མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུ་རོབ་ནང་གངས་སྐྱོན་གྱི་དཀའ་ངལ།

བོད་ཀྱི་དུས་བབ།
༢༠༡༢/༠༢/༠༦
Share on FacebookShare on TwitterShare on EmailShare on Whatsapp
ཉིན་འདི་འགར་ཡུ་རོབ་ཁུལ་དུ་ཁ་བ་ཆེན་པོ་བབས་ཏེ་གྲང་ལྷགས་ཆེ་རུ་ཕྱིན་སྟབས། མི་མང་པོ་འཁྱགས་ཤི་ཐེབས་ཀྱི་ཡོད་པ་མ་ཟད། སྐྱེལ་འདྲེན་གཞུང་ལམ་དང་མཚོ་ལམ་འགག་སྟེ་ཡུ་རོབ་རྒྱལ་ཁབ་མང་པོའི་ནང་རླངས་རྫས་ཀྱི་དཀའ་ངལ་འཕྲད་མགོ་ཚུགས་འདུག
བདུན་ཕྲག་སྔོན་མ་ནས་བཟུང་ཡུ་རོབ་ཁུལ་དུ་ཁ་བ་ཆེན་པོ་བབས་ཏེ་གནམ་ཤིས་ཧ་ཅང་གྲང་མོ་ཆགས་ཡོད་ཅིང་། ཤར་ཡུ་རོབ་ཁུལ་གྱི་གནམ་གཤིས་འཁྱགས་ཚད་ཀོར་ཐིག་མན་གྱི་གྲངས་ ༣༥ (-35C) བར་ཟགས་ཡོད་ཅིང་། གནམ་གཤིས་གྲང་དྲག་པ་དང་གློག་འཕྲང་གི་ཆུར་འཁྱགས་པ་ཆགས་པ་སོགས་ཀྱི་དབང་གིས་ཚ་གློག་དཀོན་པོ་ཡིན་སྟབས། རླངས་རྫས་ཀྱི་ཚ་གློག་བེད་སྤྱོད་བྱེད་ཀྱི་ཡོད་ཀྱང་། ད་ཆར་རྒྱལ་མཚམས་ཁག་གི་སྐྱེལ་འདྲེན་གཞུང་ལམ་དང་མཚོ་ལམ་ཕལ་ཆེ་བར་འཁྱགས་རོམ་ཆགས་པ་དང་ཁ་བས་འགག་པར་བརྟེན། རླངས་རྫས་ཀྱི་དཀའ་ངལ་འཕྲད་ཀྱི་ཡོད་འདུག
ད་ལྟའི་ཆར་རླངས་རྫས་སྐྱེལ་འདྲེན་གྱི་ལམ་ཁ་བཟང་ཤོས་རཱ་ཤི་ཡ་ཕྱོགས་ཡིན་འདུག གནད་དོན་དེའི་ཐད་ཕྱི་ཚེས་ ༣ ཉིན་ཡུ་རོབ་མཐུན་ཚོགས་ཀྱི་ནུས་ཤུགས་(energy) ཚན་པའི་མགྲིན་ཚབ་པ་ལྕམ་ཧོལ་ཛི་ནར་(Marlene Holzner) གྱིས་བརྗོད་པ་ལྟར་ན། ད་ལྟའི་ཆར་ཡུ་རོབ་རྒྱལ་ཁབ་མང་པོ་ཞིག་གིས་རཱ་ཤི་ཡ་ནས་རླངས་རྫས་སྐྱེལ་འདྲེན་བྱེད་ཀྱི་ཡོད་སྟབས། རཱ་ཤི་ཡའི་རླངས་རྫས་འགྲོ་རྒྱུག་ཆེ་རུ་འགྲོ་བཞིན་པ་དང་ལྷན་དུ་རིན་གོང་ཡང་དུས་ཚོད་རེ་རེ་བཞིན་འཕེལ་བཞིན་ཡོད་འདུག བདུན་ཕྲག་འདིའི་ནང་ཨེ་ཊི་ལེ་དང་ཧྥ་རན་སི། དབྱིན་ཡུལ་བཅས་ཀྱི་ནང་ཡང་ཁ་བ་འབབ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་སྟབས། མི་འགྱང་བར་རྒྱལ་ཁབ་དེ་དག་ནང་ཡང་དཀའ་ངལ་གཅིག་མཚུངས་འཕྲད་རྒྱུར་ཚོད་དཔག་བྱེད་ཀྱི་ཡོད་འདུག
ཕྱི་ཚེས་ ༣ ཉིན་རཱ་ཤི་ཡའི་རླངས་རྫས་ཕྱིར་ཚོང་ཚན་པའི་མགྲིན་ཚབ་པ་ཀོམ་ལེ་ཝི་(Sergey Komlev) ཡིས་ “ང་ཚོས་རླངས་རྫས་ཚོང་བསྒྱུར་གྱི་ལས་དོན་རྣམས་ཚགས་ཚུད་ངང་སྒྲུབ་ཀྱི་ཡོད་པ་དང་། རླངས་རྫས་ཐོན་སྐྱེད་དང་སྐྱེལ་འདྲེན་འཕྲུལ་ཆས་རིགས་རྒྱུན་ལྡན་ཡིན་ལ། གང་ཐུབ་ཀྱིས་ཕྱིར་འཚོང་བྱ་རྒྱུ་ཡིན”ཞེས་བརྗོད་ཡོད་པ་རེད།
ཡུ་ཀི་རེ་ཡན་(Ukraine) གཞུང་གིས་བརྗོད་པ་ལྟར་ན་ད་སྔ་མི་ ༡༠༠ ཙམ་འཁྱགས་ཤི་ཐེབས་ཡོད་འདུག་ལ། པོ་ལེ་སི་(Poland) ནང་སྲིད་བློན་ཆེན་གྱིས་པོ་ལན་ཌིའི་མི་ ༨ ཙམ་འཁྱགས་ཤི་ཐེབས་ཡོད་སྐོར་བརྗོད་ཡོད་འདུག འོན་ཀྱང་། གོང་གི་གྲངས་ཚད་དེ་དག་ནི་གཞུང་གིས་ཕྱིར་བསྒྲགས་བྱས་པའི་རིགས་ཡིན་འདུག་ལ། སྤྱི་ཡོངས་ནས་འཁྱགས་ཤི་ཐེབས་མཁན་དང་གངས་སྐྱོན་གྱིས་སྡོད་གནས་མེད་པར་གྱུར་པའི་རིགས་ཤུགས་ཆེན་པོ་བྱུང་ཡོད་འདུག
གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བརྒྱད་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ནི་ང་ཚོའི་སྒལ་ཚིགས་ལྟ་བུ་རེད་ཅེས་གསུངས་སོང་། 

ཆུ་ཚོད་ ༤ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གྲོས་གཞིའི་ནང་ཚུད་དགོས་ཟེར།  

ཆུ་ཚོད་ ༤ སྔོན་ལ།
Liu Zhenli (left) and Zhang Youxia, are former members of China's top military authority. Photos: Handout, EPA
Mobile App

རྒྱ་ནག་གི་མཐོ་རིམ་དཔོན་རིགས་གཉིས་དམག་སྲིད་ཏང་གསུམ་གྱི་ཁོངས་ནས་ཕྱིར་ཕུད་བྱས།

ཆུ་ཚོད་ ༦ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ངས་བོད་ཀྱི་དོན་དུ་རང་སྲོག་བློས་བཏང་བྱས་པའི་བོད་མི་ ༡༧༡ གི་ཆེད་དུ་ལས་འགུལ་སྤེལ་གྱི་ཡོད།

༢༠༢༦/༠༩/༢༣
རྒྱལ་ལོ་ལགས་ཀྱིས་གཟེངས་རྟགས་བཞེས་སྐབས་གཏམ་བཤད་གནང་བཞིན་པ། པར་རྒྱལ་ལོ་ལགས་ཀྱིས་མཁོ་སྤྲོད་བྱས།
Mobile App

རྒྱལ་ལོ་ལགས་སུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་ཐོབ།

༢༠༢༦/༠༩/༢༣
Mobile App

བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་གཅིག་གི་ལས་འགུལ་དབུ་འཛུགས་ཞུས་སོང་།

༢༠༢༦/༠༩/༢༣

མཆན། 1

  1. རྒྱ་མཚོ། says:
    ལོ་ 15 སྔོན།

    གསར་འགོད་པ་ལགས།
    གཤམ་གྱི་འདི་ཚོ་ལ་བསྐྱར་ཞིབ་ཅིག་གནང་བའི་རེ་བ་ཞུ་ཡི་ཡོད།

    གྲངས་ལྷག་ཆེ་རུ་ཕྱིན་
    དཀའ་ངལ་འཕྲད་མགོ་ཚིགས་
    ཧ་ཅང་གྲངས་མོ་ཆགས་
    འཁྱགས་ཚད་ཀོར་ཐུག་མན་
    གནམ་གཤིས་གྲངས་དྲག་
    གློག་ཕྲང་གི་ཆུ་འཁྱགས་པ་
    གཞུང་ལམ་དང་མཚོ་ལམ་ཕལ་ཆེ་བར་འཁྱགས་རོམ་ཆགས་
    ཡུ་རོམ་མཐུན་ཚོགས་
    རིན་གོང་ཡང་དུས་ཚོད་རེ་རེ་བཞིན་འཕེར་བཞིན་ཡོད་
    གོང་གི་གངས་ཚད་དེ་དག་ནི་གཞུང་གིས་ཕྱིར་བསྒྲགས་བྱས་པའི་རིགས་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese