མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབྱེ་འབྱེད་དང་དྲག་གནོན་འོག་དུས་ནམ་ཡང་བོད་ཀྱི་གནད་དོན་སེལ་མི་ཐུབ།

བོད་ཀྱི་དུས་བབ།
༢༠༡༢/༠༢/༠༩
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་གཟའ་ལྷག་པའི་ཉིན་གྱི་ཕྱི་དྲོ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམས་ཀྱིས་གཙོས་སྲི་ཞུ་ལས་བྱེད་པ་ཡོངས་དང་། དྷ་ས་ཁུལ་གྱི་སེར་སྐྱ་མི་མང་བཅས་མཉམ་འཛོམས་ཐོག་བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་ཆེད་གཞི་རྒྱ་ཆེ་བའི་མཆོད་འབུལ་སྨོན་ལམ་ཞིག་གནང་སོང་།

ཁ་སང་གཟའ་ལྷག་པའི་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༣ པའི་སྟེང་དྷ་རམ་ས་ལའི་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བཀའ་སྤྱི་གཉིས་ཀྱི་གོ་སྒྲིག་འོག་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པའི་གཙོས།  བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་པ་ཡོངས་དང་། དེ་བཞིན།  དྷ་སའི་ཉེ་འདབས་ཁུལ་གྱི་དགོན་སྡེ་ཁག་གི་དགེ་འདུན་པ་རྣམས་ཀྱིས་གཙོས་པའི་སེར་སྐྱ་མི་མང་ ༣༠༠༠ ཙམ་མཉམ་འཛོགས་ཐོག  ཉེ་སྔོན་བོད་ནང་རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་མཁན་དག་གཙོས།  བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་རང་སྲོག་བློས་གཏོང་མཁན་དང་། ད་ལྟ་རྒྱའི་བཙོན་འོག་ཏུ་མནར་གཅོད་མྱོང་མཁན་རྣམས་བཅས་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ལ་རྗེས་དྲན་ཆེད།  ཆུ་ཚོད་ ༣ རིང་གཞི་རྒྱ་ཆེ་བའི་མཆོད་འབུལ་སྨོན་ལམ་ཞིག་གནང་སོང་ལ།  སྐབས་དེར་བོད་མི་སེར་སྐྱ་ཡོངས་ཀྱིས་ལུས་ལ་བོད་ལྭ་གྱོན་པ་དང་། ཁ་ལ་ཁ་རས་ནག་པོ་བརྒྱབ་སྟེ་བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་ཀྱི་རྣམ་པ་ཤུགས་ཆེན་པོ་བསྟན་པ་མ་ཟད། དགོང་མོ་དྷ་ས་ས་གནས་བདེ་དོན་གྱི་གོ་སྒྲིག་འོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནས་དྷ་ས་མོག་རྒན་བར་དུ་མར་མེ་ཁྲོམ་སྐོར་ཞིག་ཀྱང་གནང་སོང་།

བཞུགས་སྒར་དྷ་སར་གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་སྨོན་ལམ་གྲུབ་རྗེས། བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་གཏམ་བཤད་གནང་དོན།  “ དེ་རིང་ང་ཚོ་འདིར་འཛོམས་དགོས་དོན་ཚང་མས་མཁྱེན་གསལ་རེད། ད་ལྟ་བོད་ནང་ཛ་དྲག་གི་གནས་སྟངས་ཆགས་ཏེ། རྒྱ་ནག་གཞུང་གི་མཁྲེག་འཛིན་སྲིད་ཇུས་འོག་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་མང་པོ་ཞིག་དམར་གསོད་བཏང་བ་དང་འཛིན་བཟུང་བྱས་པ། ཉེས་རྡུང་བཏང་བ་སོགས་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིིན་པར་བརྟེན། ང་ཚོ་འདིར་འཛོམས་ཏེ་ད་ལྟའི་བར་རང་སྲོག་བློ་གཏོང་གནང་མཁན་ཚོ་དང་། ཁོང་རྣམ་པའི་ཕ་མ་སྤུན་མཆེད་ཡོངས་ཀྱི་ཆེད་དུ་མཆོད་འབུལ་སྨོན་ལམ་རྒྱག་གི་ཡོད་པ་རེད།” ཅེས་གསུངས་ཏེ།  མ་གཞི་མིའི་ལུས་རྟེན་འདི་ལོན་པའི་རྗེས་སུ་མི་སུ་འདྲ་ཞིག་ཡིན་ནའང་། མི་ཚེ་འདི་སྲོག་དང་ལྡན་པའི་ཐོག་ནས་སྐྱེལ་འདོད་ཡོད་པ་མ་གཏོགས། ཚེ་སྲོག་གི་རྒྱུན་གཅོད་འདོད་མཁན་སུ་གང་ཡང་མེད་ལ།   བོད་ནང་གི་བོད་མི་ཚོས་རྒྱ་གཞུང་གི་སྐྱག་རྫུན་སྲིད་ཇུས་འོག་ལ། ལོ་ལྔ་བཅུའི་རིང་ལ་དབྱེ་འབྱེད་དང་མནར་གཅོད། བརྙས་བཅོས་ཀྱི་སྡུག་བསྔལ་མ་བཟོད་པར་ལུས་མེར་བསྲེགས་བཏང་སྟེ་ཞི་བའི་ངོ་རྒོལ་བྱེད་བཞིན་ཡོད་སྟབས། ཛ་དྲག་གནས་སྟངས་དེའི་ཐད་ཧ་ཅང་བློ་འཚབ་སྐྱེས་པ་མ་ཟད།  བོད་ནང་རང་ལུས་མེར་བསྲེགས་གཏོང་མཁན་དེ་དག་ནི་གྲངས་ཀ་ཙམ་མ་ཡིན་པར། ཁོང་རྣམས་ནི་ཚེ་སྲོག་ཡོད་མཁན་གྱི་མི་ཡིན་པ་དེ་བོད་རིགས་སྤུན་ཟླ་ཚང་མས་དྲན་གསོ་བྱེད་དགོས་པ་དང་།  རང་ལུས་མེར་བསྲེགས་གཏོང་མཁན་དེ་དག་ལའང་ཕ་མ་དང་སྤུན་མཆེད། ནང་མི་ཡོད་མཁན་རྐྱང་ཡིན་སྟབས།  ང་ཚོས་སོ་སོའི་ནང་མི་ཞིག་གིས་རང་སྲོག་མེར་བཏང་བ་ཡིན་ན།  སོ་སོའི་སེམས་ནང་ལ་སྡུག་བསྔལ་དང་སེམས་འཚབ་ག་ཚོད་ཡོད་མེད་ལ་བསམ་བློ་བཏང་པའི་ཐོག་ནས།  རང་སྲོག་བློས་གཏོང་མཁན་ཁོང་ཚོའི་སྙིང་སྟོབས་དང་བློས་གཏོང་དེ་དག་སོ་སོའི་བློ་ཡིད་ལ་འཁོར་ཐུབ་པ་དང་། ཚོར་བ་རྙེད་ཐུབ་པ་བྱ་དགོས་སྐོར་གསུངས་སོང་། 

དེ་བཞིན། བཀའ་ཁྲི་མཆོག་གིས་བོད་དོན་ཐད་རྒྱབ་སྐྱོར་གནང་མཁན་རྒྱལ་སྤྱིའི་སྤྱི་ཚོགས་ཡོངས་ལ་ཐུགས་རྗེ་བཀའ་དྲིན་ཞུས་པ་དང་སྦྲགས།  འཛམ་གླིང་རྒྱལ་ཁབ་གིས་རྒྱབ་སྐྱོར་གྱི་སྐད་ཆ་གཅིག་པུ་ཙམ་ཤོད་དེ་མི་སྡོད་པར། ་བོད་ནང་ལ་ཕེབས་ཏེ་བོད་མིར་ཚོར་བ་སྡུག་བསྔལ་ག་རེ་ཡོད་མེད་དང་། རྒྱ་གཞུང་གིས་བོད་ཐོག་དྲག་གནོན་དམར་གསོད་ཀྱི་སྲིད་ཇུས་ལག་ལེན་ག་འདྲ་བསྟར་བཞིན་ཡོད་མེད་ཞིབ་འཇུག་གནང་དགོས་པའི་འབོད་སྐུལ་དང་། པེ་ཅིན་དུ་ཡོད་པའི་རྒྱལ་སྤྱིའི་གསར་འགོད་པ་རྣམས་ཀྱིས་ཀྱང་མུ་མཐུད་དུ་བོད་ནང་བསྐྱོད་རྒྱུར་འབད་བརྩོད་གནང་སྟེ། བོད་ནང་གི་དངོས་ཡོད་གནས་ཚུལ་རྣམས་རྒྱལ་སྤྱིའི་སྒང་ལ་ཁྱབ་ཐུབ་པ་ཞིག་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་མིའི་དཀའ་ངལ་མཁྱེན་རྟོག་ཡོང་བ་གནང་དགོས་པའི་འབོད་སྐུལ་ཡང་གནང་སོང་ལ།  དེ་བཞིན།  བཀའ་ཁྲི་མཆོག་གིས་ “རྒྱ་གཞུང་གིས་དྲག་གནོན་གྱི་འོག་ནས་བོད་དོན་སེལ་ཐུབ་ཀྱི་རེ་བ་བྱེད་ཀྱིན་ཡོད་ན། རེ་བ་དེ་ནམ་ཡང་འགྲུབ་ཐབས་ཡོད་པ་མ་རེད། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་བདེན་པ་རྩོད་ཀྱིན་ཡོད་པ་རེད་མ་གཏོགས། གཞན་གང་ཡང་རྩོད་ཀྱིན་ཡོད་པ་མ་རེད། སྔ་རྗེས་ཙམ་མ་གཏོགས་བདེན་པ་གསལ་ཡོང་གི་རེད།  ༸གོང་ས་མཆོག་གིས་ཕུགས་རྒྱང་རིང་པོ་གཟིགས་པའི་ཐོག་ནས། གྲོས་མོལ་གྱི་ལམ་ནས་བོད་དོན་སེལ་ཐབས་བྱེད་དགོས་པ་རེད་ཅེས་གསུངས་བཞིན་པ་ལྟར།  གྲོས་མོལ་ཐོག་ནས་བཀའ་མོལ་གནང་པ་ཡིན་ན་སེལ་ཐབས་ཡོད་པ་རེད། དེ་མ་གཏོགས་དབྱེ་འབྱེད་དང་དྲག་གནོན་གྱི་འོག་ནས་བོད་ཀྱི་གནད་དོན་སེལ་ཐུབ་ཀྱི་མ་རེད་ལ། བོད་མིའི་སྙིང་སྟོབས་དང་ལྷག་བསམ་དུས་ནམ་ཡང་མེད་པ་བཟོ་ཐུབ་ཀྱི་མ་རེད།” ཅེས་བརྗོད་སོང་།

མཇུག་མཐར།  བཀའ་ཁྲི་མཆོག་གིས་བོད་ནང་གི་བོད་མི་ཚོར་གསུངས་རྒྱུར། “ བོད་ཀྱི་བདག་པོ་ནི་བོད་ནང་གི་བོད་མི་ཚོ་ཡིན་པ་ང་ཚོ་ཚང་མས་ཤེས་ཀྱིན་ཡོད་ལ།  རྣམ་པ་ཚོས་རང་སྲོག་བློས་གཏོང་གནང་བ་དེ་ང་ཚོས་ནམ་ཡང་བརྗེད་ཐབས་མེད་པ་མ་ཟད།  ཁྱེད་རྣམ་པས་བློས་གཏོང་མཛད་པ་དེ་དག་ཆུད་ཟོས་དང་འབྲས་མེད་ནམ་ཡང་ཆགས་འཇུག་གི་མ་རེད། ཁྱེད་རྣམ་པའི་འདོད་པ་དང་རེ་བ་སྒྲུབ་རྒྱུ་དེ་ང་ཚོའི་ལས་འགན་ཆགས་ཡོད་པ་རེད། ལས་འགན་དེ་འགྲུབ་ཆེད་ཕྱི་ལོ་ཡོད་པའི་བོད་མི་སྤྱི་ཡོངས་ཀྱི་ངོས་ནས་ཞབས་འདེགས་སྒྲུབ་རྒྱུ་ཡིན་ཞེས་སྔོན་ཆད་ཞུས་མྱོང་ལ། ད་ལྟ་ཡིན་ནའང་དམ་བཅའ་བརྟན་པོ་ཡོད་ཅེས་ཞུ་རྒྱུ་ཡིན།” ཞེས་གསུངས་སོང་ལ།  དེ་བཞིན།  ལོ་གསར་སྐབས་བོད་མི་ཡོངས་ཀྱིས་ནང་དུ་ཐུགས་སྤྲོ་གཏོང་བ་སོགས་མི་གནང་པར། རང་སྲོག་བློས་གཏོང་དང་རྒྱ་ནག་གི་བཙོན་འོག་ཡོད་པའི་བོད་མི་རྣམས་རྗེས་དྲན་གྱི་ཆེད་དུ།  ཆོས་ཕྱོགས་ཀྱི་བྱེད་སྒོ་ཁོ་ན་སྲུང་བརྩི་བྱས་ཏེ་བདེན་ཚིག་སྨོན་ལམ་གསུངས་པ་དང་། དགོན་སྡེ་ཁག་ལ་མཆོད་མཇལ། བསང་གསོལ་གཏོང་བ་སོགས་གང་མང་གནང་དགོས་པའི་འབོད་སྐུལ་ཡང་གནང་སོང་།

བོད་ནང་དུ་རྒྱ་གཞུང་གིས་དམར་གསོད་དམ་དྲག་བྱེད་བཞིན་པའི་ཛ་དྲག་གནས་སྟངས་ཀྱི་རྐྱེན་པས། ཉེ་སྔོན་བཀའ་སྤྱི་གཉིས་ཀྱི་ངོས་ནས་ཕྱི་ཟླ་ ༢ ཚེས་ ༨ ཉིན་འཛམ་གླིང་ཡུལ་གྲུ་གང་སར་གནས་སྡོད་བོད་རིགས་ཡོངས་དང་། བོད་དོན་རྒྱབ་སྐྱོར་བ་ཚང་མས་བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་དགོས་པའི་གསལ་བསྒྲགས་གནང་པ་ལྟར། ཨ་རི་དང་། ཁ་ན་ཊ། ཡུ་རོབ། རྒྱ་གར། ཐེ་ཝན། ཨ་ཧྥི་རི་ཀ་སོགས་འཛམ་གླིང་རྒྱལ་ཁབ་སོ་སོའི་ནང་བོད་ནང་གི་མི་ཚོར་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྣ་ཚོགས་སྤེལ་ཡོད་པ་མ་ཟད། ལྡི་ལི་འཇན་གྷིར་མན་གྷིར་ཏུ་འབྲས་སྤུངས་བློ་གསལ་གླིང་གི་དགེ་འདུན་པ་ ༩ དང་མི་སྐྱ་ ༡ བཅས་ནས་ཆུ་ཚོད་ ༢༤ རིང་ཟས་བཅད་ངོ་རྒོལ་ཡང་གནང་ཡོད་འདུག་ལ།  ལྷག་པར་དུ་ལས་འགུལ་གྱི་ཉིན་འདིར་ཨི་ཊ་ལི་གྲོས་ཚོགས་ཀྱིས་གྲོས་ཆོད་ཅིག་བཞག་སྟེ། རྒྱ་གཞུང་གིས་བོད་ཐོག་དྲག་གནོན་བྱ་རྒྱུ་མཚམས་འཇོག་དང་། ༸གོང་ས་མཆོག་གི་སྐུ་ཚབ་དང་མཉམ་དུ་གྲོས་མོལ་གྱི་ལམ་ནས་བོད་དོན་སེལ་དགོས་པ་ནན་སྐུལ་བྱས་ཡོད་འདུག 

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Some Chinese students celebrate graduation in New York. Photo: IC
Mobile App

རྒྱ་ནག་དང་འབྲེལ་འདྲིས་ཡོད་པའི་ཨ་རིའི་སློབ་ཆེན་ཁག་ལ་རོགས་དངུལ་སྤྲོད་ལེན་མི་ཆོག་པའི་ཁྲིམས་འཆར་བཏོན།

ཆུ་ཚོད་ ༡༨ སྔོན་ལ།
Volker Türk, High Commissioner for Human Rights, welcomes the journalist at the Palais Wilson. 17 October 2022. UN photo by Violaine Martin
Mobile App

གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྩིས་མེད་གཏོང་བའི་སྲིད་ཇུས་རྣམས་མཚམས་འཇོག་དགོས་པ་ནན་བརྗོད་གནང་།

ཆུ་ཚོད་ ༢༡ སྔོན་ལ།
མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་རིང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས། དྲ་ལམ་གྱི་པར། ༢༠༢༦།༦།༡༨
Mobile App

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༢
རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་དམག་དོན་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ ཡི་ལས་རྟགས། ༢༠༢༦།༦།༢༢ པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།

༢༠༢༦/༠༦/༢༢
Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༦/༢༢
ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩

མཆན། 9

  1. བཀྲ་ཤིས། says:
    ལོ་ 14 སྔོན།

    སི་ཁྲོན་གྱིས་དཀར་མཛེས་དང་རྔ་བ་སོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་གཏོང་བའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་རྒྱུ་རེད།
    སྤེལ་དུས། 2012-02-09   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།    རྩོམ་སྒྲིག་པ།  དཔལ་མགོན་སྐྱབས་ཀྱིས་བསྒྱུར།
    གསར་འགོད་པས་ཉེ་ལམ་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ་ནས་རྒྱུས་ལོན་བྱུང་བ་ལྟར་ན། 《སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་འབྲོག་ཁུལ་མཆོང་སྐྱོད་ལྷ་བུའི་འཕེལ་རྒྱས་གཏོང་བའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བའི་སྐོར་གྱི་བསམ་འཆར》 ཞེས་པ་བཏོན་ཞིང་།《བསམ་འཆར》ནང་སི་ཁྲོན་ཞིང་ཆེན་གྱི་འབྲོག་ཁུལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་གཏོང་བའི་དམིགས་འབེན་གསལ་བོར་བཏོན་ཏེ། ལོ་ལྔ་ནས་བཅུ་བར་གྱི་དུས་ཡུན་བཀོལ་ནས་སི་ཁྲོན་ཞིང་ཆེན་འབྲོག་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་བཀག་འགོག་བྱེད་པའི་གཞི་རྩའི་གནད་དོན་ཐག་གཅོད་བྱེད་པ་དང་། འབྲོག་ཁུལ་གྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་མངོན་འགྱུར་བྱས་ཏེ། ༢༠༢༠ ལོའི་བར་ཞིང་ཆེན་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་ཡོང་དགོས་པ་བསྟན།

      སི་ཁྲོན་ཞིང་ཆེན་གྱི་འབྲོག་ཁུལ་དུ་དཀར་མཛེས་དང་རྔ་བ། ལའང་ཧྲན་བཅས་མི་རིགས་རང་སྐྱོང་ཁུལ་གསུམ་གྱི་རྫོང་ཁག ༤༨ ཚུད་ཅིང་། ས་ཁོངས་རྒྱ་ཁྱོན་གྱིས་ཞིང་ཆེན་ཡོངས་ཀྱི་བརྒྱ་ཆ ༦༡. ༣ ཟིན་ཡོད་པ་མ་ཟད། རང་བྱུང་རྩྭ་ཐང་ལ་མུའུ་དུང་ཕྱུར ༢. ༤༥ ཡོད་པས། རྒྱལ་ཡོངས་ཀྱི་འབྲོག་ཁུལ་ཆེན་པོ་ལྔ་ཡ་གྱལ་ཞིག་ཏུ་གྱུར་ཡོད།

    . 《བསམ་འཆར》ནང་། ངེས་པར་དུ་འབྲོག་ཁུལ་གྱི་དོན་དངོས་གནས་ཚུལ་དང་བསྟུན་ནས། སྐྱེ་ཁམས་སྲུང་སྐྱོབ་ཀྱིས་སྔོན་འགྲོ་དང་། སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་གནད་གཙོ་བོར་བཟུང་ནས། སྐྱེ་ཁམས་གནོད་འཚེ་མི་ཐེབས་པའི་ཆ་རྐྱེན་འོག་འཕེལ་རྒྱས་གཏོང་དགོས་པ་དང་། མི་བུ་གཙོར་བཟུང་ནས་དམངས་འཚོ་ལེགས་སྒྱུར་བྱེད་པ། ས་གཤིས་དང་བསྟུན་ནས་རིགས་དབྱེ་མཛུབ་སྟོན་བྱེད་པ། བཅོས་བསྒྱུར་གཏིང་ཟབ་དང་སྒོ་འབྱེད་རྒྱ་ཆེར་གཏོང་བ། རང་ཁ་རང་གསོ་དང་སྲིད་གཞུང་གིས་རྒྱབ་སྐྱོར་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བཅས་བྱས་ཏེ། འབྲོག་ཁུལ་དུ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བ་བྱེད་དགོས་པ་སོགས་ནན་གྱིས་བསྟན་ཡོད།

    《བསམ་འཆར》ནང་བཏོན་པ་ལྟར་ན། འབྲོག་ཁུལ་སྲིད་གཞུང་གིས་དོན་དངོས་ཞིབ་འཇུག་གནས་ཚུལ་དང་བསྟུན་ནས། གཞི་རྩའི་ལག་བསྟར་འཆར་གཞི་དང་སྲིད་ཇུས་བྱེད་ཐབས་སོགས་གཏན་འཁེལ་བྱས་ཏེ། དཔྱད་ཞིབ་རྒྱུགས་ལེན་དང་བྱ་དགའ་གནང་བའི་ལམ་ལུགས་གཏན་འབེབ་བྱེད་དགོས་པ་བསྟན་ཡོད།

    འཕེལ་རྒྱས་དམིགས་འབེན།

    འབྲོག་ཁུལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་གཏོང་བར་གོམ་སྟབས་གཉིས་བགྲོད་དགོས།

    《བསམ་འཆར》ནང་། ལོ ༥ ནས ༡༠ བར་གྱི་དུས་ཡུན་བཀོལ་ཏེ། སི་ཁྲོན་ཞིང་ཆེན་གྱི་འབྲོག་ཁུལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་དགོས་པ་བསྟན་ཡོད།

    ༢༠༡༥ ལོའི་བར་དུ། རྩྭ་ཐང་འགན་གཙང་ལེན་དང་གཞི་རྩའི་རྩྭ་ཐང་འཆར་འབེབ་ལས་དོན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱེད་པ་དང་། འབྲོག་དམངས་གཏན་སྡོད་ས་ཚིགས་དང་དབྱིས་རིགས་ཁྱིམ་གཞིས་གསར་བའི་སྤྱི་པའི་ཞབས་ཞུའི་ཐབས་ལམ་མངོན་འགྱུར་བྱེད་པ་མ་ཟད། འབྲོག་མིའི་ཡོང་འབབ་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་ཉེ་བར་བྱེད་པ། ས་ཁུལ་ཐོན་སྐྱེད་རིན་ཐང་ ༢༠༡༠ ལོའི་རྨང་གཞིའི་སྟེང་དུ་ལྡབ་གཅིག་ལྷག་འཕར་སྣོན་བྱས་ཏེ། རང་ཉིད་འཕེལ་རྒྱས་གཏོང་བའི་ནུས་ཤུགས་གཏན་འཇགས་ངང་གོང་འཕེལ་གཏོང་བ་དང་། སྤྱི་པའི་ཞབས་ཞུ་མཁོ་འདོན་ནུས་པ་དང་ཚད་ལོན་རང་བཞིན་མངོན་གསལ་ངང་གོང་འཕེལ་གཏོང་དགོས་པ་སོགས་བསྟན་ཡོད།

    ༢༠༡༥ ལོའི་བར་དུ། ཕྱོགས་ཡོངས་ནས་རྩྭ་ས་ཆ་སྙོམས་ངང་གསོག་ཉར་མངོན་འགྱུར་བྱས་ཏེ། འབྲོག་མིའི་ཡོང་འབབ་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལོན་པར་བྱེད་པ་དང་། ཐོན་སྐྱེད་རིན་ཐང་ ༢༠༡༥ ལོའི་རྨང་གཞིའི་སྟེང་དུ་ལྡབ་གཅིག་ལྷག་འཕེལ་བ། འཕེལ་རྒྱས་སྒྲིག་གཞི་སྔར་ལས་ཆ་ཚང་གཏོང་བ། སྤྱི་པའི་ཞབས་ཞུའི་ནུས་པ་ཕལ་ཆེར་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དུ་སླེབས་པར་བྱེད་པ། སློབ་གསོ་དང་རིག་གནས། འཕྲོད་བསྟེན། ལུས་རྩལ་སོགས་སྤྱི་ཚོགས་ལས་རིགས་ཁག་ཕྱོགས་ཡོངས་ནས་གོང་འཕེལ་གཏོང་དགོས་པ་རེད།

    སྐྱེ་ཁམས་ཐོན་ལས་གོང་འཕེལ་གཏོང་བ།

    འཛམ་གླིང་ཡོངས་ཀྱི་ཡུལ་སྐོར་ས་ཚིགས་གཙོ་བོ་འཛུགས་སྐྲུན་བྱེད་པ།

       ཡུལ་སྐོར་ལས་རིགས་ནི་འབྲོག་ཁུལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་གཏོང་བའི་གནད་འགག་གཙོ་བོ་ཡིན། 《བསམ་འཆར》ནང་བསྟན་དོན། འབྲོག་ཁུལ་གྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་། འབྲོག་ཁུལ་གྱི་ཡུལ་སྐོར་གསར་འབྱེད་འཆར་གཞི་བསྒྱུར་བཅོས་གཏན་འབེབ་དང་ཆ་ཚང་དུ་གཏོང་དགོས་པ་མ་ཟད། རང་བྱུང་རྗེས་ཤུལ་དང་རྒྱལ་ཁབ་ཀྱི་ཡུལ་ལྗོངས་གྲགས་ཅན་ཁག རང་བྱུང་སྲུང་སྐྱོབ་ཁུལ། འདམ་ར་གཙོ་བོ་ཁག་བཅས་དོ་དམ་ཤུགས་ཆེར་གཏོང་བ་དང་། ཤམ་བྷ་ལའི་ཁུལ་ཆེན་མོ་དང་གཟི་ཚ་སྡེ་དགུའི་ཁུལ་ཆེན་མོ། ཆུང་ཧའེ་ལུའོ་ཅི་རི་བོ་སོགས་ཡུལ་སྐོར་ཁུལ་གཙོ་བོ་ཁག་བཅས་འཛུགས་སྐྲུན་དམ་ཟབ་བྱེད་པ་དང་། རྒྱལ་སྤྱིའི་རང་བཞིན་གྱི་ཡུལ་སྐོར་ལམ་ཐིག་བཞེངས་སྐྲུན་བྱས་ཏེ། འབྲོག་ཁུལ་དེ་དག་འཛམ་གླིང་གི་ཡུལ་སྐོར་ས་ཁུལ་གཙོ་བོར་འཛུགས་སྐྲུན་བྱེད་དགོས་པ་བསྟན་ཡོད། འབྲོག་དམངས་གཏན་སྡོད་འཆར་གཞི་དང་དབྱིས་རིགས་ཁྱིམ་གཞི་གསར་བ་འཛུགས་སྐྲུན་ལས་དོན་དང་འབྲེལ་ནས། ཞིང་འབྲོག་ཁྱིམ་སྟོང་ཕྲག་མང་བོར་སྤྲོ་སྣང་བསྐྲུན་པའི་ལས་གཞིར་མཛུབ་སྟོན་ལག་བསྟར་བྱེད་པ་ཇེ་མགྱོགས་སུ་བཏང་ནས། འབྲོག་ཁུལ་གྱི་གྲོང་སྡེའི་སྐྱེ་ཁམས་ཡུལ་སྐོར་གོང་འཕེལ་གཏོང་བ་དང་། རྩྭ་ཐང་གི་མཛེས་ལྗོངས་དང་མི་རིགས་གོམས་གཤིས། ཆོས་ལུགས་རིག་གནས་སོགས་ཁྱད་ཆོས་གཙོ་བོ་བྱས་པའི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་ནས། ཡུལ་སྐོར་ལས་རིགས་ཀྱིས་ཞིང་འབྲོག་མིའི་ལས་ཞུགས་གཏན་འཇགས་ཡོང་བ་དང་ཡོང་འབབ་འཕར་སྣོན་རྒྱུན་མཐུད་ཡོང་བར་སྐུལ་འདེད་དང་སྣེ་ཁྲིད་སོགས་བྱེད་དགོས་པ་རེད།

    སྐྱེ་ཁམས་ཁྱད་ཆོས་ཅན་གྱི་ཐོན་ལས་འཕེལ་རྒྱས་ཤུགས་ཆེར་བཏང་ནས། འབྲོག་མིའི་ཐོན་ལས་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། སི་ཁྲོན་ཞིང་ཆེན་གྱིས་《བསམ་འཆར》ལྟར། འབྲོག་ཁུལ་དུ་ནུས་ཁུངས་གཙང་མ་དང་། ཁོར་ཡུག་དང་མཐུན་པའི་ཐོན་ཁུངས་སྔོག་འདོན་བཀོལ་སྤྱོད་བྱེད་པའི་རྣམ་གྲངས་སྔོན་དུ་འཛུགས་སྐྲུན་ཚད་འཇལ་བྱེད་པར་རྒྱབ་སྐྱོར་དང་། འབྲོག་ཁུལ་དུ་ཁེ་ལས་ཆུང་འབྲིང་འཛུགས་སྐྲུན་འཕེལ་རྒྱས་གཏོང་བར་རོགས་སྐྱོར་བྱེད་པའི་ཐེབས་རྩ་འཛུགས་པར་རྒྱབ་སྐྱོར་བྱེད་པ།

    ༢༠༢༠ ལོའི་ཟླ ༡༢ པའི་ཚེས ༣༡ ཉིན་གྱི་སྔོན་དུ། ཆ་རྐྱེན་འཛོམས་པའི་སྐུལ་འདེབས་རང་བཞིན་གྱི་ཐོན་ལས་ཏེ་འབྲོག་ཁུལ་གྱི་ཁེ་ལས་ཁག་གི་ཁྲལ་འཇལ་ཚད་བརྒྱ་ཆ ༡༥ ཇེ་དམར་གཏོང་རྒྱུ་དང་། དངུལ་རྩའི་སྡེ་ཁག་གིས་རྩྭ་ས་དང་ནགས་ཁུལ་བཀོལ་སྤྱོད་དབང་ཐང་སོགས་གཏའ་མར་འཇོག་པ་སོགས་གཏའ་འཇོག་འགན་ལེན་ཐབས་ལམ་སྣ་ཚོགས་སྒྲུབ་པར་སྐུལ་འདེད་དང་། དངུལ་རྩ་འགན་ལེན་ཀུང་སིས་འབྲོག་ཁུལ་གྱི་ཐོན་ལས་ཁག་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པ་མ་ཟད། འབྲོག་ཁུལ་དང་ནང་ལོགས་ས་ཁུལ་གྱིས་མཉམ་དུ་ཐོན་ལས་ས་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་དང་རྒྱབ་སྐྱོར་བྱས་ཏེ། ས་ཁུལ་དེ་དག་གི་དཔལ་འབྱོར་འཕེལ་རྒྱས་གཏོང་དགོས་པ་རེད།

    ཤུགས་ཆེན་པོས་མང་ཚོགས་ཀྱི་འཚོ་བར་ལེགས་བཅོས་བྱེད་པ།

    སྤྱི་པའི་ཞབས་ཞུའི་ནུས་པ་དང་འཕེལ་རྒྱས་ཆ་རྐྱེན་ཇེ་ལེགས་གཏོང་བ།

    《བསམ་འཆར》ནང་དམངས་འཚོ་ལེགས་བཅོས་ལས་དོན་དང་འབྲེལ་ནས། འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཤུགས་ཆེར་གཏོང་བ་དང་། འབྲོག་ཁུལ་གྱི་སྤྱི་པའི་ཞབས་ཞུའི་ནུས་པ་ཇེ་མཐོར་བཏང་ནས། འབྲོལ་ཁུལ་འཕེལ་རྒྱས་ཆ་རྐྱེན་ཇེ་ལེགས་སུ་གཏོང་དགོས་པ་བསྟན།

    འགྲིམ་འགྲུལ་ཕྱོགས་ནས། སི་ཁྲོན་ཞིང་ཆེན་གྱི་འབྲོག་ཁུལ་ཏུ་ཡིང་ཞིའུ་ནས་ཝུན་ཁྲོན་བར་གྱི་མགྱོགས་བགྲོད་གཞུང་ལམ་འཛུགས་སྐྲུན་ཤུགས་ཆེན་པོ་བྱས་ཏེ། ལོ་ལྔ་ཚན་བཅུ་གཉིས་རིང་དུ་ཡ་ཨན་ནས་དར་རྩེ་མདོ་དང་། མེན་དབྱང་ནས་གཟི་ཚ་སྡེ་དགུ། ཝུན་ཁྲོན་ནས་འབར་ཁམས། ཝུན་ཁྲོན་ནས་གཟི་ཚ་སྡེ་དགུ། ཞི་ཁྲང་ནས་ཀྲའོ་ཐུང་སོགས་བར་གྱི་མགྱོགས་བགྲོད་གཞུང་ལམ་འཛུགས་སྐྲུན་བྱེད་རྒྱུ་མ་ཟད། འབྲོག་ཁུལ་གྱི་གཞུང་ལམ་གཙོ་བོ་ཁག་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས། གངས་དཀར་རི་བོ་དང་གཟི་ཚ་སྡེ་དགུའི་ཁུལ་ཆེན་མོ། ཤམ་བྷ་ལའི་ཁུལ་ཆེན་མོ་སོགས་ཡུལ་སྐོར་ས་ཁུལ་གཙོ་བོ་ཁག་གི་གཞུང་ལམ་འཛུགས་སྐྲུན་སྐུལ་འདེད་གཏོང་བ་དང་། གྲོང་སྡེ་སོ་སོར་གཞུང་ལམ་འཛུགས་སྐྲུན་བྱེད་པ་དང་ཞིང་འབྲོག་གཏན་སྡོད་ས་ཚིགས། དབྱིས་རིགས་ཁྱིམ་གཞིས་གསར་བ་སོགས་ལ་གཞུང་ལམ་འཛུགས་སྐྲུན་ཕྱོགས་ཡོངས་ནས་ཇེ་མགྱོགས་སུ་གཏོང་རྒྱུ།

    དེ་མིན་ད་དུང་རྔ་བ་ཁུལ་ཁྱུང་མཆུ་རྫོང་དང་དཀར་མཛེས་ཁུལ་གྱི་ཏའོ་ཁྲེང་ཡ་ཏིང་གནམ་གྲུ་འབབ་ཚིགས་འཛུགས་སྐྲུན་གྱི་ལས་འགོ་བརྩམས་པ་དང་། དཀར་མཛེས་གནམ་གྲུ་འབབ་ཚིགས་འཛུགས་སྐྲུན་གྱི་སྔོན་འགྲོའི་ལས་དོན་སྐུལ་འདེད་གཏོང་བ། ཁྲིན་ཏུའུ་ནས་ལན་ཀྲོའུ་བར་གྱི་ལྕགས་ལམ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ།

    སྐྱེ་ཁམས་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་པ།

    འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཁེབས་འཛུགས་སྐྲུན་བྱེད་པ།

    རྩྭ་ཐང་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་པའི་ལས་དོན་དང་འབྲེལ་ནས། འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཁེབས་འཛུགས་སྐྲུན་བྱེད་དགོས། 《བསམ་འཆར》ནང་བསྟན་དོན། སི་ཁྲོན་ཞིང་ཆེན་འབྲོག་ཁུལ་གྱིས་གཞི་རྩའི་རྩྭ་ཐང་སྲུང་སྐྱོབ་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ༢༠༡༥ ལོའི་བར་དུ་གཞི་རྩའི་རྩྭ་ཐང་འཆར་འགོད་རྒྱ་ཁྱོན་གྱིས་འབྲོག་ཁུལ་རྩྭ་ཐང་གི་བརྒྱ་ཆ ༨༠ ཟིན་པ་བྱེད་པ་དང་། རྩྭ་ཐང་གི་ནུས་ལྡན་ཁུལ་འཆར་འགོད་བྱེད་པའི་ལས་དོན་ཇེ་མགྱོགས་སུ་བཏང་ནས། གྲང་ངར་ཆེ་ཁུལ་དང་ཞིང་འབྲོག་འདྲེས་མ་ཁུལ། ཨན་ཉིང་གཙང་བོ་དང་རྒྱལ་རོང་རྒྱལ་མོ་རྔུལ་ཆུ། རྨིན་ཅང་གཙང་བོ་འབབ་ཁུལ་བཅས་སུ་ཚན་རིག་དང་མཐུན་པའི་སྒོ་ནས་རིགས་དབྱེ་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོབ་རྣམ་པ་འཛུགས་སྐྲུན་བྱེད་རྒྱུ།

    《བསམ་འཆར》ནང་བསྟན་པ་ལྟར་ན། སི་ཁྲོན་ཞིང་ཆེན་གྱིས་སི་ཁྲོན་ཞིང་ཆེན་མཚོ་བོད་མཐོ་སྒང་སྐྱེ་ཁམས་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་འཆར་གཞི། སི་ཁྲོན་དང་བོད་ལྗོངས་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་འཆར་གཞི་ལག་བསྟར་བྱེད་པ། དཀར་མཛེས་དང་རྔ་བ་སོགས་གྲང་ངར་ཆེ་བའི་རྩྭ་ཐང་ཁུལ་གྱི་སྐྱེ་ཁམས་བསྐྱར་གསོ་ཇེ་མགྱོགས་སུ་གཏོང་བ། རང་བྱུང་རྩྭ་ཐང་དུ་སྒོ་ཕྱུག་ཇེ་ཉུང་བཏང་ནས་རྩྭ་ཆུ་སྲུང་སྐྱོབ་ལས་གཞི་སོགས་མུ་མཐུད་དུ་ལག་བསྟར་བྱས་ཏེ། འབྲོག་ཁུལ་གྱི་གཤེར་ས་འཛུགས་སྐྲུན་དང་བྱེ་འགྱུར་ལེགས་བཅོས་བཅས་ལ་སྐུལ་འདེད་གཏོང་རྒྱུ་དང་། ད་དུང་ལོ་རེ་རེར་རྩྭ་ཐང་གི་འགྱུར་ལྡོག་ལ་བརྟག་དཔྱད་བྱེད་པ་དང་། ལོ་ལྔ་རེའི་ནང་དུ་རྩྭ་ཐང་ཐོན་ཁུངས་ལ་ཕྱོགས་ཡོངས་ནས་བརྟད་ཞིབ་བྱེད་རྒྱུ་བཅས་རེད།

    ཅེས་བཀོད་ཡོད་པ་རེད།

    Reply
  2. འཇིགས་མེད་སེང་གེ says:
    ལོ་ 14 སྔོན།

    བཀའ་ཁྲི་མཆོག་ལ་ངས་ལམ་སྟོན་ཞིག་ཞུ། དེ་ཐུགས་ལ་ཉར་རོགས།
    ༼ མི་རིགས་དབྱེ་འབྱེད་༽ཟེར་བ་དང་༼ མི་རིགས་བར་གྱི་ཞེ་འཁོན་༽ཞེས་པའི་ཚིག་འདི་དག་ཕོ་གསར་གྱི་སྣང་བ་དང་། ལས་རྒྱུ་མེད་པའི་ནོངས་ཀྱིས་བཤད་ཀྱིན་བསྡད་ན་འགྲིག་ཡོད་པ་མ་རེད། ཁྱེད་རང་དབུ་མའི་ལམ་གྱི་དབུ་ཁྲིད་དང་བོད་རྒྱ་འབྲེལ་མོལ་གྱི་མཇུག་སྐྱོང་མཁན་ཡིན་པས་ལྟ་གྲུབ་དེ་དང་ཆོད་སེམས་དེར་གོང་གི་ཚིག་འདི་དག་གསུང་རྐྱང་བྱས་ན་འགྲིག་གི་མེད། དེ་བྱུང་རབས་ལ་ལྟོས་པས་ཤེས་ལ། ༧གོང་ས་མཆོག་དང་བཀའ་སྤྱི་སྔོན་མ་དག་གི་གསུང་འཕྲིན་གཏམ་བཤད་གལ་ཆེན་རྣམས་བསྐྱར་ཀློག་ཅིག་བྱས་ན་ཐུགས་ཆུབ་ཡོང་ངེས་ཡིན།
    དཔེའི་སྒོ་ནས་བརྗོད་ན། རྒྱ་ནག་གཞུང་གིས་ཆོད་སེམས་མེད་པའི་ཆབ་སྲིད་ཀྱི་ཇུས་ངན་རིམ་པས་ཁུངས་འཁྱོལ་གྱི་མེད་པ་དེས། ཁྱེད་ལྟར་ན་’’རང་གི་ནང་མི”སྟེ་བོད་མི་ཚོས་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད། ཐེར་འདོན་བྱེད་ཀྱི་ཡོད་པ་རེད། དེ་ནི་ཁྱོ་ག་ཞིག་གིས་རང་གི་སྐྱེད་དམན་ལ་མགོ་བསྐོར་བཏང་སྟེ་ཟུར་ནས་བུད་མེད་བསྟེན་པ་དང་མཚུངས། གལ་སྲིད་བུད་མེད་བསྟེན་མཁན་དེ་ཁྱེད་རང་ཡིན་དབང་དུ་བཏང་ན། ཉིན་ཞིག་བཀའ་ཤག་ཡིག་ཚང་དུ་ཁྱེད་ཀྱི་སྐྱེད་དམན་ཤོར་ནས་ངུས་ནས་ཁྱེད་ལ་ངོ་རྒོལ་བྱེད་དུ་ཡོང་ན། ཁྱེད་ཀྱིས་ཞུ་བ་འཐེན་རྒྱུ་ལས། ཉེ་འགྲམ་ལ་ངོ་ནོངས་ནས་སྐྱེད་དམན་ལ་འགྲམ་ལྕགས་གཞུས་དང་གཅིག་མཚུངས་རེད། རྒྱ་ནག་གཞུང་ཡང་དེ་ག་རང་རེད། རང་གི་རུལ་སུངས་ཀྱི་སྲིད་བྱུས་ལ་ངོ་ནོངས་ནས་ལམ་སེང་དྲག་གནོན་བྱེད་ཀྱི་ཡོད་པ་རེད། ཁྱོ་ག་དེ་དང་རྒྱ་ནག་གཞུང་གི་བྱེད་ཕྱོགས་གཅིག་པ་ཆགས་ཀྱི་ཡོད་པ་རེད། དེ་འགྲོ་བ་མིའི་གཤིས་རྒྱུད་དང་འབྲེལ་བ་ཡོད་པ་རེད། སྐབས་དེར་ཁྱོ་ག་དེ་དང་རྒྱ་ནག་གཞུང་གཉིས་ཀས་རང་སྐྱོན་ངོས་ལེན་བྱེད་རྒྱུ་ལས། ཧམ་པ་དང་དབང་ཤེད་ཚད་ཀྱི་ཡོད་པ་རེད། སྐབས་དེར་ད་དུང་ཁྱོ་གས་བུད་མེད་ཀྱི་ཡག་བཙོག་བྱེད་ན་འགྲིག་གམ། དེ་ནི་མི་རིགས་དབྱེ་འབྱེད་དུ་འདོགས་རྒྱུ་ལས། ངོ་ནོངས་པའི་ལས་ནོར་དག་ལ་སྡེབས་ལངས་ཀྱིས་མེར་བསྲེགས་མ་བཏང་རོགས་ཞེས་བཤད་ན་དབུ་ཁྲིད་ཅིག་ལ་འོས་འཚམས་མ་རེད་དམ།
    བཀའ་ཁྲི་མཆོག་གིས་འདང་དགོང་རང་ལུས་མ་བསྲེགས་པར་ཞི་བའི་སྒོ་ནས་བོད་མི་ཡོངས་སུ་སྡེབས་ལངས་ཀྱིས་རྣམ་དཔྱོད་དང་ལྡན་པའི་འཐབ་རྩོད་བྱེད་དགོས་ཞེས་ཕེབས་ཡོད་ན། ད་གཟོད་མི་རིགས་དབྱེ་འབྱེད་ཀྱི་ཚིག་འདི་བེད་སྤྱོད་གཏོང་དགོས་རྒྱུ་མ་རེད། ཉིད་ཀྱི་གྲོས་མོལ་གྱི་ཐུགས་འདུན་ལེགས་གྲུབ་འབྱུང་གི་རེད།
    ལར་ནས་རྒྱ་ནག་གིས་ཚིག་འདི་དག་སྤྱོད་ཤུགས་ཆེན་པོས་ཁྱེད་དང་ཁྱེད་ཀྱི་གཞུང་ལ་དངོས་གནས་འབྲེལ་བ་གང་ཡང་མ་བྱས་ན། དེ་རིང་ནས་བོད་ཡོངས་སུ་སྒོ་རྒྱབ་པ་ལྟ་བུ་ཞིག་གསར་ལམ་ཁག་ཏུ་ཐོན་མི་འདུག་གམ། དངོས་གནས་འཆར་གཞི་དགོས་པ་རེད། ང་ཚོས་ཁྱེད་བཀའ་བློན་ཁྲི་པར་བརྩི་བཞིན་ཡོད།

    Reply
  3. འཁྱམས་པོ། says:
    ལོ་ 14 སྔོན།

    ད་དེ་ཙམ་གྱིས་ཆོག་ན་ཁ་འདོན་དང་མར་མེ་སྒྲོན་རྒྱུ་ནི་བོད་ནང་དུའང་བྱེད་ཐུབ་ལ་ཆོག་ཡང་ཆོག
    བོད་ནང་ལོགས་ཀྱི་སྦུན་ཟླ་ཚོས་མེ་མདའི་མཆུ་འོགས་ནས་རང་སྲོག་མེ་ལ་སྒྲོན་བཞིན་རྒྱ་དགྲ་ལ་ངོ་རྒོལ་བྱེད་ཐུབ་ན།
    བཙན་བྱོལ་རང་དབང་ལུང་པའི་བོད་པ་ཚོས་མགོ་འཁྲིད་མི་སྐྱ་ཞིག་གདམས་ནས་ཁ་འདོན་རེ་སྐོར་ར་རེ་བྱས་སྡོད་རྒྱུ་ཡིན་ནམ།
    ་ནུབ་ཕྱོགས་གསར་འགོད་པ་འགས་བོད་བཙན་བྱོལ་གཞུང་ལ་སྡོམ་ཚིགས་བརྒྱབ་པ་དེའང་ཇི་མ་བདེན་་

    Reply
  4. མགོ་ལོག་ཟླ་བྷེ། says:
    ལོ་ 14 སྔོན།

    རེ་བ་རི་ལྟར་མཐོ་བའི་བཀའ་ཁྲི་ཡི ། །
    བློ་གྲོས་མཁའ་ལྟར་ཡངས་པའི་ཐུགས་ཀློང་ནས ། །
    དུས་བབ་ཆར་ལྟར་འཇོ་བའི་གསུང་བཟང་བཅུད ། །
    གཞིས་བྱེས་སྤུན་ལྟར་བརྩེ་བའི་གསོས་སུ་རོལ ། །

    Reply
  5. ཤིང་ལོ། says:
    ལོ་ 14 སྔོན།

    གཞིས་ལུས་ཀྱི་སྤུན་ཟླ་ཚོས་ལོ་ངོ་ལྔ་བཅུ་ནས་དྲུག་ཅུའི་རིང་དཀའ་སྡུག་དུ་མ་ཁྱད་དུ་བསད་ནས་ང་ཚོ་དང་། དྲང་བདེན་གྱིས་ང་ཚོར་རྒྱབ་སྐྱོར་གནང་མཁན་ཚོར་རེ་བ་དང་ཡིད་ཆེས་བྱས་ཏེ། ས་སྲ་མོར་གོམ་པ་སྙི་མོ་བཙུགས་ནས། རང་གི་རིག་གཞུང་སྲུང་སྐྱོབ་དང་། ས་ཆ་བརྟན་སྲུང་བྱས་ནས་བཞུགས་ནི་རེད། དེའི་ཐོག་ལ་ཁ་འདོན་དགེ་སྦྱོར་ཡོད་ཡོད་པ་རེད། འོན་ཀྱང་དེའི་མ་འགྲིགས་པར་རང་སྲོག་མེ་ལ་སྦར་བ་དང་། མེ་མདའི་ཁ་ལ་སྐྱེབ་པར་བྱེད་ཀྱི་ཡོད་པ་རེད། བོད་མིའི་སྒྲིགས་འཛུགས་ལའང་ཁ་ཏོན་འདོན་རྒྱུ་མ་གཏོགས་ཆབ་སྲིད་ཀྱང་མེད་ན་ད་ཚར་སོང་ནི་རེད། དགའ་ལྡན་ཕོ་བྲང་སྒྲིགས་འཛུགས་ཤིག་གི་མིང་ལ་བསྒྱུར་ནོ་དོན་གོ་དེ་ཡིན་རྒྱུ་རེད། དེང་རབས་ཀྱི་སློབ་གསོ་དང་། ཕྱིའི་ཤེས་ཡོན་དང་ཆབ་སྲིད་ཡོད་པའི་འགོ་ཁྲིད་ང་ཚོས་འདམས་ཡོད་ཅེས་༸གོང་ས་མཆོག་གི་ཐུགས་ཀྱང་དགྱེས་ཡོད་ལ་མི་མང་ཡང་འདོད་པ་ཚིམས་ཡོད། ད་ཟམ་གདོང་བླ་རྒན་དང་གཅིག་མཚུངས་བྱས་དང་ཁྱེད་ལ་སྡོམ་ཚིག་ཞུ་ནི་རེད།

    Reply
  6. ངག་དབང་རབ་རྒྱས། says:
    ལོ་ 14 སྔོན།

    གཞུང་འབྲེལ་གྱི་མཛད་སྒོ་དང་ལྷག་པར་ལས་འགུལ་འདི་འདྲའི་སྐབས་སུ་སྐྱབས་བཅོལ་སྒྲིག་འཛུགས་ཀྱི་དབུ་ཁྲིད་དང་གཞུང་ཞབས་རྣམ་པ་དེ་ཙམ་མཐོང་རྒྱུ་ཐོས་རྒྱུ་ཡོད་པ་མ་རེད་ལ་ཁ་སེང་གི་ལས་འགུལ་སྐབས་སུ་དེ་འདྲ་རང་རེད་འདུག་དོན་ངོ་མ་དབུས་བོད་མིའི་སྒྲིག་འཛུགས་ནང་ཕྱག་ལས་གནང་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དབུས་པའི་ལས་བྱེད་རྣམས་ནི་བོད་པའི་འཐབ་རྩོད་དང་ལས་འགུལ་སོགས་སྣེ་ཁྲིད་བྱེད་མཁན་ཡིན་དུས་ཁོང་རྣམ་པ་ཚང་མ་ལས་ཁུངས་ནང་ཕྱག་ལས་ལ་ཕེབས་པ་ནང་བཞིན་ཕེབས་དགོས་ངེས་རེད།

    Reply
  7. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ད་ལྟའི་རྒྱ་གཞུང་ལས་བྱེད་ཚོར།
    གང་ལ་དྲག་གནོན་ཡོད་སར་ངོ་རྒོལ་དང་།
    གང་དུ་དབྱེ་འབྱེད་ཡོད་སར་འཁྲུགས་རྫིང་ཡོང་ངེས་ཡིན་པ་མི་ཤེས་སམ།
    རྒྱལ་འགྱུར་ཅིག རྒྱལ་འགྱུར་ཅིག བདེན་པ་ཉིད་རྒྱལ་འགྱུར་ཅིག །

    Reply
  8. ཤར་མདའ། says:
    ལོ་ 14 སྔོན།

    བཀའ་ཁྲི་མཆོག་གི་གསུང་པ་ལ་ཡི་རང་ཡོད་ད་དུང་འདི་ལྟར་ལས་འགུལ་གང་མང་ཞིག་གནང་བས་རེ་བ་ཡོད།   རྒྱལ་ཁབ་འདྲ་མིན་དུ་ལས་འགུལ་སྤེལ་རོགས་ཟེར་ནས་འབོད་བསྐུར་གནང་རྒྱུ་གལ་ཆེན་རེད་སྤུན་ཟླ་གང་མང་ཞིག་གི་འུ་ཚོ་ལ་ལྟས་ནས་འདི་ལྟར་རང་སྲོག་བློས་གཏོང་གི་ཡོད་པ་དེ་ཁྱེད་ཀྱི་མཁྱེན་གསལ་རེད་བཀའ་དྲིན་ཆེ་བོད་མིའི་གཟི་བརྗིད་རེད།

    Reply
  9. ཤེལ་དཀར་བློ་བཟང་། says:
    ལོ་ 14 སྔོན།

    རྒྱ་ནག་གུང་ཁྲན་རིང་ལུགས་པ་རྣམས་སྤྱང་པོ་དང་གྲུང་པོ་ཡོད་ན། ད་ལྟ་༸རྒྱལ་བ་དོན་གྱི་བདག་པོ་སྐུ་འཚོ་བཞུགས་དེར་གྲོས་མོལ་གྱི་ལམ་ནས་རྒྱ་བོད་གཉིས་ཀྱི་དཀའ་ངལ་དེ་སེལ་ཐབས་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། འབྱུང་འགྱུར་རྒྱ་བོད་ཀྱི་དཀའ་རྙོག་དེ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་རྒྱུ་ལས་ཐབས་གཞན་མེད།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese