མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ།

བོད་ཀྱི་དུས་བབ།
༢༠༡༢/༠༢/༠༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་སུ་བོད་མི་དང་བླངས་བ་ཁག་ཅིག་གིས་བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་ཆེད་ཟས་བཅད་ངོ་རྒོལ་དང་ཡིག་ཆ་འགྲེམས་སྤེལ་གྱི་ལས་འགུལ་ཞིག་མགོ་འཛུགས་བྱས་འདུག

ཟླ་འདིའི་ཕྱི་ཚེས་ ༣ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཉེ་འགྲམ་དུ་ཕ་ཡུལ་ཁམས་བྲག་མགོ་ནས་ཡིན་ཤིང་ལྷོ་ཕྱོགས་འབྲས་སྤུངས་དགོན་པའི་ནང་སློབ་གཉེར་བྱེད་བཞིན་པའི་དགེ་འདུན་པ་ ༩ དང་། གཞན་མི་སྐྱ་ ༡ བཅས་བསྡོམས་མི་བཅུ་ཡིས་མ་སྐུལ་དང་བླངས་ཐོག   བོད་ཀྱི་བདེན་པའི་འཐབ་རྩོད་ཆེད་རང་སྲོག་བློས་གཏོང་བྱེད་མཁན་རྣམས་དང་། ལྷག་པར་དུ་ཁམས་བྲག་མགོ་གཙོས་བོད་མདོ་དབུས་ཁམས་གསུམ་དུ་ཛ་དྲག་གི་གནས་སྟངས་འོག་ལྷག་ཡོད་པའི་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ཆེད། ཉིན་ ༡ རིང་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་མ་ཟད། དེ་རིང་ལྷོ་ཕྱོགས་འབྲས་སྤུངས་ནས་ནས་ལྡི་ལིར་ཕྱིན་སྟེ། ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་བོད་མིའི་བདེ་སྡུག་སོགས་ཡིག་ཐོག་ཏུ་བཀོད་དེ་ཡིག་ཆ་འགྲེམས་སྤེལ་དང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་འཆར་ཡོད་པ་མ་ཟད། ཕྱི་ཚེས་ ༨ ཉིན་ནས་མགོ་འཛུགས་བྱ་འཆར་ཡོད་པའི་གཞུང་འབྲེལ་ལས་འགུལ་མཇུག་གྲུབ་རྗེས། རྒྱ་གར་ལྷོ་ཕྱོགས་ཀྱི་བྷང་བྷེ་དང་བྷང་ལོར། པུ་ནེ་གྲོང་ཁྱེར་བཅས་སུ་གཅིག་མཚུངས་ཀྱི་ལས་འགུལ་སྤེལ་འཆར་ཡོད་འདུག

ཐེངས་འདིའི་དང་བླངས་ལས་འགུལ་བ་བཅུ་ཡིས་དམིགས་ཡུལ་གཙོ་བོ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་བོད་ཀྱི་བདེན་དོན་ཆེད་རང་སྲོག་བློས་གཏོང་གིས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་པའི་དཔའ་བོ་དཔའ་མོ་རྣམས་ཀྱི་རེ་འདུན་དང་འབོད་སྐུལ་ལ་དོ་སྣང་དང་རྒྱབ་སྐྱོར་བྱ་ཆེད་དང་། བོད་ནང་གི་བོད་མི་ཚོས་མུ་མཐུད་རང་སྲོག་བློས་གཏོང་བྱེད་ཀྱིན་པའི་ལས་འགུལ་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་ཡིན་འདུག་ལ། ཁོང་རྣམ་པས་ལས་འགུལ་སྐབས་བཀྲམས་པའི་ཡིག་ཆའི་ནང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་གཙོས་རྒྱལ་སྤྱིའི་རང་དབང་ཅན་གྱི་སྡེ་ཚན་ཁག་གིས། རྒྱ་ནག་གཞུང་གིས་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་རྩ་གཏོར་གཏོང་བཞིན་པ་དེར་གནོན་ཤུགས་སྤྲོད་རྒྱུ་དང་བོད་ནང་གནས་ཚུལ་རྟོགས་ཞིབ་ཆེད་རྒྱལ་སྤྱིའི་གསར་འགོད་པ་སོགས་ཆེད་གཏོང་གནང་དགོས་པའི་འབོད་སྐུལ་གནང་ཡོད་པ་མ་ཟད། རྒྱ་ནག་གཞུང་ངོས་ནས་ཉེ་བའི་དུས་ནས་བོད་ནང་གི་གསེར་རྟ་དང་འཛམ་ཐང་། བྲག་མགོ མགོ་ལོག རྔ་པ། ལྷ་ས་སོགས་སུ་རྒྱ་ནག་གཞུང་གིས་ལག་ཏུ་མེ་མདའ་སོགས་མཚོན་ཆ་ཅི་ཡང་མེད་པའི་བོད་མི་ཚོ་གང་བྱུང་དམར་གསོད་དང་གཅར་རྡུང་། འཛིན་བཟུང་སོགས་དྲག་སྤྱོད་ཀྱི་སྲིད་ཇུས་མཚམས་འཇོག་གིས། བོད་མི་ཞི་རྒོལ་བའི་རེ་འདུན་ལ་བསམ་གཞིགས་བྱ་རྒྱུ་དང་། ལས་འགུལ་ཁྲོད་རྨས་སྐྱོན་བྱུང་བའི་བོད་མི་ཚོར་སྨན་བཅོས་ཀྱི་མཐུན་རྐྱེན་སྤྲོད་རྒྱུ།  བཙོན་འཇུག་བྱས་པའི་བོད་མི་རྣམས་མགྱོགས་མྱུར་གློད་གྲོལ་གཏོང་དགོས་པའི་དགོས་འདུན་སོགས་བཏོན་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༢༡ སྔོན་ལ།
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡

མཆན། 2

  1. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 15 སྔོན།

    ཟླ་འདིའི་ཚེས་༣ ཉིན་བོད་མདོ་ཁམས་གསེར་རྟ་རྫོང་ཕུ་འུ་ཡུལ་ཚོ་རུ་བོད་མི་གསུམ་གྱིས་རང་ལུས་མེར་བསྲེགས་ཏེ། རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པ་དང་། བོད་མི་གཅིག་འདས་གྲོངས་སུ་སོང་ཡོད་འདུག

    མེར་བསྲེག་གཏོང་མཁན་གཅིག་ཕུ་འུ་ཡུལ་ཚོ་ཞོ་སང་སྡེ་བའི་ཚབ་ཚའི་ཚེ་རིང་དང་། (རང་ལོ་༦༠ ཡས་མས།) ཕུ་འུ་ཡུལ་ཚོ་འབུམ་ཤུལ་སྡེ་བའི་སྐྱ་རིས་(རང་ལོ་༣༠ ཡས་མས།) གཉིས་གྲོངས་མེད་པ་དང་། གཅིག་མེར་བསྲེག་བཏང་བ་དང་འདས་གྲོངས་སུ་སོང་ཡོད་ནའང་། ཁོང་ས་གནས་གང་གི་ཡིན་དང་། མིང་སོགས་གསལ་པོ་ཤེས་ཐུབ་ཀྱི་མེད་པ་རེད། དེ་བཞིན་དེང་སྐབས་ཕུ་འུ་ཡུལ་ཚོ་རུ་རྒྱ་ནག་གཞུང་གིས་དམག་ཧ་ཅང་མང་པོ་བཏང་སྟེ་དམ་དྲག་བྱེད་ཀྱི་ཡོད་པ་མ་ཟད།

    ཉེ་བའི་ཆར་ནས་བོད་མདོ་ཁམས་གསེར་རྟ་རྫོང་ཁོངས་སུ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཐེངས་མང་བྱུང་བར་བརྟེན། རྒྱ་ནག་གཞུང་གིས་དྲག་བྱས་པ་མ་ཟད། བརྒྱུད་ལམ་ཚང་མ་བཀག་འགོག་བྱས་ཡོད་པས། འབྲེལ་བ་བྱེད་རྒྱུ་ཧ་ཅང་དཀའ་ངལ་ཡོད་པ་རེད།

    ཕྱི་ཟླ་༡ ཚེས་༡༨ ཉིན་སླར་ཡང་གསེར་རྟ་རྫོང་ཕུའུ་ཤང་དུ་ཡང་རླུང་རྟའི་རྒྱབ་ངོས་སུ་བོད་དར་དང་དེའི་མཐའ་སྐོར་དུ་༧རྒྱལ་དབང་བསྟན་འཛིན་རྒྱ་མཚོ་ཁྲི་ལོ་བརྟན་པར་ཤོག བོད་རྒྱལ་ལོ།། སོགས་བྲིས་འདུག་པའི་ཡིག་ཆ་ས་གནས་གང་སར་གཏོར་འགྲེམས་བྱས་ཡོད་འདུག
    ___བོད་ཀྱི་བང་ཆེན་ནང་འདུག

    Reply
  2. བསོད་ནམས་རྒྱ་མཚོ། says:
    ལོ་ 15 སྔོན།

    ལས་འགུལ་ནི་ནུས་ཤུགས་ཆེ་ཆུང་ལ་མ་སྟོས་པར་སྤེལ་དགོས། རྗེས་སུ་ཡི་རང་ཡོད།  ལས་འགུལ་ཆེ་ཕྲ་གང་ཡིན་སྤེལ་དགོས། ཏིང་ཞོ་ཕིང་གིས་བསམ་ཚུལ་ལྟར། ཆབ་སྲིད་ནི་ཉིན་རེའི་འཚོ་བའི་ཐམས་ཅད་ལ་ཁྱབ་པར་བྱེད་དགོས།  བོད་པ་དཔའ་རྟུལ་རྣམས་ཀྱི་ཚེ་སྲོག་ཆུད་ཟོས་སུ་མི་འགྲོ་བའི་ཆེད་འཚེ་མེད་གཞིར་བཟུང་ཐོག་གང་འཇོན་ཅི་འཇོན་བྱེད་དགོས། 
    ང་ཚོ་ལངས་དགོས། རང་དབང་ལུང་པ་ན་གང་ན་སུ་བཞུགས་པ་རྣམས་ལངས་དགོས། རྒྱ་ནག་ཐེར་འདོན་བྱེད། ཁ་གཏད་གཅོག
     བོད་ནང་སྤུན་ཟླ་མེ་མདའི་ཁ་རུ་ལངས་ཏེ། ཡོད་ཚད་བློས་གཏོང་བཞིན་འདུག བཟའ་ཟླ་བུ་ཕྲུག་ཐམས་ཅད་བློས་གཏོང་བཞིན་འདུག རང་ལ་ཡོད་པའི་གཟུགས་ཕུང་ཚེ་སྲོག་དང་བཅས་པ་མེར་སྒྲོན་ཏེ་བློས་གཏོང་བཞིན་པ་རེད།  ད་ལོངས་ཤོག དམངས་གཙོའི་ཡུལ་ལ་ཡོད་མཁན་ཚང་མ་ལོངས་ཤོག ང་ཚོ་ལངས་ན་བདེ་འཇགས་ལ་ཉེན་ཁ་མེད་ལ། ཚེ་སྲོག་ལ་ཉེན་ཁ་དེ་བས་ཀྱང་མེད། ཚ་ཚ་འུར་འུར་ངང་ནས། བཙན་བྱོལ་བོད་མི་ལོངས་ཤོག བོད་རྒྱལ་ལོ།། 

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese