེ། དཔེར་ན་རང་གཞུང་གི་བཀོད་འདོམས་འོག་ལ་ཤར་སྐྱོད་ཐུབ་བམ། ལྟ་བུར་ལན་འདེབས་དགོས། མི་ཐུབ་ན་མི་ཐུབ་ཚུལ་དང་ཐུབ་ན་ཐུབ་ཚུལ་སོགས། ངས་བལྟས་ན་ཅུང་དཀའ་སེ་འདུག་ག
    མཐུན་སྒྲིལ་གྱི་དགོས་པ་ནི་ཚང་མའི་ནུས་པ་ཁ་འཐོར་ལ་མི་འགྲོ་བར་ཁུ་ཚུར་གཅིག་བཅངས་དགོས་པ་དེ་ལོས་ཡིན།

    Reply
  2. ཚ་ཤོད་ཤེས་རབ། says:
    ལོ་ 15 སྔོན།

    ཆིག་སྒྲིལ་གླེང་གི་ཡོད་དུས། དགྱ་ནག་དམངས་གཙོ་དོན་གཉེར་བ་དང་། ཡུར་གུར་རང་དབང་རྩོད་ལེན་པ། ནང་སོག་ཐོབ་ཐང་རྩོད་ལེན་པ་ཚང་མ་དམིགས་ཡུལ་གཅིག་གི་ཐོག་ཆིག་སྒྲིལ་ཡོང་ཐབས་བྱས་ན་བཟང་།འདི་མཉམ་རྒྱལ་སྤྱིའི་ཐོག་གི་བོད་དོན་རྒྱབ་སྐྱོར་བ་ཁག་སོ་སོ། བོད་བརྒྱུད་ནང་བསྟན་ཁྱབ་ཡུལ་གྱི་ཧི་མཱ་ལ་ཡ་རི་རྒྱུད་ཁག་ཚང་མ་ནས་གཅིག་གྱུར་གྱི་རྒྱབ་སྐྱོར་ཤུགས་ཆེར་བྱེད་ཐུབ་ན་ལེགས། དགྱ་གཙོག་འདི་ཚང་གིས་བོད་ལ་དབང་བསྒྱུར་བྱས་ནས། ད་བར་བོད་མིའི་སེམས་པ་བསད་པ་དང་རྨས་པ་བགྲང་གིས་མི་ལངས། ས་ཕྱི་ཞི་རྒོལ་ཆེན་མོའི་སྐབས་སླར་ཡང་བོད་མིའི་སེམས་པ་དམར་གསོད་བྱས། ད་དུང་ཅི་ཙམ་ཞིག་གསོད་རྒྱུ་ཡིན་ནམ།

    Reply
  3. བདེ་རྒྱལ། says:
    ལོ་ 15 སྔོན།

    བོད་ནང་གི་འབོད་སྒྲ་འདི་མཉམ་དུ་ལོང་ཤོག བོད་གཞིས་བྱེས་གཉིས་ཀྱི་མཐོ་དཔོན་པོ་རྣམས་ལོང་ཤོག སྐྱབས་བླ་སྤྲུ་རྣམས་ལོང་ཤོག དམའ་མང་ཚོགས་ལོང་ཤོག གཞིས་བྱེས་གཉིས་ནས་ལོང་ཤོག བོད་མི་ཚང་མ་ལོང་ཤོག

    Reply
  4. བསོད་ནམས་རྒྱ་མཚོ། says:
    ལོ་ 15 སྔོན།

    ཆིག་སྒྲིལ་ནི་རྒྱལ་ཁའི་རྨང་གཞི་ཡིན་གསུངས་པ་དེ་ཁས་ལེན་འོས་པ་ལོས་ཡིན། མཐོ་རིམ་ནས་ཆིག་སྒྲིལ་བྱུང་ན་གཞི་རིམ་ནས་ཆིག་སྒྲིལ་རང་བཞིན་དུ་ཡོང་བ་བདེན་ན། ང་ཚོ་ངེས་པར་དུ་དང་པོར་སྤྱི་མཐུས་ནང་འགྱུར་བ་ཆེ་པོ་ཞིག་གཏང་ཐུབ་པ་དགོས་ཀྱང་། དེ་ཡང་ཁག་པོ་ཆགས་ཡོད། གང་ཡིན་ཟེར་ན།མི་དམངས་ཀྱིས་འོས་བླུག་སྐབས་སུ་སྤྱི་མཐུས་རང་འཇགས་འཇོགས་པ་མ་ཚད། སོ་སོའི་ཆོལ་ཁག་ལ་ཕྱོགས་ཞེན་ཅན་ཤ་སྟག་འདེམས་ཀྱིས་འདུག རང་རེའི་སྤྱི་ཚོགས་ཁྲོད་ཀྱི་ཕྱོགས་རེས་འདི་མགོ་ནས་དམངས་བར་དུ་ཁྱབ་ཡོད་པ་མཐོང་དུས། ད་དུང་ཡང་ཕྱོགས་ལྷུང་གི་རྨོངས་གཉིད་ལས་གྲོལ་བར་ལོ་ཤས་སྒུག་དགོས་ཀྱི་འདུག སྐབས་དེར་བོད་འདི་ཁ་ཕྱོགས་དང་གནས་སྟངས་ཅི་འདྲ་ཞིག་ཆགས་ཡོང་ན། དཀོན་མཆོག་མཁྱེན།། རང་རེས་སྤུན་ཟླ་ནང་ཁུལ་གྱི་ཞེ་འཁོན་ལ་བལྟས་ཡོང་དུས་རྒྱ་གཞུང་དང་དེའི་མི་མང་གིས་མི་རིགས་ཆེན་པོའི་རིང་ལུགས་འཛིན་པར་ཁག་ཞེ་དྲག་མེད་བ་མཐོང་སོང་། རྒྱུ་མཚན་ནི་ཁོང་ཚོར་དམར་ཤོག་གིས་གཏོང་བའི་སློ་གསོ་ལས་ཡ་རབས་སྤྱོད་བཟང་གི་སློབ་གསོ་རག་མེད། དེ་ཙམ་མ་ཚད་གྲངས་ཉུང་མི་རིགས་དང་རིག་གཞུང་གོམ་གཤེས་ཚང་མ་རྦད་དེ་ཐ་དད་རེད་ལ། མི་དམངས་ཁྱོན་ཡོངས་ལ་ཤེས་ཡོན་ཀྱི་གནས་ཚད་ཡང་ཧ་ཀྱང་སྐྱོ་པོ་ཡིན་པསོ།།

    Reply
  5. ཤར་མདའ། says:
    ལོ་ 15 སྔོན།

    སྤྱིར་རྒྱལ་སྤྱིའི་གནས་སྟངས་སོགས་གང་ལ་ལྟས་ན་རྒྱ་ནག་དམར་གཞུང་ཚང་རྟག་བརྟན་ཐེར་གཟུགས་ངང་གནས་མི་ཐུབ་པ་གསལ་བོ་རེད།  སྤུན་ཟླ་ཚོས་དུས་ནམ་ཡང་ཞི་བའི་ལས་འགུལ་སྤེལ་བ་ལས་དྲག་པོས་དབང་དུ་མི་འགྲོ་བ་བྱེད་དགོས་དེ་ལྟར་གནང་པ་ཡིན་ན་བདེན་པ་ལ་མཐའ་གསལ་རྒྱུ་བས་ཡིད་ཆས་ཡོད།   ཁྱེད་ཚོས་སྙིང་སྟོབས་ལ་གུས་བཀུར་དང་ཡི་རིག་ཡོད་མྱུར་དུ་དམར་ཕྱོགས་ཀྱི་བཙན་འོག་ནས་གྲོལ་བའི་སྨོན་འདུག་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese