མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀྲུའུ་ཝེ་ཆོན་གྱི་ཁྱི་སྐད།

བོད་ཀྱི་དུས་བབ།
༢༠༡༢/༠༢/༠༤
Share on FacebookShare on TwitterShare on EmailShare on Whatsapp

སྐུ་ཞབས་ཀྲུའུ་ཝེ་ཆོན་ལགས་ཀྱི་སྐད་ཆ་འདི་རིགས་སྒེར་ངོས་ཀྱི་སེམས་གཏམ་ངོ་མ་ཞིག་ཡིན་མིན་བཤད་དཀའ་ན་ཡང། རྒྱ་ནག་གཞུང་གི་རྒྱུག་ཁྱི་ཡག་པོའི་ཁྱི་སྐད་ངོ་མ་དེ་ཡིན་པར་ཐག་བཅད་ཆོག

ཁོ་པས“ཏཱ་ལའི་བླ་མར་འཚེ་མེད་ཞི་བའི་མིང་འདོགས་པ་ནི་དགོད་གཏམ་ཁོ་ན་ཙམ་རེད”ཟེར་ བ་འདི་ཁོ་ནས་ཀྱང་ཁོས་མངོན་སུམ་ལ་བསྙོན་གྱིན་མེད་ན་ཡང་ལོག་ལྟ་བ་ཞིག་ཡིན་པ་ ཚང་མས་ཤེས་ཐུབ། ཏཱ་ལའི་བླ་མ་འཚེ་མེད་ཞི་བའི་དེད་དཔོན་དང་ཞི་བདེའི་དབུ་ཁྲིད་དོན་དམ་པ་ཞིག་ ཡིན་ཚུལ་ཁོང་གིས་༡༩༥༠(ཟླ་༡༡ཚེས༡༠)་ལོར་བོད་གཞུང་གི་ཆབ་སྲིད་དབང་ཆ་ཡོངས་སུ་བཞེས་པ་ནས་ད་ལྟའི་བར་དུ་དགྲ་ལ་གྲོགས་ཀྱི་འདུ་ཤེས་བཟུང་ནས་བོད་རྒྱའི་ཞི་ བདེའི་ཆེད་ཙམ་མ་ཟད་འཛམ་གླིང་ཞི་བདེར་སྨན་པའི་མཛད་འཕྲིན་ཅི་ཙམ་ཞིག་བསྐྱངས་ ཡོད་པ་འཛམ་གླིང་ཡོངས་གྲགས་ཡིན་པས་ངས་འདིར་ཞིབ་བརྗོད་མི་དགོས་ཀྱང། དེའི་དཔེ་མཚོན་གཙོ་བོ་ཞིག་ནི་བོད་རྒྱ་ཞི་མོལ་གྱི་དབུ་མའི་ལམ་ཆེན་གསར་གཏོད་ གནང་ནས་བོད་ཕྱི་ནང་གཉིས་ཀྱི་མི་དམངས་ཀྱིས་བོད་དོན་ལས་འགུལ་གང་སྤེལ་ཚང་མ་ འཚེ་མེད་ཞི་ལམ་ཁོ་ནར་སྐྱོད་དགོས་པར་པའི་བཀའ་སློབ་ལམ་སྟོན་རྒྱུན་མར་གནང་བ་མ་ ཟད་གལ་ཏེ་དྲག་པོའི་འཐབ་རྩོད་ཀྱི་ལམ་དུ་ཞུགས་ན་ཁོང་གིས་བོད་ཀྱི་དབུ་ཁྲིད་ གནང་མི་ཐུབ་ཚུལ་ཡང་ཡང་དང་བསྐྱར་དུ་གསུངས་ཤིང་ཐ་ན་༢༠༠༨ལོའི་རྒྱལ་སྤྱིའི་ རྩེད་འགྲན་ཆེན་མོ་རྒྱ་ནག་ཏུ་འཚོག་རྒྱུར་ཡང་རྒྱབ་སྐྱོར་གནང་ཡོད།

༡༽ “རྒྱ་ རིགས་དང་བོད་རིགས་བར་ལ་ཡང་བསྐྱར་འགལ་བ་བྱུང་ཞིང་།ངོ་རྒོལ་བྱེད་སྒོའི་ནང་མི་ འགའ་ཤས་ཀྱི་སྲོག་ཤོར་ཡོད་པ་འདྲ།”ཟེར། རྒྱ་གཞུང་གིས་ཐོག་མར་བོད་ལ་བཙན་འཛུལ་བྱས་པ་ནས་རྒྱ་བོད་བར་ལ་འགལ་བ་ཚབས་ཆེན་ བཟོས་ཟིན་པ་མ་ཟད་དེའི་རྗེས་ཀྱི་རིག་གནས་གསར་བརྗེ་སོགས་སུ་ཡང་འགྲོ་བ་མིའི་ ཐོབ་ཐང་དང་མི་རིགས་རང་སྐྱོང་གི་གནད་དོན་གང་ཐད་ནས་ཞི་དྲག་གཉིས་ཀྱིས་གཉའ་ གནོན་རྒྱུན་མར་བྱས་པས་༢༠༠༨ལོར་བོད་ས་ཡོངས་ནས་ཞི་རྒོལ་གྱི་མེ་ལྕེ་མཆེད་པ་ རེད། ད་ལྟ་དམག་དཔུང་གིས་བོད་བསྐོར་ནས་སྡོད་དགོས་པ་ཞིག་ཆགས་པ་འདི་བོད་རྒྱའི་འགལ་ བ་ཆེས་ཛ་དྲག་ཏུ་སླེབས་པ་ཞིག་ལས་ཡང་བསྐྱར་འགལ་བ་བཟོས་པ་ཞིག་མིན། འགལ་བ་བཟོ་མཁན་དེ་ཡང་རྒྱ་གཞུང་རང་ཡིན། འགལ་བ་འདི་ཡང་བོད་དང་པེ་ཅིན་སྲིད་གཞུང་བར་གྱི་འགལ་བ་ཡིན་པ་ལས་རྒྱ་རིགས་དང་ བོད་རིགས་གཉིས་ཀྱི་མི་རིགས་བར་གྱི་འགལ་བ་ཞིག་གཏན་ནས་མིན།

༢༽ “ང་ཚོས་ཆོས་ལུགས་དད་མོས་ལ་བརྩི་བཀུར་དང་སྲུང་སྐྱོབ་བྱེད་ཀྱི་ཡོད”ཟེར། གལ་ཏེ་དེ་ལྟར་ངོ་མ་བསམ་གྱིན་ཡོད་ན་དེ་ཡང་རྩ་བ་ནས་ནོར་ཡོད་དེ། དད་མོས་ཟེར་བ་འདི་མི་སྒེར་བ་སོ་སོའི་སེམས་གཏིང་ནས་སུ་ལ་དད་གུས་བྱེད་པ་དེར་ དད་མོས་བྱེད་ཆོག་པའི་ཐོབ་ཐང་ཞིག་ལ་གོ་དགོས། བོད་ཀྱི་ཆོས་ལུགས་དད་མོས་ཀྱི་འཇུག་སྒོ་ནི་སྐྱབས་འགྲོ་ཡིན། དེའི་ཐོག་མ་ནི་བླ་མ་ལ་སྐྱབས་སུ་མཆིའོ་ཞེས་པ་འདི་ཡིན། གནམ་ལ་ཉི་ཟླ་ཟུང་གཅིག ས་ལ་༸རྒྱལ་བ་པཎ་ཆེན་ཟེར་བའི་བོད་མི་དམངས་ཀྱི་ཁ་དཔེ་འདིར་ཁྱེད་རང་ཚོ་ཡང་ རྒྱུས་ལོས་ཡོད། དེས་ན་བོད་མི་བརྒྱ་ཆའི་དགུ་བཅུ་ཡན་གྱིས་བླ་མ་ལ་སྐྱབས་སུ་མཆིའོ་ཞེས་གསོལ་ འདེབས་བྱེད་སའི་བླ་མ་དེ་སུ་དང་སུ་ཡིན་པ་ལོས་ཤེས། དེ་བས་སོ་སོའི་རྩ་བའི་བླ་མར་དད་མོས་བྱེད་པ་བཀག་པ་འདིས་ཆོས་ལུགས་དད་མོས་ཀྱི་ སྒོ་ཆེན་དེ་བཀག་པ་རེད། དཔེ་ཆ་སློབ་གཉེར་སོགས་སྒོ་དངསྒེའུ་ཅི་ཙམ་ཕྱེས་ན་ཡང་རྒྱ་སྒོ་བརྒྱབ་པའི་བཙོན་ ཁང་གི་ཆོས་ར་ཞིག་ལས་ཅི་ཡང་མིན་པ་འདི་པེ་ཅིན་སྲིད་གཞུང་གིས་གསལ་རྟོགས་ཐུབ་ མེད་ཀྱང་སྲིད། དེ་བས་དོན་དམ་གྱི་ཆོས་ལུགས་དད་མོས་ལ་བརྩི་བཀུར་དང་སྲུང་སྐྱོབ་བྱེད་ན་བོད་ མི་ཚོས་ཏཱ་ལའི་བླ་མར་སྐྱབས་སུ་འགྲོ་བ་འདི་གཏན་ནས་འགོག་མི་འོས་ལ་གཏན་ནས་ འགོག་ཐབས་ཀྱང་མེད། གལ་ཏེ་མུ་མཐུད་དུ་བཀག་ན་མུ་མཐུད་དེ་ཆོས་ལུགས་དད་མོས་ཀྱི་རང་དབང་བཀག་པ་ཡིན་ པ་ཤེས་པར་གྱིས།

༣ ༽ཁོས་བོད་ལྗོངས་སུ་རྒྱ་སྒོར་དུང་ཕྱུར་མང་པོ་བཏང་དང་གཏོང་རྒྱུ་ཡིན་ཚུལ་བཤད་ འདུག ང་ཚོས་དེང་སང་བོད་ནང་གི་གཞི་རྩའི་འཚོ་བ་ལ་དཀའ་ངལ་ཆེ་ཚུལ་བཤད་ཀྱིན་མེད། ཅི་ཙམ་བཏང་ཡོད་ཀྱང་བོད་ནི་ད་དུང་དཔལ་འབྱོར་ཐད་ནས་རྗེས་ལུས་ཡིན་པ་ཁྱོད་རང་ ཚོས་ཀྱང་ཁས་བླངས་ཡོད། མ་གཞི་ནས་དཔལ་འབྱོར་བསླུ་བྲིད་ཀྱིས་བོད་འཆི་ལམ་དུ་ནམ་ཡང་འདེད་མི་ཐུབ། ད་ལྟ་ང་ཚོའི་མི་རིགས་འདི་ཡང་གཉིད་ལས་སད་ཀྱིན་ཡོད་པས་སྒོར་མོས་བསླུ་མི་ཐུབ། བོད་ཀྱི་གནད་དོན་འདི་དཔལ་འབྱོར་གྱི་གནད་དོན་མིན། འདི་མིའི་ཐོབ་ཐང་དང་མི་རིགས་ཀྱི་བདག་དབང་དང་དོན་དམ་གྱི་དམངས་གཙོའི་ཁེ་དབང་ ལོངས་སུ་སྤྱོད་འཇུག་མིན་གྱི་ཆབ་སྲིད་ཐད་ཀྱི་གནད་དོན་ཡིན། དེ་བས་རྒྱ་གཞུང་ནས་སྒོར་མོ་གྲངས་མེད་བཏང་ན་ཡང་བོད་ཀྱི་ཆོས་ལུགས་དད་མོས་ གཙོས་མིའི་རང་དབང་དང་མི་རིགས་རང་སྐྱོང་གི་བདག་དབང་མ་རག་བར་དུ་རྒྱ་གཞུང་དང་ གུང་ཁྲན་ཏང་མི་དག་ནི་བོད་ཀྱི་གཉའ་གནོན་པ་ལས་ཞབས་ཞུ་བ་ཞིག་ལ་ནམ་ཡང་བསམ་མི་ སྲིད་པ་ཡང་ཤེས་པར་གྱིས།

༤༽“༡༩༥༡ལོར་བོད་ཞི་བས་བཅིངས་འགྲོལ་བཏང་བ་ནས་ བཟུང་།བོད་ལྗོངས་ཀྱི་མི་འབོར་ཁྲི་༡༠༠ནས་ཁྲི་༣༠༠བར་མང་དུ་ཕྱིན་ཡོད།”ཟེར། བོད་ལ་དྲག་པོས་བཙན་འཛུལ་བྱས་པ་ནས་རིག་གསར་སྐབས་དང་དེ་ནས་ད་བར་ལ་བོད་མི་ས་ཡ་ གཅིག་ལྷག་གི་ཚེ་སྲོག་པེ་ཅིན་སྲིད་གཞུང་གི་ཁ་ནང་དུ་བཅུག་ཚར་ཡོད། ད་དུང་གྲངས་ཉུང་མི་རིགས་ཀྱི་མི་གྲངས་འཕེལ་རྒྱས་ལ་ཚོད་འཛིན་དམ་དྲག་བྱེད་ ཀྱིན་ཡོད། མདོར་ན་དེ་སྔའི་བོད་མིའི་གྲངས་ཚད་ལ་ད་དུང་སླེབས་མེད། གཅིག་བྱས་ན་ད་དུང་༡༩༨༩ལོའི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་དམར་གསོད་ཆེན་ མོ་ལྟ་བུ་ཞིག་ཡང་བསྐྱར་བོད་ཀྱི་ས་ཁུལ་གང་རུང་དུ་ཡང་འབྱུང་སྲིད་པ་ཞིག་རེད། གང་ལྟར་འགྲོ་བ་མིའི་ཐོབ་ཐང་མི་རག་ས་ཞིག་ཏུ་མི་གྲངས་འཕར་བ་ལས་ཀྱང་འགྲིབ་ན་ མི་ལེགས་སམ། (ཁྱོད་ཀྱིས་མི་གྲངས་ཁྲི་སུམ་བརྒྱ་ལ་འཕར་ཟེར་བ་དེའི་ཁྲོད་དུ་མང་ཤོས་རྒྱ་ རིགས་སོགས་མ་ཡིན་ནམ།)

༥༽

ཁོས“ཏཱ་ལའི་བླ་མས་མེར་སྲེག་གཏོང་མཁན་དེ་ཚོ་ནི་དཔའ་བོ་ཡིན་ཞིང་། ཁོང་ཚོའི་སྙིང་སྟོབས་ལ་རྗེས་སུ་ཡི་རངས་ཞུ་ཞེས་བརྗོད་མྱོང་ཡོད་པས། ཚིག་དེ་ནི་དྲག་སྤྱོད་ཀྱི་བྱེད་ཐབས་བཀོལ་བར་སྐུལ་སློང་བྱེད་པའི་ཚིག་ཅིག་རེད་ཅེས་དང་ཁོས་ ད་དུང་ཞི་བའི་ནང་བསྟན་ཆོས་ལུགས་དེ་དྲག་སྤྱོད་ཀྱི་ཆོས་ལུགས་ཤིག་ཏུ་བསྒྱུར་ ཐབས་བྱེད་ཀྱི་ཡོད་ཅེས་དང་། ང་ཚོས་བྱེད་བཞིན་པའི་འཐབ་རྩོད་ནི་དྲང་བདེན་ཡིན་པ་མ་ཟད། མི་དམངས་ཀྱིས་རྒྱབ་སྐྱོར་ཐོབ་ཡོད་ལ། དེ་ནི་ཆེས་ཤིན་ཏུ་གལ་ཆེན་པོ་དེ་རེད”ཟེར། རང་ལུས་མེར་བསྲེགས་པ་འདི་དག་གི་ཚེ་སྲོག་དེ་བོད་ཀྱི་ཆོས་སྲིད་ ལུགས་གཉིས་དང་རང་གི་མི་རགས་ཀྱི་རང་དབང་གི་ཆེད་དུ་ཡིན་པར་མ་ཟད་བོད་དོན་བདེན་ པའི་ཞི་བའི་འཐབ་རྩོད་ཀྱི་མཚོན་རྟགས་བླ་ན་མེད་པ་དེ་ཡང་ཡིན་པས་ཁོང་རྣམ་པར་ དཔའ་བོའི་མཚན་སྙན་སུས་ཀྱང་གནང་མི་དགོས་པར་རང་བཞིན་གྱིས་ཐོབ་པ་ཞིག་རེད། བདེན་དོན་སྐྱོང་བའི་དཔའ་བོར་མྱ་ངན་གུས་འདུད་དང་གདེང་འཇོག་བྱེད་རྒྱུ་འདི་མ་ མཐར་ཡང་མི་ཞིག་གི་ཀུན་སྤྱོད་ཅི་ལ་མིན། ཡང་ཁྱོད་ཚོས་བྱེད་བཞིན་པའི་འཐབ་རྩོད་དེ་དྲང་བདེན་ཡིན་པར་རློན་གྱིན་ཡོད་ན་ རྒྱལ་སྤྱིའི་ནང་གི་རང་དབང་གསར་འགོད་པ་དག་མ་ཟད་ཕྱི་གླིང་བའི་སྤྲོ་འཆམ་དག་ ཀྱང་བོད་དུ་འགྲོ་བར་བཀག་སྡོམ་བྱེད་དོན་ཅི། རྟག་པར་དོགས་འཇིགས་ཀྱིས་དམག་དཔུང་གིས་དམ་དྲག་བྱས་ནས་སྡོད་དོན་ཅི། ཏཱ་ལའི་བླ་མ་དང་མཇལ་འཕྲད་གནང་རྒྱུར་སྐྲག་དོན་ཅི། མི་དམངས་ཀྱིས་རྒྱབ་སྐྱོར་སུ་ལ་ཐོབ་མིན་དེ་རྩོད་མི་དགོས། བོད་མི་དམངས་ལ་རང་ཐག་རང་གཅོད་ཀྱི་འོས་འཕེན་རང་དབང་ཞིག་སྤྲོད་དང་ཤེས་ཡོང། དེའི་སྤོབས་པ་སྤུ་ཙམ་ཡང་ཡོད་དམ།

༦༽ ཁོས་ད་དུང་ཏཱ་ལའི་བླ་མས་བོད་རང་བཙན་རྩོད་ཀྱིན་འདུག་ཚུལ་གྱི་ཁྱི་སྐད་བརྒྱབ་འདུག

་ ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༣༡ ཉིན་པེ་ཅིང་དུ་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་རྒྱ་ནག་མི་དམངས་སྤྱི་མཐུན་ རྒྱལ་ཁབ་ལ་ཕུལ་བའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ ཀྱི་བསམ་འཆར་དེ་ལ་ཡང་ཁོ་ཚོས་ལོག་བཤད་སྤེལ་ཡོད། དངོས་དོན་ཁས་མ་བླངས་པ་ལ་གསལ་བཤད་ཀྱིས་ཅི་ཡང་མི་ཕན། གལ་ཏེ་བཙན་བྱོལ་གཞུང་གི་བསམ་འཆར་དེ་རང་བཙན་གྱི་ངོ་བོར་འགྲོ་གིན་ཡོད་ན་རྒྱ་ ནག་རང་གི་རྩ་ཁྲིམས་དང་རང་སྐྱོང་བཅའ་ཁྲིམས་ནང་ལ་ངོ་བོ་དེ་འདྲ་ཞིག་ཡོད་པ་ཁས་ ལེན་དགོས། རྒྱུ་མཚན་ནི་བསམ་འཆར་དེ་རིགས་རྩ་ཁྲིམས་དང་བཅའ་ཁྲིམས་གཞིར་བཟུང་ཞིག་ཡིན་པས་ སོ། ད་ལྟ་ང་ཚོས་གཞི་འཛིན་སའི་གཞུང་འབྲེལ་ཡིག་ཆ་བསམ་འཆར་འདི་རང་ཡིན་པས་དེ་སྔའི་ གསུང་བཤད་དང་ཡིག་ཆ་རྙིང་པ་རིགས་བསྐྱར་གླེང་ལ་དགོས་པ་ཅི་ཡང་མེད། འདས་པ་འདས་པ་རེད། ད་ལྟ་ད་ལྟ་རེད། གཙོ་བོ་མ་འོངས་པའི་གནད་དོན་རེད།

༧༽ཁོས་“ཏཱ་ ལའི་ཡིས་ཐོག་མཐའ་བར་གསུམ་དུ་བོད་ཆེན་པོ་འུད་སྒྲོག་བྱེད་ཀྱི་ཡོད། ཏཱ་ལའི་ཡིས་བཤད་བཞིན་པའི་བོད་ཆེན་མོའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་ བཞི་མ་༢༥༠ཡོད་པ་དང་། ཀྲུང་གོ་ཡོངས་ཀྱི་ས་ཁྱོན་ལས་བཞི་ཆའི་གཅིག་ཟིན་ཡོད།་ཅེས་དང་། ས་ཁྱོན་རྒྱལ་ཁབ་ཡོངས་ཀྱི་རྒྱ་ཁྱོན་ལས་བཞི་ཆའི་གཅིག་ཙམ་ཟིན་པའི་ས་ཁོངས་སུ་ རང་སྐྱོང་དེ་འདྲ་ངོས་ལེན་བྱེད་ཐུབ་བམ་”ཞེས་ཧང་སང་འདུག

ཁྱོད་ ཅག་གིས་མདོ་དབུས་ཁམས་གསུམ་དེ་བོད་མི་རིགས་ཀྱི་འཚོ་སྡོད་དང་བདག་དབང་ཡོད་པའི་ ས་ཁུལ་ལ་ངོས་ལེན་བྱས་ཡོད་ན་གཅིག་གྱུར་གྱི་རང་སྐྱོང་ཞིག་ཆགས་རྒྱུར་ཁས་ལེན་ མི་ཐུབ་དོན་ཅི། ད་དུང་མི་རིགས་གཅིག་དང་སྐད་ཡིག་གཅིག ཆོས་ལུགས་གཅིག་སོགས་རིག་གཞུང་གོམས་གཤིས་གཅིག་ཡིན་པའི་ཐོག་ལ་བོད་རིགས་ཁྱིམ་ གཅིག་གི་རེ་སྨོན་ཤུགས་དྲག་ཏུ་འགྲོ་བཞིན་ཡོད་པས་འཆམ་མཐུན་དང་མཉམ་འབྲེལ་གྱི་ རྨང་གཞི་བརྟན། བོད་རིགས་ཡོངས་རྫོགས་རང་སྐྱོང་གཅིག་བྱས་ན་མ་བྱས་ན་དེ་ཀྲུང་གོའི་མངའ་ཁོངས་ ལས་ལོགས་སུ་སོང་མེད་པས་ཀྲུང་གོ་ལ་ཡང་ཆེ་ཆུང་འགྲོ་གིན་མེད། དེ་བས་བོད་རིགས་རང་སྐྱོང་གཅིག་འགྱུར་བྱ་རྒྱུ་འདི་བོད་མི་རིགས་དང་རྒྱ་མི་ རིགས་ཀྱིས་གཙོས་པའི་ཀྲུང་གོ་ལ་ཁེ་ཕན་ཡོད་པ་ཞིག་རེད། འོན་ཀྱང་ཁྱོད་ཅག་གིས་དོགས་འདྲོགས་དང་བློ་འཚབ་སྐྱེ་གཞི་དེ་ནི་ད་ལྟ་ས་ཁུལ་ དུམ་བུར་བཅད་ནས་ཀྱང་མི་རིགས་འདི་ཉམས་རྒུད་ལ་གཏོང་མི་ཐུབ་ན་གཅིག་གྱུར་བཟོས་ ན་མི་རིགས་འདི་གོང་ལ་འཆོར་བའམ་ཡང་ན་བོད་རང་བཙན་ལེན་གྱི་རེད་སྙམ་པ་ཅི་ལ་མིན། གལ་ཏེ་དེ་ལྟར་མིན་ན་བསམ་འཆར་འདི་ཁས་ལེན་མི་ཐུབ་པའི་རྒྱུ་མཚན་ཆེན་པོ་ཅི་ཡང་ མེད།

པེ་ ཅིན་སྲིད་གཞུང་གིས་མུ་མཐུད་དེ་བོད་རིགས་དང་ཡུ་གུར་གྱིས་གཙོས་གྲངས་ཉུང་མི་ རིགས་ཀྱི་གནད་དོན་ཡག་པོར་ཐག་གཅོད་མ་བྱས་ན་མི་རབས་ལ་ཟད་པ་མེད་པས་འཐབ་རྩོད་ འདི་ཡང་ཟད་པ་མེད་པ་མ་ཟད་འཐབ་རྩོད་ཀྱི་ངོ་བོ་དང་མཇུག་འབྲས་ཅི་འདྲ་ཞིག་ལ་ འགྱུར་མིན་ཡང་བཤད་དཀའ་བ་ཞིག་ཡིན་པ་ལོས་ཤེས།

ཁྱོད་ཀྱི་ཉོག་བཤད་ལྷག་མ་དག་ལ་ཡང་ལན་རིམ་པས་འདེབས་དགོས།

པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཆབ་བྲག་ལྷ་མོ་སྐྱབས་ཀྱིས།༢༠༡༢།༢།༤ལ།

 

འབྲེལ་ཡོད་གསར་འགྱུར།

བོད་དོན་ལས་འགུལ་འཇམ་དབྱངས་བསྟན་འཛིན་ལགས་དྷ་མ་ས་ལ་འབྱོར། ༢༠༢༥།༠༥།༢༥ དུས་བབ་ཀྱི་པར།
Mobile App

རྒྱ་གར་ཧི་མ་ཅལ་མངའ་སྡེའི་ནང་བོད་དོན་དྲིལ་བསྒྲགས་གནང་བཞིན་འདུག

ཆུ་ཚོད་ ༡༧ སྔོན་ལ།
Mobile App

བཙན་འོག་གི་གྲོས་མཐུན་དོན་ཚན་ ༡༧ ནུས་མེད་ཆགས་པ་རྒྱལ་སྤྱིའི་ཐོག་ཁ་གསལ་བཟོ་དགོས།

༢༠༢༥/༠༥/༢༣
དབྱིན་ཇིའི་རྒྱལ་ཁབ་སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་ལངས་ཕྱོགས་གསལ་བོ་བཟོས་འདུག བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༢༣
Mobile App

སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་བདག་དབང་ཐད་ལངས་ཕྱོགས་བརྟན་པོ་བཟོས་འདུག

༢༠༢༥/༠༥/༢༣
ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་། དྲ་ལམ་གྱི་པར།
Mobile App

ཧཱ་ཝར་ཌི་གཙུག་ལག་སློབ་གྲྭར་རྒྱལ་སྤྱིའི་སློབ་མ་བཀག་སྡོམ་གནང་འཆར་ཡོད་འདུག

༢༠༢༥/༠༥/༢༣
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་དུ་འདེམས་ཐོན་བྱུང་།

༢༠༢༥/༠༥/༢༣
བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༢

མཆན། 31

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    ཀློག་མཁན་ཇེ་མང་ལ་སོང་འདུག་མོད། མཆན་འགོད་པ་མེད་དོན་ཅི་ཡིན་ནམ།
    ད་རེས་ཀྱང་ཀྲུའུ་ཝེ་ཆོན་སྒེར་ངོས་ཀྱི་འགན་ཁུར་ལེགས་གྲུབ་བྱུང་ཡོད། གཅིག་ནས་ཁོང་གིས་ཕྱི་གླིང་དུ་ཁྱི་སྐད་མང་དུ་བརྒྱབ་པ་དང་གཉིས་ནས་ང་ཚོས་ཁ་རྡུང་བཏང་བས་སོ། དེའི་རྒྱུ་མཚན་ཤེས་སམ། ཆབ་སྲིད་པ་ཟེར་བ་འདི་འདྲ་རང་རེད། ཆབ་སྲིད་པ་མང་ཆེ་བ་ཞིག་ལ་སྒེར་ཕན་གྱི་དམིགས་ཡུལ་ལས་ལྷག་ཅིག་མེད།
    འོན་ཀྱང་ཧུའུ་ཅིན་ཐའིོ་ལགས་ད་དུང་སེམས་བདེ་བར་བབས་མེད། ཁོ་རང་གི་གཙོ་འཛིན་ལས་ཡུན་མ་རྫོགས་གོང་ལ་བར་ཆད་འདྲ་མི་འབྱུང་ངམ་སྙམ་པའི་དོགས་འཇིགས་ཀྱིས།
    ཀྲུང་གོ་ལ་ངོ་མ་ཀྲུའུ་ཏེ་དང་ལིས་ཧྲའོ་ཆི། ཧུའུ་ཡོ་པང་ལྟ་བུའི་མཁས་མཛངས་གཟུར་གནས་ཀྱི་གཙོ་འཛིན་ཞིག་འབྱུང་དཀའ་བ་ཆགས་འདུག དེ་བས་འདི་ནི་ཏང་གི་སྲིད་ཇུས་བརྟན་ལྷིང་ཡོང་ཐབས་བྲལ་བའི་རྨང་གཞི་དེ་རེད།
    བཀུར་འོས་རྒྱ་ཆེའི་བོད་པ་ཚོ། ཁྱེད་ཚོས་སྙིང་སྟོབས་དང་དད་མོས་ཀྱི་སྟོབས་ཤུགས་དེ་རང་ཉིད་གསོན་ནས་བྱས་རྗེས་འཇོག་ཐབས་ཀྱི་ལམ་ཆེན་དུ་སྐྱོད་ཅིག་དང་རེ་བའི་ཉི་མ་འཆར་བར་ཐེ་ཚོམ་མེད།

    Reply
  2. བསོད་ནམས་རྒྱ་མཚོ། says:
    ལོ་ 13 སྔོན།

    ང་ཚོ་རྒྱ་བོད་གཉིས། ཆབ་སྲིད་ཐོག་ནས་རྒྱ་མི་གཟིག་ཡིན་ནའང་། གནས་ལུགས་དང་བདེན་པའི་ཐོག་ནས་བོད་པ་གཟིག་རེད། ང་ཚོ་བཤད་རྒྱུའི་ཐོག་ནས་རྩ་བ་ནས་ཕོངས་མེད། བདེ་སྲུང་ནས་བདེན་པའི་གཟིག་སྐད་ཀྱི་ལན་ཅིག་རྒྱབ་སྟེ། ཀྲུའུ་ཝེན་ཆོན་གྱི་ཁྱི་སྐད་དེར་སྙིང་པོ་ཅི་ཞིག་ཡོད་མེད་འཛམ་གླིང་མི་དམངས་རྣམས་ལ་ཤེས་སུ་འཇུག་རོགས། ང་ཚོ་གྲ་སྒྲིག་ཚགས་ཚུད་ཡོང་བ་བྱེད་དགོས། ནམ་རྒྱུན་ནས་རྒྱ་ནག་ནས་དྲིལ་སྒྲོག་རྫུན་མ་བྱས་དང་བྱེད་བཞིན་པ་རེད། དེ་དག་ལ་ཐད་ཀར་ལན་འདེབས་བྱེད་མཁན་ཚོགས་ཆུང་གཅིག་ངེས་པར་དུ་དགོས་ཀྱིན་འདུག རབ་བྱུང་ན་སྐད་ཡིག་འདྲ་མིན་ཐོག་ནས་གསར་འགྱུར་བརྒྱུད་ལམ་གང་སར་གཏང་ཐུབ་པ་བྱུང་ན་ཡག་པོ་མི་འདུག་གམ། ཡག་པོ་འདུག་ན་བདེ་སྲུང་ནས་དེ་ལྟར་གནང་རོགས་ཞུའོ།།

    Reply
  3. ཤར་ཕྱོགས་ཁུག་རྟ། says:
    ལོ་ 13 སྔོན།

    རྩོམ་ཡིག་འདིའི་ནང་གི་གནད་འགག་གཉིས་ནི་༧གོང་ས་མཆོག་གིས་འགན་དབང་རྩིས་སྤྲོད་གནང་མེད་ཚུལ་དང་། གཞན་ནི་བཀའ་ཁྲིའི་རང་སྐྱོང་སྐོར་གྱི་བསམ་འདུན་ལ་ལན་འདེབས་གནང་བ་དེ་གཉིས་རེད། དེ་ལ་ལན་འདེབས་གནང་འདུན་ཡོད་རིགས་ལ། ངས་དཔྱད་ཡིག་ག་རེ་དགོས་ཀྱང་མཁོ་སྤྲོད་ཞུས་ཆོག དགོས་གལ་བྱུང་ན། ག་རེ་དགོས་མིན་གྱི་གནས་ཚུལ་ཁ་གསལ། Loveyoutibet@gmail.com སྟེང་བསྐུར་རོགས་ཞུ། ང་ཚོས་མར་ལོ་ཆེ་ཆུང་ག་འདྲ་ཞིག་ཐོན་མིན་ཤུགས་རྒྱག་ཡ།

    Reply
  4. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    ༡༡༽<<བཅའ་ཁྲིམས>>དང་དེའི་ལེའུ་དང་པོ། གཞི་རྩའི་ལམ་སྟོན། (ཁྱབ་ཁོངས་སུ་གཏོགས་པ)དོན་ཚན་དང་པོ། “བོད་དང་བོད་མིའི་མགོན་སྐྱབས་དང་མཚོན་རྟགས།”ཞེས་པའི་ཚིག་དོན་ཁག་གི་ཐད་ལ་ཀྲུའུ་ཝེ་ཆོན་གྱིས་བསྙོན་འཛུགས་ཆེན་པོ་གསུམ་བྱས་ཡོད།

    ༡༽<<བཙན་བྱོལ་བོད་མིའི་བཅའ་ཁྲིམས>>ལ་ཁོས<<རྩ་ཁྲིམས>>ཞེས་མིན་པ་ཞིག་ཡིན་པར་བསྙོན་བཙུགས།

    ༢༽ “བཀའ་ཤག་གིས་བསྐོ་འཛུགས་བྱས་པའི་སྐུ་ཚབ་དོན་གཅོད་དང་དམིགས་བསལ་སྐུ་ཚབ་རྣམས་ལ༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཀྱི་མཚན་གནས་བསྩལ་རྒྱུ”ཞེས་༸གོང་ས་མཆོག་གི་མཚན་གནས་རང་འཇགས་ཐོག་བཀའ་ཤག་གིས་སྐུ་ཚབ་གསར་བསྐོ་གནང་རྒྱུ་ཞེས་པར་ཁོས། “མུ་མཐུད་དུ་ཕྱི་རྒྱལ་དོན་གཅོད་ཁང་གི་སྐུ་ཚབ་དང་བཙན་བྱོལ་བོད་གཞུང་གི་དམིགས་ བསལ་སྐུ་ཚབ་གནང་བའི་དབང་ཆ་ཡོད།”ཅེས་མེད་པ་ཞིག་ལ་ཡོད་པར་བསྙོན་བཙུགས།

    ༣༽ “ཁོ་རང་ཉིད་དམ་དམངས་གཙོའི་འོས་འདེམས་བྱས་ནས་ཐོན་པའི་མགོ་ཁྲིད་པས་བོད་ཀྱི་ གནད་དོན་ཐག་གཅོད་བྱེད་ཆོག”ཅེས་པའི་ཚིག་དོན་ཞིག་རྩ་བ་ནས་མེད་པ་ལ་ཡོད་པར་གླེང་བཀལ་ནས། “རྩ་ཁྲིམས་ནང་བཀོད་པའི་གནས་ཚུལ་ལ་བལྟས་ན། ཁོས་སྲིད་དོན་ཚང་མ་བསྐྱུར་ཡོད་པ་ཡིན་ནམ། ངས་བལྟས་ན་བསྐྱུར་མི་འདུག”ཅེས་ལུང་འདྲེན་གྱི་བདེན་གཏམ་ཚུལ་དུ་གཡོ་གཏམ་བཤད་ཡོད།

    ལན་འདེབས་རོགས་མ་ལོན་པས་ངང་སྒུག་མ་ཐུབ་པར་རེ་ཞིག་ཁྱི་སྐད་ཀྱི་མཇུག་འདི་ཙམ་གྱིས་བསྡུས་པ་ཡིན། ཀློག་པ་པོ་ཡོངས་ལ་བཀའ་དྲིན་ཆེ་ཞུ།

    Reply
  5. མནར་མེད་པ། says:
    ལོ་ 13 སྔོན།

    ཉིས་སྟོང་བརྒྱད་ཡས་མས་ཤིག་ལ་ཡང་ཀྲུ་ཝེ་ཆོན་གྱིས། ཏཱ་ལིའི་ཆོས་ལུགས་ཐད་མགོ་སྐོར་རང་བཞིན། ཆབ་སྲིད་ཐད་གཡོ་རྫུན་རང་བཞིན། བྱེད་ཐབས་ཐད་བསླུ་བྲིད་རང་བཞིན་བཅས་ལ་ངོས་འཛིན་བྱེད་ཀྱི་ཡིན་ཞེས་བཤད་འདུག མི་འདི་ལ་ཁ་བདེ་བོ་ནི་འདུག་སྟེ་བརྒྱུད་སྐུལ་དང་སེམས་གཏིང་གི་སྐད་ཆ་གང་ཡིན་ཧ་མི་གོ

    Reply
  6. གཡུ་རལ་བཀྲ་རྒྱམ། says:
    ལོ་ 13 སྔོན།

    ཀྲུའུ་ཝེ་ཆོན་གྱི་ཁྱི་སྐད་དེ་རྒྱུ་ལྡན་རེད།

    Reply
  7. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    རྣམ་དཔྱོད་དང་སྨྲ་ལྕེ་གཉིས་ཆ་ཚེར་མ་ལྟར་རྣོ་བའི་རྩོམ་གྲོགས་བོན་རྒྱ་ལགས། ཕལ་ཆེར་ཁྱེད་ཀྱི་འདོད་པ་ཁེངས་པའི་རྩོམ་ཡིག་ཅིག་བཙན་བྱོལ་ནང་ན་མེད་ན་ཡང་ཐང། ངས་གནད་དོན་འདིར་ཆེ་མཐོང་བྱས་ནས་རང་གི་ཀླད་པའི་ནང་གི་རྒྱུ་ཆ་རྣམས་བཏོན་པའི་ཁུལ་ཡིན། ཤོག་ཐོག་གི་རྒྱུ་ཆ་བཙལ་ནས་ལན་འདེབས་བྱས་ན་ཡང་ལོས་བཟང་མོད་དེ་མ་འཁྱོངས་པ་རེད། འདིར་གནད་དོན་དོན་ཚན་བཅུ་ཙམ་ལ་ལན་གནད་བསྡུས་རེ་བཏབ་ཡོད། དེ་དག་གནད་ལ་འཁེལ་མེད་ན་ཡང་ཚོར་སྣང་ཙམ་པོ་བ་ཞིག་མིན་སྙམ་ཡོད། ད་དུང་གཅིག་ལྷག་ཡོད་པ་ནི་བཅའ་ཁྲིམས་དང་འབྲེལ་བའི་༸གོང་ས་མཆོག་གི་འོས་འགན་དང་སྐུ་དབང་དེའི་སྐོར་རེད། དེའི་སྐོར་གླེང་ཤེས་མཁན་དང་ཐུབ་མཁན་སུ་ཡོད་ན་ངས་སྒུག་བསྡད་ཡོད།
    སྐུ་ཞབས་ཀྲུའུ་ཝེ་ཆོན་གྱི་ཁྱི་སྐད་དང། སྐུ་ངོ་རྫུན་མ་བདག་གི་བྱ་སྐད་གཉིས།
    སྐུ་ཞབས་བོན་རྒྱའི་ཐུགས་ལ་མི་འབབ་མོད། སྐུ་རླུང་མ་བཞེངས་སྐུ་ཁམས་བདེ་བར་བཞུགས། །ཀུ་རེ་ཞིག་ཚུལ་དུ།

    Reply
  8. མི་ཆུང་། says:
    ལོ་ 13 སྔོན།

    བོན་རྒྱ་ལགས། སྐུ་ཉིད་རྩོམ་ཡིག་འདིར་ཚོར་སྣང་ཙམ་ལས་ཞིབ་འཇུག་གི་རྒྱུ་ཆ་མི་འདུག་ཅེས་པ་ནི། རྒྱུ་ཆ་རྣམས་སྐབས་འདིར་ལུང་འདྲེན་བྱས་པས་ཡིན་ནམ། ཡང་ན་ཅི་ཞིག

    ཞིབ་འཇུག་གི་རྒྱུ་ཆར་འདེམ་བསྒྲུགས་ཀྱིས། དེང་བོད་ནང་གི་དངོས་བྱུང་ལོ་རྒྱུས་རྗེན་འཆར་བ་རྣམས་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལྟ་གྲུབ། ༸གོང་ས་མཆོག་གི་བཀའ་སློབ་དགོངས་རྣམས་འདིར་བཤད་འདུག དེ་མིན་རྒྱུ་ཆ་ཅི་ཞིག་དགོས།

    ཡོད་ཚད་ཁ་ཟིན་སྣ་ཟིན་གྱིས་འགོད་དགོས་སམ། ཚོར་སྣང་ཞེས་པ་ནི། མྱངས་པ་སྔོན་སོང་གི་འབྲས་རྟགས་ཞིག་རེད།

    Reply
  9. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 13 སྔོན།

    རྒན་ལྷ་མོ་ལགས། རྩོམ་རྩལ་ངོམ་གི་མེད་ནའང་། རྩོམ་རིག་དགེ་རྒན་སྐད་གྲགས་ཅན་ཞིག་དང་ཐུན་ཚོགས་ཀྱི་ཚོགས་གཙོ་ཡིན་ཕྱིར་ཚིག་སྦྱོར་ལ་བདག་ཐུབ་དགོས་རྒྱུ་རེད་བསམ་སོང་། ཁྱོད་ནི་སྤྱི་ཟུར་ཞིག་དང་ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་ཐུན་ཚོགས་ཀྱི་ཚོགས་གཙོ་ཡིན་ཞིང་། མིང་ལའང་དེ་བེད་སྤྱད་ཡོད་ཕྱིར་ཞིབ་འཇུག་གི་རྒྱུ་ཆ་མེད་པར་ཚོར་བ་ཙམ་སྤེལ་ན་ཁྱོད་ཀྱིས་གནད་དོན་འདི་མཐོང་ཆུང་བྱས་པ་མ་རེད་དམ། ང་ལའང་ཚོར་སྣང་དང་རིགས་སྒྲུབ་ཀྱི་བསམ་བློ་ད་འདི་ལས་ལྷག་ཅིག་རྙེད་སོང་སྟེ་རྒྱུ་མཚན་མེད་པར་ཚོར་སྣང་ཙམ་ཕྱར་ནས་བརྒྱུགས་ན་གཞན་གྱིས་ཀྱང་ཁྱི་སྐད་ལ་ངོས་འཛིན་རྒྱུ་རེད་སྙམ་ནས་ངས་ཁྱི་སྐད་དེ་ལན་མ་བརྒྱབ་པ་ཡིན།

    Reply
  10. ཤར་ཕྱོགས་ཁུག་རྟ། says:
    ལོ་ 13 སྔོན།

    རང་རང་གི་ཀླད་པའི་རྒྱ་ཁྱོན་དང་ཡོན་ཏན་པ་དཔག་པའི་ལན་འདེབས་གནོང་དང་། རྒྱ་ཆེའི་མི་མང་གིས་ལེགས་གསོལ་ཞུ་ངེས་རེད།

    Reply
  11. མི་ཆུང་། says:
    ལོ་ 13 སྔོན།

    ཨ་རོགས་བོན་བརྒྱ་ལགས། སྐུ་ཉིད་ཀྱིས་ཚིག་འགྲོས་རྣ་བར་འཇེབས་ལ། བརྗོད་དོན་ཡིད་ཁར་འཐད་པའི་འགག་བཞག་རྩོམ་ཡིག་ཅིག་འབྲི་ན་མ་རེད་དམ། དེ་མིན་ཁྱི་ཁ་ཟུག་ནས་ཅི་ཡང་མི་འཁྱོངས།

    ད་བརྗོད་ཚིག་གང་ཐད་ནས་ཡོད་ན་ཐོན་ཤོག་ཡ། ཚེ་སྲོག་བགྲང་མེད་ཀྱིས་ཆེད་དུ།

    Reply
  12. གཟུ་གནས་བློ་ལྡན། says:
    ལོ་ 13 སྔོན།

    ཆབ་བྲག་ལྷ་མོ་སྐྱབས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་སྨྱུ་གུའི་མདུང་རྩེ་དེ་རྒྱ་དམར་གུང་ཁྲན་གྱི་དཔོན་ངན་དེ་ཚོའི་སྙིང་ལ་རྒྱག་དགོས་པ་མཁྱེན་འདུག་པ་སྙིང་ནས་ཐུགས་རྗེ་ཆེ་ཞུས། རང་རེ་འགའ་ཞིག་མདུང་རྩེ་ནང་ལ་གཏད་པ་ལས་ཕྱི་དགྲ་ལ་གཏོད་མི་ཤེས་པ་ཁ་ཤས་ཡོད་པ་དྲ་འབུ་རང་གི་མིང་ཡང་འདོན་མི་ཕོད་པ་དེ་ཚོ་རེད། ༸ཡིད་བཞིན་ནོར་བུ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་རྒྱལ་ལོ།

    Reply
  13. ནད་པ says:
    ལོ་ 13 སྔོན།

    འཛམ་གླིང་ྱར་ཐོན་ཅན་གྱི་རྒྱལ་ཁབ་དང་དམངས་གཙོར་དགའ་བའི་མི་དམངས་རྣམས་ཀྱིས་ངོས་ནས་བརྗོད་ན་ད་ལྟའི་རྒྱ་ནག་དམར་ཤོག་གི་འགོ་འཁྲིད་དེ་ཚོར་འགྲོ་བ་མིའི་ཀླད་པའི་ནང་དུ་ངེས་པར་ཚང་དགོས་རིགས་ཀྱི་དགོས་མཁོའ྄ིཀླད་རྩ་ཁ་ཤས་ཤིག་ཚང་མེད་པ་དེ་གསལ་པོར་ཤེས་རྟོགས་ཐུབ་ངེས་རེད།

    གང་ཡིན་ཟེར་ན་ཀྲུའུ་ཝེ་ཆོན་ཟེར་བའི་རྒྱ་ནག་གཞུང་གི་འགོ་འཁྲིད་པ་དེར་འགྲོ་བ་མིའི་ཀླད་པའི་ནང་གི་དམངས་གཙོ་དང་། རང་དབང་། བདེ་སྐྱིད་ཟེར་བ་དེ་འཚོལ་ཞིབ་བྱེད་པའི་ཀླད་པའི་རྩ་རིགས་ཁ་ཤས་ཤིག་འཕྲོ་བརླག་ཏུ་སོང་བའམ་ཡང་ན་ཚང་མེད་པ་དེ་འཛམ་གླིང་སྡིང་སའི་སྟེང་དུ་དམར་སྟོན་བྱས་པ་རེད།

    ཁོས་པའི་བརྗོད་ཚིག་གཅིགཏེ། ། ཏཱ་ལའི་ཡིས་བཤད་བཞིན་པའི་བོད་ཆེན་མོའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ཁྲི་༢༥༠ཡོད་པ་དང་། ཀྲུང་གོ་ཡོངས་ཀྱི་ས་ཁྱོན་ལས་བཞི་ཆའི་གཅིག་ཟིན་ཡོད།་ཅེས་པའི་ཐད་ང་ཚོས་རྒྱ་ནག་གི་ས་ཁྱོན་གྱི་གཞི་ཆ་གཅིག་ཟིན་པའི་བོད་ལྗོངས་འདི་དང་བོད་རིགས་མི་དམངས་ལ་འགྲོ་བ་མིའི་དགོས་ངེས་ཀྱི་གཞི་རྩའི་རང་དབང་། དམངས་གཙོ། བདག་དབང་བཅས་ྗི་སྲིད་མ་སྤྲད་ཀྱི་བར་དུ་དེ་སྲིད་དུ་བོད་ཀྱི་གནད་དོན་དེ་ངེས་རྩོད་ངེས་རེད།

    ད་དུང་གང་དུ་དྲག་གནོན་ཡོད་ན། དེ་རུ་ངོ་རྒོལ་ཡོད། ཅེས་པའི་དེ་ཁྱེད་ཚོའི་འགོ་འཁྲིད་མའོ་ཙེ་ཏུང་གི་ང་ཚོར་བཞག་བཞག་པའི་བཀའ་སློབ་དང་གདམས་ངག་རྩ་ཆེ་ཞིག་ཀྱང་ཡིན།

    དུས་ཀྱི་སྔ་ཕྱི་མ་གཏོགས་ཨ་རབ་དཔྱིད་ཀྱི་གསར་བརྗེའི་ལངས་ཕྱོགས་ཀྱི་རླུང་འཚུབ་དེ་མེས་རྒྱལ་ཁྱི་ཚང་ཆེན་པོའི་ནང་དུ་དུས་རབས་ཀྱི་ལས་དབང་འཁྲོད་ནས་ལངས་ངེས་རེད།

    ལྟད་མོ་དེ་ཀྲུའུ་ཝེ་ཆོན་གྱི་གཙོས་པའི་རྒྱ་ནག་དམར་ཤོག་གི་འགོ་འཁྲིད་ཚོས་མ་ཤིའི་སྔོན་དུ་མིག་བརྗེདན་པས་མཐོང་བའི་རེ་བ་དེ་ང་ཚོས་བྱེད་བཞིན་སྒུག་ནས་བསྡད་ཡོད།

    Reply
  14. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    དྲ་གྲོགས་རྣམ་དཔྱོད་ལྡན་པ་ཚོས་བསམ་ཚུལ་འདིའི་ཚིག་དོན་གང་ཐད་ནས་གཤགས་བཅོས་གནང་རོགས། ཡིན་ན་ཡང་ངས་འདིར་ཚང་མའི་གོ་བདེ་བ་ཞིག་ཡོང་ཕྱིར་ལས་རྩོམ་རྩལ་ངོམ་གྱིན་མེད་ལ། རྒྱུ་ཆ་ཡང་བཙལ་མེད་པར་ཤར་མར་བྲིས་པ་ཙམ་ཡིན། དེ་བས་ངས་འདི་ལ་ཁ་སྣོན་དང་གསལ་བཤད་གནང་རོགས་ཞུས་ཡོད།
    དེ་ནས་ངས་ཀྲུའུ་ཡི་རྩིས་ཁྲ་དེ་འགྲིག་མི་འགྲིག་དང་བོད་ལ་འཛུགས་སྐྲུན་དང་གཏོར་བཤིག་གང་ཞིག་བྱས་ཡོད་མེད་སྐོར་བཤད་མེད་ལ། དེར་ངས་ལན་འདེབས་ཀྱིན་ཡང་མེད། ངས་བོད་ལ་འགྲོ་སོང་ཅི་ཙམ་བཏང་ཡོད་ན་ཀྱང་ད་དུང་དབུལ་བོ་དང་རྗེས་ལུས་རེད་ལབ་ཡོད་ལ་ལྷག་པར་དུ་བོད་དོན་འདི་དཔལ་འབྱོར་གྱི་གནད་དོན་ཞིག་མིན་ཚུལ་བཤད་ཡོད། གལ་ཏེ་རྩིས་ཁྲ་བཀོད་ནས་ལན་ཞིབ་ཚགས་རེ་དགོས་ན་འབྲེལ་ཡོད་རྣམ་པས་ལན་གནང་དང་འགྲིག་གི་རེད། འདི་གསལ་བཤད་ཙམ་ཡིན།

    Reply
  15. ནད་པ says:
    ལོ་ 13 སྔོན།

    ཆབ་བྲག་ལགས།

    ཀྲུའུ་ཝེ་ཆོན་དང་རྒྱ་ནག་སྲིད་དབང་སྒེར་སྤྱོད་པ་དག་ལ་ད་ནས་བརྩིས་པའི་ལོ་ཤས་ནང་་་་་་་ཨ་རབ་དཔྱིད་ཀྱི་གསར་བརྗེའི་ལས་འགུལ་སྤཻལ་དགོས་པ་འདུག་་་་

    དེ་འདྲ་བྱུང་ན་ཁྱི་མཇུག་མ་དེ་ག་གུས་ཡིན་ཀྱང་འདྲོངས་པོ་ཆགས་མི་ཐུབ་ཀྱང་ཁྱིའི་མཇུག་མར་རྡོག་བརྫིས་བཏང་ན་ཁྱི་སྐད་ཀྱང་འདོན་ངེས་རེད།

    ཡིན་ནའང་ཁྱི་སྐད་བརྒྱག་མ་ཙམ་མ་ཟད་ཚུར་ཁ་ལོག་བརྒྱབ་ནས་སོ་ཡང་བརྒྱབ་ངེས་ཡིན་མོད་ཁྱི་ལ་གསར་བརྗེའི་སྐད་འབོད་ཀྱིས་ཟིང་ཟིང་བྱུང་ན་ཁྱི་རྣམས་མཐར་བྲོས་ཏེནམ་ཡང་མཐོང་རྒྱུ་མེད་པ་ཆགས་ངེས་རེད།

    བྱས་ཙང་ཨ་རབ་དཔྱིད་ཀྱི་གསར་བརྗེ་དེ་རྒྱ་ནག་ཏུ་ངེས་པར་ལངས་ཐུབ་པ་བྱེད་དགོས།

    Reply
  16. ནད་པ says:
    ལོ་ 13 སྔོན།

    ༡ ཏྰ་ལའི་བླ་མར་འཚེ་མེད་ཞི་བའི་མིང་བཏགས་ནས་འཛམ་གླིང་ཞི་བདེའི་དེད་དཔོན་ཟེར་བའི་མཛན་སྙན་ནི་སྤྱི་ལོ་ ༡༩༨༩། ༡༢། ༡༠ ཉིན་ཞི་བདེའི་རྟགས་མའི་གཟེངས་རྟགས་ཕུལ་བར་བརྟེན་ནས་བྱུང་ཡོད། དེ་ནི་ཨ་རིས་གཙོས་ནུབ་ཕྱོགས་ཁག་གིས་བོད་ཀྱི་ཏྰ་ལའི་བླ་མས་སྔ་ཕྱིར་འཛམ་གླིང་ཞི་བདེ་དང་འབྲེལ་བའི་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་འཁྲོད་བྱུང་མྱོང་བའི་འཚེ་མེད་ཞི་བ་དང་བྱམས་བརྩེའི་ནུས་སྟོབས་ཀྱི་ཡོན་ཏན་ཁོ་ན་ལ་གུང་ཁྲན་གྱི་འགོ་ཁྲིད་འགའ་ཤས་ཤིག་མ་གཏོགས་ཀུན་གྱིས་ཁས་ལེན་དང་གུས་བཀུར་ཚད་མེད་ཞུ་བཞིན་ཡོད་པ་དེ་རེད།

    ༢ ནུབ་ཕྱོགས་ཀྱི་མི་རྣམས་ནི་ཤེས་ཡོན་ཅན་དང་། དྲང་བདེན་ཅན། རང་དབང་ཅན། ཡར་རྒྱས་ཅན་ཚད་དང་ལྡན་པའི་བློ་གཟུ་བོར་གནས་པའི་དེང་རབས་སྔོན་མཐོན་ཅན་གྱི་རྒྱལ་ཁབ་དང་མི་རིགས་ཤ་སྟག་ཡིན་པ་ལས་གང་ཡང་མི་ཤེས་ཤིང་ལྐུགས་པ་དང་གླེན་རྟགས་ཅན་གྱི་རྒྱ་མི་གུང་ཁྲན་གྱི་འགོ་ཁྲིད་ཁྱེད་དང་འདྲ་བ་དེ་འདྲ་གཏན་ནས་མིན་སྟབས། འཛམ་གླིང་མི་རྣམས་ཀྱི་ཡིད་དབང་གཅིག་ཅར་དུ་འགུགས་ནུས་པ་དེ་བོད་ཀྱི་ཏྰའི་བླ་མ་ནི་འཛམ་གླིང་མང་བཀུར་གྱི་ཆེས་རླབས་ཆེན་གྱི་མི་སྣ་རྩེ་གྲས་གཅིག་ཡིན་པ་དེ་ལྟར་རེད།

    ༣ ཏྰ་ལའི་བླ་མས་སྔ་ཕྱིར་འགྲོ་བ་མིའི་སྤྱི་ཚོགས་འཁྲོད་དུ་དེ་སྔ་བྱུང་མྱོང་བའི་བྱམས་བརྩེ་དང་། དྲང་བདེན། ལྷག་བསམ། ཆོས་ལུགས་མཐུན་བསྒྲིལ། འཚེ་མེད་ཞི་བདེ། རང་གཞན་གཉིས་ཕན་གྱི་བཟང་པོའི་བྱ་གཞག་རླབས་ཆེན་བརྩམས་པར་བརྟེན་ནས་བོད་ཀྱི་རྩ་དོན་དེ་ད་བར་དུ་འཚེ་མེད་ཞི་བ་ཁོ་ནའི་ལམ་ནས་འགྲོ་ཐུབ་པར་སོང་ད་ཆ་འཛམ་གླིང་གི་ས་ཕྱོགས་གང་ཞིག་ཏུ་ཕེབས་ཀྱང་ཀུན་གྱིས་ཚང་ཁ་བརྒྱབ་ནས་དད་མོས་དང་བརྩི་བཀུར་བླ་ན་མེད་པ་ཞིག་ཐོབ་པ་རེད།

    ༤ རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བ་དེ་ཡོང་ཐབས་མེད་ན་ཁྱེད་ཚོས་ཧོང་ཀོང་དང་། ཨོ་མོན་གཉིས་ལ་ཇི་ལྟར་བྱས་ཏེ་རྒྱལ་ཁབ་གཅིག་ནང་ལམ་ལུགས་གཉིས་བེད་སྤྱད་པ་རེད་དམ། བོད་ཀྱིས་གཙོས་པའི་གྲངས་ཉུང་མི་རིགས་ཁག་གི་ས་གནས་ལའང་གཅིག་མཚུངས་སུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ཐོབ་ཐང་འདྲ་མཉམ་སྤྲོད་དགོས་པ་ལས་དེ་མིན་ད་དུང་ཨུ་ཚུགས་ཀྱིས་དུས་ཚོད་བསྐྱལ་རྒྱུ་མང་དྲགས་ན་བོད་ཀྱི་ཏྰ་ལའི་བླ་མ་མཆོག་སྐུ་མི་བཞུགས་པའི་དུས་སྐབས་སུ་བོད་མི་རྣམས་ཀྱི་བོད་རང་བཙན་ཁོ་ན་ལས་རྒྱལ་ཁབ་གཅིག་ལ་ལམ་ལུགས་ཀྱི་འགྲོ་སྟངས་དེར་གཏན་ནས་ངོས་ལེན་བྱེད་ཐབས་མེད་པ་ཞིག་ཏུ་འགྱུར་ངེས་ཡིན།

    ༥ ད་དུང་ང་ཚོའི་མི་རབས་གསར་པའི་དབུ་འཁྲིད་སྲིད་སྐྱོང་བློ་བཟང་སེང་གེ་ནི་བོད་མི་དམངས་ཀྱི་སཡང་དག་པའི་དམངས་གཙོའི་ལམ་ནས་འོས་འདེམས་བྱས་པ་ལས་བོད་ཀྱི་ཏྰ་ལའི་བླ་མས་ཐད་བསྐོས་གནང་བ་དེ་འདྲའི་གནས་ཚུལ་ལྷག་མེད། དེ་ནི་ང་ཚོའི་བོད་ཀྱི་མི་རབས་གསར་པའི་སྙིང་སྟོབས་དང་། མཆོད་སེམས་ཞིག་མཚོན་ཐུབ་ཡོད་ལ་ང་ཚོས་བདམས་པའི་དམངས་གཙོའི་དབུ་འཁྲིད་ཡང་དག་པ་ཞིག་ཀྱང་ཡིན་པ་ལས་གུང་ཁྲན་ཏང་གི་དཔོན་རིགས་ལྟར་སྲིད་དབང་སྤྱོད་བྱས་ན་རྒྱ་ནག་མི་དམངས་དུང་ཕྱུར་ ༡༤ ཙམ་ལ་མགོ་བསྐོར་བཏང་བའི་འགོ་འཁྲིད་ཀྲུའུ་ཝེ་ཆོན་ཁྱེད་ལྟ་བུ་ཞིག་གཏན་ནས་མ་རེད།

    བྱས་ཙང་རྒྱ་བོད་གླེང་མོལ་གྱི་ལམ་ཁ་དེ་ང་ཚོའི་ངོས་ནས་ཕྱི་གསལ་ནང་གསལ་ལྟར་ག་དུས་ཡིན་ཀྱང་སྒོ་མོ་ཕྱེ་ཡོད་ལ་གྲ་སྒྲིག་ཆ་ཚང་ཡོད་ཅེས་ང་ཚོས་གུས་པར་བཀུར་བའི་དབུ་ཁྲིད་གསར་པ་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་གནང་མྱོང་ཡོད་ཀྱང་གུང་ཁྲན་ཏང་གི་འགོ་ཁྲིད་ཁྱེད་ཚོར་དུས་རབས་ ༢༡ ནང་གི་འཛམ་གླིང་སྤྱི་མཚུངས་ལྟར་ཕན་ཚུན་གྲོས་མོལ་དང་གཉིས་ཕན་ཁོ་ནའི་ལམ་ནས་བོད་རྒྱའི་དཀའ་རྙོགས་སེལ་བའི་བློ་སྟོབས་ཀྱི་སྒོ་མོ་དེ་རྒྱ་ནག་གཞུང་དེས་ཕྱེ་ཐུབ་པའི་སྙིང་སྟོབས་དེ་ད་དུང་སླེབས་མེད་པ་དེར་ཐུག་ཡོད།

    མདོར་བསྡུས་ན་བཤད་ན་སྟོབས་ཆེན་ཨ་རིའི་དབུ་འཁྲིད་དེ་ཚོ་དང་མི་འདྲ་བར་རྒྱ་མི་གུང་ཁྲན་གཞུང་གི་ཀྲུའུ་ཝེ་ཆོན་གཙོས་པའི་འགོ་ཁྲིད་རྣམས་ཀྱིས་འཛམ་གླིང་སྟེང་དུ་རྫུན་གཏམ་དེ་འདྲ་བཤད་བཞིན་པའི་གནས་སྟངས་འདིར་ལེགས་པར་བསམས་ན་ཁོང་ཚོའི་ཀླད་པའི་ནང་དུ་འཛམ་གླིང་གི་དབུ་འཁྲིད་གཞན་དག་ཚོའི་མི་འདྲ་བར་ཁོང་ཚོའི་ཀླད་པའི་ནང་གི་རྩ་ལ་སྐྱོན་ཞིག་ཤོར་བ་མིན་ནམ་སྙམ་པའི་འཚོར་བ་ཞིག་འཛམ་གླིང་སྔོན་མཐོན་ཅན་གྱི་དམངས་གཙའོི་དབུ་འཁྲིད་དང་མི་དམངས་ཀུན་ལ་སེམས་འཚོར་དེ་འདྲ་ཞིག་ཡོང་ངེས་རེད།

    Reply
  17. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 13 སྔོན།

    རྒན་ལྷ་མོ་ལགས། རྩོམ་ཡིག་འདིའི་ཚིག་འགྲོས་དང་བརྗོད་དོན་གང་ཐད་ནས་ངའི་འདོད་པ་གཏན་ནས་ཁེངས་ཐུབ་ཀྱི་མི་འདུག དཔེར་ན། དང་པོར་(ཀྲུའུ་ཝེ་ཆོན་གྱི་ཁྱི་སྐད་)ཅེས་པའི་ཁ་བྱང་དེའི་འོག་ལ་”སྐུ་ཞབས་ཀྲུའུ་ཝེ་ཆོན་”ཞེས་པ་ཞིག་ཨེ་མཛའ་གི སྤྱིར་བཏང་གི་རྩོམ་པ་པོ་ཐེབས་ཆག་ཚོས་ཚིག་འདི་མོ་བྲིས་ན་ལོས་འགྲིག་ཏེ། རྩོམ་པ་པོ་ཐུན་ཚོགས་ཀྱི་ཚོགས་གཙོ་ཁྱེད་ཀྱིས་འདི་ལྟར་བྲིས་ན་ངའི་སེམས་ནས་ཅིག་ཆད་འགྲོ་གི དངོས་གནས་ཡིན། ད་དུང་ཀྲུའུ་ཝེ་ཆོན་”ལོག་ལྟ་ཅན་”ཡིན་རབས་ཀྱི་དམོད་ཚིག་འདྲ་བོར་འདུག འདི་ཡང་རྒོལ་ཡུལ་གྱི་འདོད་པ་ལ་ལྟ་མ་ཤེས་ཤིང་རྩོམ་པ་པོའི་དུང་ཞེན་ལ་བདག་མ་ཐུབ་པའི་སྡུག་སྐད་ཅིག་རེད། འདི་འདྲའི་ཚིག་མགོ་རྔ་མི་བདེ་བ་དང་སྐད་ཆ་མི་འཕྲོད་པ་རེ་ཟུང་འདུག་མོད་འདི་གཉིས་དཔེར་མཚོན་ལ་བླངས་པ་ཙམ་ཡིན།
    དེ་ནས་ལན་གྱི་སྐབས་སུའང་ཀྲུའུ་ཝེ་ཆོན་གྱིས་བོད་ལྗོངས་ལ་སྒོར་ག་ཚོད་ཀྱིས་འགྲོ་སོང་བཏང་བའི་རྩིས་ཁྲ་འཁྱེར་ཡོང་གི་འདུག ད་དུང་ས་ཁྱོན་དང་འཕོ་མིའི་གྲངས་འབོར་ཁ་གསལ་ལྟ་བུ་ཞིག་བཤད་ཀྱིན་འདུག དེ་ལའང་དེ་མཚུངས་ཀྱི་ལན་བདེ་སྲུང་ལ་འབྲེལ་བ་བྱས་ནས་གྲངས་འབོར་འཁྱེར་ནས་ལན་འདེབས་བྱེད་དགོས་པ་ལས་ཚོར་བ་ཙམ་གྱི་ལན་བརྒྱབ་ན་ངས་ནི་སྙིང་བོ་ཞིག་མཐོང་གི་མི་འདུག ཚོར་བ་ཙམ་དང་རིགས་སྤོ་ཙམ་གྱི་ལན་འདི་འདྲ་ཞིག་སུ་ཡིན་གྱི་ཡིད་ལ་འཆར་ངེས་ཡིན་པས། ངའི་འདོད་པ་ཁེངས་མ་སོང་། ཀྲུའུ་ཝེ་ཆོན་གྱི་ཁྱི་སྐད་དང་ཚོགས་གཙོའི་མི་སྐད་གཉིས་ཀ་ཚན་རིག་གི་ལམ་ནས་དཔྱད་པ་བཏང་ན་ཞིབ་ཚགས་ད་དུང་ཁྱི་སྐད་ལ་ཡོད་ཚོད་རེད། དངོས་གནས་ཡིན། ཡིན་ནའང་། ཁྱོད་ཚོ་དགོད་རྒྱུ་རེད་ལ། ཁྱོད་ཚོས་ང་སྡིགས་རྒྱུའང་རེད་དེ། འདི་དག་གི་སྐབས་སུ་བོད་པའི་མིག་དང་དད་པའི་མིག་ལས་བེད་སྤྱོད་གཏོང་མ་ཤེས་ན་མིག་གཅིག་ལོང་བར་གྱུར་ཡོད་པ་རེད། དྲ་གྲོགས་ཚོ།

    Reply
  18. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    ༨༽ཀྲུའུ་ཡིས། བོད་ལ་ཧོང་ཀོང་དང་ཨོ་མོན་ལྟར་གྱི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་སྤྲོད་མི་ འོས་པའམ་དེའི་ཐོབ་ཐང་མེད་ཚུལ་ལ་བོད་ཀྲུང་གོའི་མངའ་ཁོངས་ནས་ཁ་བྲལ་མྱོང་མེད་ཅེས་ཁྱི་སྐད་བརྒྱབ་འདུག
    གཅིག་ ནི་བོད་རིགས་དང་ཅིག་ཤོས་རྒྱ་རིགས་ཡིན་པས་མི་རིགས་མི་འདྲ་ལ་གཅིག་ནི་གནའ་སྔ་ མོ་ནས་རྒྱལ་རབས་ལོ་རྒྱུས་ས་སྟེང་ཀུན་ཁྱབ་ཀྱི་རྒྱལ་ཁབ་ཅིག་དང་ཅིག་ཤོས་དེ་བར་ སྐབས་རྒྱ་ནག་ལས་གཞན་གྱིས་བཙན་བཟུང་བྱས་པའི་ས་ཁུལ་ཙམ་ཡིན་པས་བོད་འདི་ཧོང་ ཀོང་དང་ཨོ་མོན་ལ་བསྡུར་ན་གནམ་སའི་ཁྱད་པར་ཡོད།
    རང་གི་མངའ་ཁོངས་བསྙོན་མེད་ཡིན་ལ་རང་གི་མི་རིགས་གཅིག་ཡིན་པའི་ས་ཁུལ་འདི་འདྲ་ལ་ལམ་ལུགས་མི་འདྲ་བ་ལག་བསྟར་བྱེད་འོས་ན། ཁྱོད་ཚོས་བཙན་བཟུང་བྱས་ཤིང་ཁྱོད་ཚོའི་བཙན་དབང་འོག་འདུག་འདོད་མེད་པའི་བོད་མི་རིགས་ལ་ལམ་ལུགས་དེ་ཅིའི་ཕྱིར་མི་འོས། མ་མཐར་ཡང་ས་ཁུལ་གཅིག་ཐོག་གནས་པའི་བོད་རིགས་ཡོངས་ལ་རང་སྐྱོང་ཆེན་པོ་གཅིག་གི་ཐོབ་ཐང་ཡང་མི་སྟེར་ཟེར་བ་འདི་བཙན་པོ་དབང་ཡོད་རང་ལས་ཅི།
    བོད་ ནི་མ་མཐར་ཡང་དམིགས་བསལ་སྲིད་འཛིན་ས་ཁུལ་ཞིག་ལ་ངོས་འཛིན་བྱས་མེད་ན་དེ་སྔ་ དམར་དམག་རྒྱང་སྐྱོད་སྐབས་ཁམས་ལ“བོད་པ་སྲིད་གཞུང”གསར་འཛུགས་བྱེད་མི་སྲིད་ལ། བོད་ལ་བཙན་འཛུལ་བྱེད་དུས་ཀྱང་ཞིང་ཆེན་གཞན་དག་དང་མི་འདྲ་བར་ཨུ་ཚུགས་ཀྱིས་ཞི་ བའི་ཆིངས་ཡིག་བཅུ་བདུན་དེ་འཇོག་དགོས་དོན་མེད་པ་རེད། རྒྱུ་མཚན་འདི་གཉིས་རང་གིས་པེ་ཅིན་སྲིད་གཞུང་གིས་བོད་ལ་རྒྱལ་ཁབ་གཅིག་ལ་ལམ་ ལུགས་གཉིས་ཀྱི་འོས་ཐོབ་རྩོད་མི་དགོས་པར་གནང་དགོས་ངེས་ཤིག་ཆགས་ཡོད་པ་ལོ་ རྒྱུས་ཀྱིས་ཁ་གྲག་ཡོད། དེ་བས་བོད་ལ་རང་གི་ལོ་རྒྱུས་རང་བཞིན་གྱི་མི་རིགས་རང་ བཙན་གྱི་ཐོབ་ཐང་མཐོ་ཤོས་ཡོད་ན། འབྲིང་བ་ལམ་ལུགས་གཉིས་དང། ཆུང་བ་མི་རིགས་རང་སྐྱོང་ཡང་མི་སྤྲོད་ཟེར་ན་བོད་མི་རིགས་ཀྱི་མི་རབས་མ་ཟད་བར་ དུ་འཐབ་རྩོད་འདི་ནམ་ཡང་མཚམས་འཇོག་མི་སྲིད་པ་ཞིག་ཡིན་པ་པེ་ཅིན་སྲིད་གཞུང་ གིས་གསལ་བོར་ཤེས་དགོས།
    ༩༽ཀྲུའུ་ཡིས་“ཧོང་ཀང་ཕྱིར་མེས་རྒྱལ་དུ་ལོག་ཆེད། ང་ཚོས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་བཏོན་པ་ཡིན། གལ་སྲིད་བོད་དུའང་སྲིད་ཇུས་འདི་ལག་བསྟར་བྱེད་དགོས་ན། ཡང་བསྐྱར་བྲན་གཡོག་ལམ་ལུགས་སླར་གསོ་བྱེད་དགོས་པ་དེ་རེད། ལམ་ལུགས་དེར་མི་སུ་ཡིས་ཀྱང་དགའ་བསུ་བྱེད་མི་སྲིད་ལ། བོད་རིགས་སྤུན་ཟླ་དང་ང་ཚོ་སུ་ཡིས་ཀྱང་དེར་དགའ་བསུ་བྱེད་མི་སྲིད”ཟེར།

    ཁག་དཀྲི་བྱེད་སྟངས་ལ་ལྟོས་དང། སྐད་ཆ་འདིས་མི་སུ་ཞིག་མགོ་སྐོར་གཏོང་ཐུབ་རྒྱུ་རེད། ད་ལྟའི་བཙན་བྱོལ་གཞུང་གི་སྤྱི་ཚོགས་ལམ་ལུགས་འདི་རྒྱ་ནག་པེ་ཅིན་ལས་ལྡབ་བརྒྱ་ཕྲག་གིས་ཚད་མཐོར་སླེབས་ཡོད་པ་འཛམ་གླིང་གིས་ཤེས་གསལ་ཡིན། ང་ཚོའི་བཅའ་ཁྲིམས་དང་ང་ཚོའི་གཞུང་གི“བསམ་འཆར”ཡིག་ཆ་བཅས་ཁྱོད་ཚོའི་ལག་ན་ཡོད་ པས་དེའི་ནང་གང་ཞིག་ན་ང་ཚོས་སྤྱི་ཚོགས་རྙིང་པ་སླར་གསོ་བྱེད་རྒྱུ་བཀོད་འདུག མི་དཔེ་བ་དང་མི་སྲིད་པའི་རྫུན་འདི་འདྲ་བཤད་ཕོད་པའི་གདོང་འབག་དེ་གུང་ཁྲན་ཏང་ལ་མ་གཏོགས་སུ་ལ་ཡོད།
    ང་ ཚོའི་མངོན་འདོད་ནི་ཀྲུང་གོར་དམངས་གཙོ་ངོ་མ་ཞིག་མེད་པའི་ཐོག་མི་རིགས་འདྲ་ མཉམ་མིན་ལ་སྤྱི་ཚོགས་ལྷིང་འཇགས་ཀྱང་མིན་པས་ང་ཚོས་མི་རིགས་ཀྱི་ངོ་བོ་སྲུང་ སྐྱོབ་ཐུབ་པའི་ཞི་བདེའི་དམངས་གཙོའི་སྤྱི་ཚོགས་གསར་བ་ཞིག་ལ་རེ་བ་རྒྱག་གིན་ ཡོད་ལ་དེའི་ཆེད་དུ་མི་རིགས་རང་སྐྱོང་དང་རང་བཙན་སོགས་རྩོད་ཀྱིན་ཡོད་པ་ཕྱི་ ནང་ཀུན་གསལ་ཡིན་པས་ཁྱི་སྐད་འདི་འདྲས་རྡོ་དང་དབྱུག་པ་འདྲེན་རྒྱུ་ལས་ཅི་ལ་ཡང་ མི་ཕན་ནོ།
    ༡༠༽ ཀྲུའུ་ཡིས།“ང་ཚོས་གླེང་མོལ་གྱི་སྒོ་མོ་ནམ་ཡང་རྒྱག་མྱོང་མེད། སྒོ་རྒྱག་མཁན་ནི་ཏཱ་ལའི་ཚོགས་ཁག་རེད། ཏཱ་ལའི་ཡིས་ངེས་པར་དུ་ཁོའི་ཁ་བྲལ་རིང་ལུགས་མཚམས་བཞག་ནས། བོད་ལྗོངས་ནི་ཀྲུང་གོའི་ཆ་ཤས་ཤིག་ཡིན་པ་ཁས་བླངས་ཏེ། བོད་ཆེན་པོ་ཞེས་པའི་ལྟ་བ་དོར་ན། གླེང་མོལ་གྱི་སྒོ་མོ་ནི་སྔར་བཞིན་ཡངས་པོར་ཕྱེ་ཡོད”ཟེར།
    ཟུག་ སྐད་འདི་ཅུང་གསར་བ་ཞིག་རེད། དེ་སྔ་ཏིན་གྱིས་བོད་རང་བཙན་མ་གླེང་ན་གཞན་དག་ལ་གྲོས་བྱེད་ཆོག་ཚུལ་བཤད་མྱོང། ཁྱོད་ཀྱིས་བོད་ཆེན་པོ་དོར་ན་གླེང་མོལ་བྱེད་ཆོག་ཚུལ་བཤད་བྱུང། དེས་ན་ད་ལྟའི་བོད་རང་སྐྱོང་ལྗོངས་ཀྱི་མངའ་ཁོངས་འདི་ཙམ་ལ་ང་ཚོའི“བསམ་ འཆར”ལྟར་གྱི་རང་སྐྱོང་སྤྲོད་འཐུས་ཟེར་བའི་གོ་དོན་ཡིན་ནམ། གལ་ཏེ་ལྟ་ན་ཁས་ལེན་དཀའ། བོད་མདོ་སྟོད་སྨད་ཀྱི་གཞིས་ལུས་མི་དམངས་ཀྱི་མངོན་འདོད་དང་རེ་བ་མིན་པ་སྟེ། ༢༠༠༨ལོའི་ཞི་རྒོལ་གྱི་ཁྱབ་ཁོངས་དང་ཁ་སང་དེ་རིང་རང་ལུས་མེར་བསྲེགས་ཀྱི་ཞི་ རྒོལ་གང་ན་ཤུགས་ཆེ་བ་འདུག་པ་འདིས་བདེན་དཔང་ཐུབ་པས་སོ།
    ཁྱོད་ ཚོས་ཐོག་མཐའ་བར་གསུམ་དུ་བོད་ཀྲུང་གོའི་ཆ་ཤས་ཤིག་ཡིན་པ་ཁས་ལེན་དགོས་པའི་རེ་ བ་འདོན་དོན་ཅི། (འདི་ཁས་མ་བླངས་ན་ཁྱོད་ཚོས་བོད་ལ་བཙན་འཛུལ་བྱས་པའི་ཉེས་མིང་འབྱུང་བར་འཇིགས་ པ་མིན་ནམ། མ་འོངས་པར་བོད་འདི་ཀྲུང་གོའི་མངའ་ཁོངས་ལས་འཆོར་བར་དོགས་པ་ཡང་ལོས་ཡིན། དེ་བས་ཁག་མི་འདུག)གནད་དོན་འདི་ལོ་རྒྱུས་ཀྱིས་ཁ་གྲག་རྒྱུ་ཞིག་མ་གཏོགས། མི་སྒེར་བ་ཞིག་དང་ཚོགས་སྡེ་སོགས་གང་གིས་ཀྱང་ཐག་གཅོད་པའི་ཐོབ་ཐང་མེད་པ་ཞིག་ རེད། ཁྱོད་ཚོ་ལྟར་ན་ཁྱོད་ཚོའི་ཆ་ཤས་ཡིན་ཚུལ་བཤད་རྒྱུ་ཡོད་ན་ང་ཚོ་ལ་ཆ་ཤས་མིན་ཚུལ་ ཡང་བཤད་རྒྱུ་མང་མོད་ཁྱོད་ཚོ་ནི་བསམ་བཞིན་དུ་རྫུན་གྱི་བཙན་རྫོང་ལ་སྐྱབས་ བཅོལ་མཁན་ཡིན པས་ཕན་འབྲས་མི་འབྱུང། ང་ཚོའི་གཞུང་དམངས་ངོས་ནས་ང་ཚོ་མ་འོངས་པར་རྒྱ་ནག་གི་རྩ་ཁྲིམས་འོག་ལ་སྡོད་ ཆོག་ཅེས་གཞུང་འབྲེལ་ཡིག་ཆ་ངོ་མ་ཕུལ་ཡོད་པས་ཞི་མོལ་གནང་འདོད་ཡོད་ན་གནད་དོན་ དེ་གའི་ཐོག་ལ་གྲོས་མོལ་དབུ་འཛུགས་གནང་རོགས། མ་གཞི་ནས་ཁྱོད་ཚོར་ཞི་མོལ་གྱི་སྒོ་རྒྱག་པའི་སྤོབས་པ་མེད་སོང་བ་རེད། རྒྱུ་མཚན་བཙན་བྱོལ་གཞུང་དམངས་ཙམ་མིན་པར་གཞིས་ལུས་བོད་མི་དམངས་ཀྱིས་ཁྱོད་ ཚོའི་སྒོ་ཆེན་བརྡུངས་དང་རྡུང་བཞིན་པས་སོ།།

    Reply
  19. ཚངས་སར་འཕྲིན་ལས། says:
    ལོ་ 13 སྔོན།

    རྒན་ལགས་ཀྱིས་སྨྱུག་རྩེ་དག་ལ་བཏད་ནས་དགག་ལན་གནང་བར་རྗེས་སུ་ཡི་རང་ཡོད། ད་བར་སྨྱུག་ཐོག་པ་ཚོས་ནང་ཁུལ་གྱི་རྩོད་རྙོག་ལས་དགྲ་ལ་ཁ་བཏད་ནས་རྩོམ་ཡིག་འབྲི་བ་ཉུང་ཉུང་ལས་མེད་པས་ད་ནི་ང་ཚོས་རྩོམ་ཡིག་འདི་བཞིན་བྲིས་ན་ཅི་འདྲའི་བོད་པའི་སྨྱུག་ཐོག་པ་ཞིག་ཡིན་སོང་བ་རེད། རྩོམ་ཡིག་སྡེ་ཚན་ ༢ པའི་ནང་གི་ཚན་པ་དེ་གྲུ་བཞི་ལས་ཡིག་གཟུགས་དངོས་འཆར་མི་ཐུབ་འདུག བཅོས་སྒྱུར་གནང་རོགས། རྒྱ་ཡིག་སོགས་ལ་སྒྱུར་ནས་སྤེལ་ན་དགེ་མཚན་ཆེ་བ་མཐོང་།

    Reply
  20. ལྕགས་ཀྱི་མྱི། says:
    ལོ་ 13 སྔོན།

    ཆབ་བྲག་ལགས་ཀྱིས་ལན་འདེབས་ཡག་པོ་གནང་འདུག། འདི་རྒྱ་ཡིག་ལ་བསྒྱུར་ཐུབ་པ་གནང་རོགས།

    Reply
  21. ཤར་ཕྱོགས་ཁུག་རྟ། says:
    ལོ་ 13 སྔོན།

    རྒན་ལགས་ཀྱིས་ལན་གནང་བ་གནད་དུ་འཁེལ་ཞིང་ངར་ཤུགས་ལྡན་པ་བཅས་རེད། འདི་དང་འབྲེལ་ནས་བཀའ་ཁྲི་བློ་སེང་གི་ཧོང་ཀོང་དང་ཨའོ་མན་ལ་སྦྱར་བའི་གསར་འགོད་གསལ་བསྒྲགས་དེའི་སྐབས་ཀྱི་སྐད་ཆར་སྤྱི་ཚོགས་ལམ་ལུགས་མ་འདྲ་བས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ལག་བསྟར་བྱ་ཚུལ་མེད་བཤད་འདུག་པ་དང་། བོད་ལ་ཧོང་ཀོང་དང་འདྲ་བའི་རང་སྐྱོང་སྤྲོད་རྒྱུར་ཞིང་བྲན་ལམ་ལུགས་བསྐྱར་གསོ་བྱས་ན་མ་གཏོགས་མེད་ཚུལ་ཧམ་བཤད་བྱས་འདུག་པར། སང་ཉིན་རེ་གཟའ་ལྷག་པ་ཕྱི་ཚེས་ ༨ ཉིན་དེ་ལ་བཀའ་ཤག་གིས་གཞུང་འབྲེལ་གྱི་ངོས་ནས་དུས་ལྟར་ལན་འདེབས་ཤིག་ངེས་པར་དུ་དགོས་གལ་མཐོང་བས། དེ་ལུགས་གནང་རོགས་ཞུ།

    Reply
  22. སྨར་ཀླུང་དཔའ་ལ། says:
    ལོ་ 13 སྔོན།

    ལན་གནད་དུ་ཁེལ་བ་གནང་འདུག འཇིག་སེང་ལགས་ཁྱེད་ནོར་སོང་(ཁྱི་སྐད་) ལབ་པ་འདི་གུས་པས་བསམ་ན་ཀྲུའུ་ཝེན་ཁྱི་འདྲ་རེད་ཞེས་དོན་མ་རེད། ཁྱི་གི་སྐད་དེ་ལ་དགའ་ན་སྡུག་ན་ཝའཝའ་ལས་རྗེ་པོ་རྒྱབ་རྒྱུ་མེད་པ་མ་ཚད་ཡག་སྡུག་གཉིས་ཀ་ལ་ཡང་ཝའ་ཝའ་ཞེས་པ་ལས་མེད་པ་རྒྱུ་མཚན་དུ་བཀོད་ནས་རྒན་ལག་གི་གསུངས་པ་ཡིན་པར་སེམས། གཟིགས་དང་ཁོ་རང་ཡང་སྐད་ཆ་བཤད་སྟང་གཅིག་ནོར་ན། འགྲོ་ས་བཙོན་ཁང་དང་དམར་བསད་གཉིས་ལས་མེད་པའི་རྒྱུ་མཚན་གྱིས་མ་བཤད་རང་བཤད་ཆག་པ་རེད། ཁྱི་དེ་ཡང་བདག་པོས་ག་རེ་བྱེད་ན་ལྟོས་ཤིང་ལྟོས་ཤིང་བྱེད་པ་ལས། དེ་མ་བྱེད་ན་རྡོ་དང་དབྱུག་པ་གཉིས་ལས་གཞན་པ་མེད་པ་རེད། དེ་བཞིན་དུ་ཁོ་རང་སྐུབ་སྟེགས་གང་སྡོད་ནས་བཤད་ཟོ་བྱེད་ཁག་བྱེད་ན་ཡང་། དོན་ངོ་མ་དམར་ཤོག་པའི་མགོ་གཙོ་རྣམས་ཀྱིས་ཡི་གེ་དམར་པོ་དེ་ལས་ཚིག་གཅིག་གི་ཆག་ཡང་བྱེད་ཐུབ་པའི་ནུས་པ་ཡང་མེད། གལ་སྲིད་དེ་བཞིན་མ་བྱེད་ན་ཀྲུའུ་ཁོ་རང་འགྲོ་ས་དང་མྱོང་རྒྱུ་སྣ་གཅིག་མ་གཏོག་མེད་པ་ཕར་ལྟས་ཚུར་གསལ་རེད། ཡིན་ན་ཡང་། དམར་ཤོག་པས་ནམ་རྒྱུན་རྒྱལ་གཅེས་ཆོས་གཅེས་ཞེས་གླེང་གི་ཡོད་པ་དེ། ངོ་མ་བྱེད་དགོས་ན་རང་གི་མི་སེར་ལ་རང་དབང་སྤྲད། མི་སེར་གི་བདེ་སྡུག་ལ་རྟོག་ཞིབ་བྱེད། མི་སེར་ལ་སྡུག་བསྔལ་གི་ཁུར་པོ་ག་རེ་ཡིན་ན་རྒྱལ་ཁབ་ཀྱིས་དེ་ལ་འགན་ཁུར་ཐུབ་པ། དེ་སེལ་ཐུབ་པ། དེ་ལ་རྩད་གཅོད་ནན་པོ་བྱེད་ཐུབ་པ་སོགས་ནི་རྐུབ་འོག་ལ་མར་མནན་ནས། དོན་རྐྱེན་གཅིག་བྱུང་ནས་བཟུང་། དེ་ལ་གཡོ་སྒྱུ་བྱེད་ཅི་ཐུབ། བསླུ་བྲིད་བྱེད་ཅི་ཐུབ། རྐུང་སྦས་བྱེད་ཅི་ཐུབ། བསད་གཅད་བརྡུང་གསུམ་མི་སྤྱོད་ལས་འདས་པ་བྱེད་ཅི་ཐུབ་ཞིག་བྱེད་སྡོད་ན། རྒྱལ་གཅེས་ཞེས་པ་དེ་དུས་ནམ་ཡང་ཡོང་མི་སྲིད།

    དེ་བཞིན་དུ་བོད་གངས་ཅན་པའི་༧སྐྱབས་མགོན་རྒྱལ་བའི་དབང་བའི་དབང་པོས་དབུ་ཁྲིད་པའི་ཆོས་བརྒྱུད་ཡོད་ཚད་ཀྱིས་བླ་ཆེན་རྣམ་པ་ལ་ཁ་བྲལ་དང་གཤེ་སྐུར་མ་བྱེད་ན་བྱེད་དུ་བཅུག བཙན་པོ་དབང་ཡོད་ཀྱིས་མནན་ནས་ཆོས་ཀྱི་བྱེད་སྒོ་ཆེ་རིགས་ལ་ཇུས་ཏོག་བཀག་སྡོམ་རྐྱང་རྐྱང་བྱེད་སྡོད་ན་ཆོས་གཅེས་ཞེས་པ་དེ་ནམ་ཡང་ཡོང་ཐབས་མེད།

    དེ་གཉིས་མེད་ཚར་ན་ག་ཚོད་བཤད་ན་ཡང་རྒྱུ་མེད་ན་འབྲས་བུ་མེད་པ་ཡིན་དུས་འགྲོ་གྲོན་དང་། སློབ་གསོ་ག་ཚོད་བྱས་ཀྱང་ཕན་པ་ཏིལ་འབྲུ་ཙམ་མི་འབྱུང་བ་མ་ཚད། ཞེ་ཇེ་ལོག་དང་རྒྱལ་ཁབ་ལ་འཁོན་ཇེ་ཆེ་ལ་འགྲོ་བའི་རྒྱུ་མཚན་ཡང་དེ་ཡིན། དེ་ཚོ་ཤེས་བཞིན་ད་དུང་ཕྱི་ལ་བྱེད་མདོག་ལྟ་མདོག་དེ་ཚོ་ནི་གད་མོ་རྐུབ་ནས་ཤོར་བ་ཞིག་ཅི་ལ་མིན། ཕྱི་མི་ཚང་མ་རྒྱ་དམར་ལས་མི་དམན་པའི་རྣམ་དཔྱོད་དང་ཤེས་ཡོན་ཡོད་པ་རྐྱང་གཅིག་ལས། གཟའ་མནོལ་ཕོག་སོང་རིགས་ནི་སུ་ཡང་མེད་པ་འདི་ངེས་པར་དུ་རྒྱ་དམར་གྱིས་ཤེས་དགོས་པའི་གནད་ཆེན་པོ་ཞིག་ཏུ་འཁུམ། ཤེས་བཞིན་དུ་ཁྱད་གསོད་བྱས་ན་ལྐུགས་པའི་ནང་གི་ལྐུགས་པ་དེ་ཁྱོད་རང་ཚང་གི་བྱ་ལས་དེ་ཡིན་པ་ངེས་པར་དུ་ངེས་པར་གྱིས་ཤིག

    Reply
  23. མི་ཆུང་། says:
    ལོ་ 13 སྔོན།

    རྒན་ལགས་ཀྱིས་ལན་འདེབས་གནང་བར་བཀའ་དྲིན་ཆེ། ད་དུང་རྡ་སར་ཡོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དག་གིས་བརྡ་ལན་གསལ་པོ་ཞིག་སྤྲོད་དགོས་ངེས་རེད།

    ད་རེས་ཁོ་པས་ཁེངས་དྲེགས་ཧ་ཅང་མཐོ་བའི་སྒོ་ནས་བྱུང་རྒྱལ་གྱི་སྐད་ཆ་མང་པོ་བཤད་པ་དང་། ད་དུང་བོད་ནང་གི་མི་དམངས་དང་དྲ་ཚིག་ཁག་ཏུ་དྲིལ་བསྒྲགས་ཡང་སེ་བྱེད་ཀྱི་འདུག དེར་བསྟུན་ང་ཚོས་ཀྱང་མ་ལན་མ་འགྱོད་ཀྱི་སྒོ་ནས་འདི་ལྟར་ཁ་མང་ཙམ་བསྒྲག་དགོས་ཀྱི་འདུག

    Reply
  24. རྟ་མགྲིན་རྡོ་རྗེ། says:
    ལོ་ 13 སྔོན།

    རྒན་ལྷ་མོ་ལགས་ཀྱིས་གནད་ལ་ཁེལ་བའི་ལན་འདེབས་གནང་འདུག་ཐུགས་རྗེ་ཆེ། མ་གཞི་བྱས་ན་དྲིལ་བསྒྲགས་ཀྱིས་འགན་གཙོ་བོ་ཁྱེར་ནས་ལན་འདེབས་དགོས་ཀྱང་མ་བྱུང་བ་རེད། རྒན་ཁྱེད་རང་གང་དུ་བཞུགས་ཀྱང་བོད་ཀྱི་རྩ་དོན་བློས་གཏོང་གི་མེད་པ་དེར་བོད་མི་བསམ་ཡོད་ཚེ་ཡིད་ནས་ནམ་ཡང་བརྗེད་མི་སྲིད།

    Reply
  25. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    དྲ་གྲོགས་རྣམ་པས་བསམ་ཚུལ་སྣོན་འདེབས་བྱེད་བཞིན་པར་དགའ་བསུ་ཞུ། ང་ཚོ་ཚང་མ་གཡུལ་ས་གཅིག་གི་འཐབ་གྲོགས་རེད། བསམ་བློ་དང་ནུས་པ་གཅིག་ཏུ་སྒྲིལ་དགོས།

    Reply
  26. བསོད་ནམས་རྒྱ་མཚོ། says:
    ལོ་ 13 སྔོན།

    སྤྱིར་བཏང་ནི་ནུབ་ཕྱོགས་པ་ཚོ་དཔྱད་ཞིབ་དང་། སྐྱོན་བརྗོད། དོགས་འདྲི་བྱེད་པར་སྤྱང་པོ་དང་རྒོད་པོ་ཡོད། འཛམ་གླིང་ལ་ཡོངས་གྲགས་ཀྱིས་ཁས་ལེན་པའི་འཚེ་མེད་ཞི་བའི་ཐབས་ལམ་གྱི་བཀའ་སྩལ་མཁན་ཉམ་ཆུང་བོད་མིའི་དབུ་ཁྲིད། ༧ གོང་ས་མཆོག་ལ buddhism monk  holiness dalai lama ཞེས་འབོད་ཀྱིན་ཡོད་ནའང་། ཁོང་ལ་དོགས་དྲི་དང་། རྣམ་རྟོག་གིས་སྐྱོན་འདོགས་ཀྱི་རྩོམ་ཡིག་འགའ་རེ་མཐོང་རྒྱུ་འདུག ཡིན་ཡང་ད་རེས་ཀྲུང་ཝེན་ཆོན་གྱིས་རྫུན་བཤད་དང་ཧམ་བཤད། མངོན་སུམ་ལ་བསྙོན་འདིང་བྱེད་དུས། འཛམ་གླིང་མི་དམངས་ཚོ་འཇམ་ཐིང་ངེར་བསྡད་དོན་ཅི་ཡིན་ནམ། རྒྱ་ནག་ལ་ཐུག་དུས་འཛམ་གླིང་སྨྱུག་འཛིན་པ་དང་གསར་འགོད་པ་ཚོ་གང་དུ་ཡོད་དམ། ག་བར་ཕྱིན་ནམ། དགེ་འདུན་ཆོས་འཕེལ་གྱིས། སྐྲ་སེར་སྤྲེའུའི་རིགས་ལ་བློས་མ་འགེལ། གསུངས་བ་དེ་མཚན་མ་ཡིན་པར་རིམ་གྱིས་རྟོགས་ཀྱིན་འདུག་གོ། People from Western countries usually wants to clarify any issues. But what is happening nowadays? Because of the Chinese propaganda journalists and authors alike are very silent.

    Reply
  27. ཁམས་པ། says:
    ལོ་ 13 སྔོན།

    ཁོས་བོད་ལྗོངས་སུ་རྒྱ་སྒོར་དུང་ཕྱུར་མང་པོ་བཏང་དང་གཏོང་རྒྱུ་ཡིན་ཚུལ་བཤད་པ་འདིའི་ཐད་ནས་ལན་བཏབ་པ་དེ་ཙམ་ཞིག་རེད། སྒོར་ཅི་ཙམ་བཏང་ནའང་རྒྱ་མིས་བོད་ཀྱི་གཏེར་ཁ་དང་ནགས་ཚལ་སོགས་ཁྱེར་བ་རྣམས་བརྩིས་ན་བོད་དུ་སྒོར་བཏང་བ་ལས་བརྒལ་ཡོད་ངེས། དེས་ནས་འཛུགས་སྐྲུན་ཅི་ཙམ་བྱས་ཀྱང་ངོ་མེད་པར་མ་ཟད། རང་ས་ནས་བྱུང་བའི་ནོར་སྲིད་དེ་དག་གིས་ངེས་པར་དུ་དེ་ལས་ལྷག་པ་ཞིག་འཛུགས་སྐྲུན་བྱེད་ཐུབ།

    Reply
  28. དམར་ཁ་ཚ། says:
    ལོ་ 13 སྔོན།

    བཀུར་འོས་རྩོམ་པ་པོ་ཆབ་བྲག་ལྷ་མོ་སྐྱབས་ལ་ཐུགས་རྗེ་ཆེ་ཞུ་བ་དང་རླབས་ཆེ་བའི་དུས་བབ་དྲ་བ་ཚང་ལ་རེ་སྐུལ་ཞུ་རྒྱུར། ཀྲུའུ་ཝེ་ཆོན་གྱི་ཁྱི་སྐད་ཅེས་བའི་མཚོན་པའི་རྒྱ་ནག་གི་གཡོ་གཏམ་ལ་ལན་དུ་ཕུལ་བའི་རྩོམ་ཡིག་ལེགས་གྲས་རྣམས་རྒྱ་ཡིག་ཐོག་ཡིག་བསྒྱུར་རེ་བྱས་ཏེ་ཁྱབ་ཆེའི་དྲ་རྒྱ་ཁག་ལ་གཏང་ན་དགེ་མཚན་ཡོད་པར་མཐོང་བ་དང་རིམ་བཞིན་དུས་བབ་ཚང་ལ་རྒྱ་ཡིག་གི་དྲ་བ་ཞིག་ཀྱང་ཡོད་ན་ཅི་མ་རུང་སྙམ་པ་བཅས་རེ་སྐུལ་དུ་ཕུལ་བ་ཡིན།

    Reply
  29. འཇིགས་མེད་སེང་གེ says:
    ལོ་ 13 སྔོན།

    ཁྱི་ཟེར་བ་འདྲ་བའི་ཚིག་འདི་འདྲ་མ་བྲིས་ན་ཡག་གི ལན་འདེབས་བྱས་པ་ཚོར་བ་རྣོན་པོ་རེད། བདེན་པ་གང་ཡིན་པ་གསལ་བཤད་གནང་འདུག

    Reply
  30. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 13 སྔོན།

    ངེད་ཚང་གི་ར་སྐོར་ནང་ན་ཁྱི་གུ་གཉིས་ཡོད། སྐད་ཆ་བཤད་མི་ཤེས་པ་ཙམ་ལས། ཀྲུའུ་ཝེ་ཆོན་གྱིས་སྐད་ཆར་ཉན་རྒྱུ་ལས་ལྷག་ཅིག་ཉན་ཤེས་ཀི་རེད། གནས་ལུགས་ཀྱང་ཀྲུའུ་ཝེ་ཆོན་ལ་བལྟས་ན་ཡག་པོ་ངོ་མ་ཞིག་གོ་གི་རེད་ལ། ངེད་ཆག་གི་གམ་དུ་ཡོང་ནས་དོན་དངོས་གང་ཞིག་རྣམ་འགྱུར་སྣ་ཚོགས་ཀྱི་སྒོ་ནས་ངེད་ཚོར་གནས་ལུགས་དང་རྒྱུ་མཚན་ལྡན་པའི་བརྡ་ཞིག་སྤྲད་ནས་བུད་འགྲོ་གི་རེད། ངོ་མ་བཤད་ན་ཀྲུའུ་ཝེ་ཆོན་ནི་ཁྱི་གུ་འདི་གཉིས་ཀྱི་སྡུག་ཅིག་རེད།

    Reply
  31. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    ལོ་ 13 སྔོན།

    རྒན་ལགས་ཀྱིས་ཀྲུའུ་ཝེ་ཆོན་གྱི་ཁྱི་སྐད་དེ་ལ་ལན་ཐོག་འདྲ་བ་ཞིག་བརྒྱབ་པར་བཀའ་དྲིན་ཆེ། ཀྲུའུ་ཝེ་ཆོན་གྱིས་ཉིན་ཤས་རིང་ཡོ་རོབ་ཁུལ་ལ་ཟུག་ཟུག་པ་དེ་རྒན་ལགས་ཀྱིས་ཏག་ཏག་བཟོས་འདུག ཧ་ཧ་ཧ་་་ ་་་ ངོ་མ་ཁྱི་སྐད་དེ། འུ་ཐུག་པའི་ཁྱི་སྐད་དེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese