མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡེ་ཤུ་ཆོས་དཔོན་ངྷ་སར་ཕེབས་པ།

བོད་ཀྱི་དུས་བབ།
༢༠༡༢/༠༢/༠༩
Share on FacebookShare on TwitterShare on EmailShare on Whatsapp

ཡེ་ཤུ་ཆོས་དཔོན་ཌ་སི་མན་ཊའུ་ཊའུ་མཆོག་བཞུགས་སྒར་ངྷ་རམ་ས་ལར་ཕེབས་ཏེ་༧གོང་ས་མཆོག་ལ་མཇལ་འཕྲད་རྒྱུ་རེད།

སང་ཉིན་ལྷོ་ཨ་ཧྥི་རི་ཀའི་ཡེ་ཤུ་ཆོས་དཔོན་ཌ་སི་མན་ཊའུ་ཊའུ་(desmond tutu)མཆོག་བཞུགས་སྒར་ངྷ་རམ་ས་ལར་ཕེབས་ཏེ། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཕེབས་བསུའི་མཛད་སྒོ་ཞིག་གོ་སྒྲིག་ཞུ་རྒྱུ་ཡིན་པ་དང་། སྔ་དྲོའི་ཆུ་ཚོད་ ༡༠ ཡས་མས་ལ་༧གོང་ས་མཆོག་དང་ཡེ་ཤུ་ཆོས་དཔོན་རྣམ་གཉིས་ཀྱིས་ཡོངས་ཁྱབ་ཐོག་གསར་འགོད་པ་ཚོར་ཐུག་འཕྲད་གནང་རྒྱུ་རེད། 

ཡེ་ཤུ་ཆོས་དཔོན་ཊའུ་ཊའུ་མཆོག་ནི་༧གོང་ས་མཆོག་དང་ཧ་ཅང་ཐུགས་ཐག་ཉེ་བའི་གྲོགས་པོ་ཞིག་ཡིན་ཞིང་། སྔར་ལོའི་ཕྱི་ཟླ་ ༡༠ ཚེས་ ༧ ཉིན་ཆོས་དཔོན་ཁོང་དགུང་གྲངས་ ༨༠ ལ་སོན་པའི་འཁྲུངས་སྐར་ཐོག་༧གོང་ས་མཆོག་མགྲོན་འབོད་གནང་ཡོད་ཀྱང་། རྒྱ་ནག་གཞུང་གི་གནོད་ཤུགས་འོག་ལྷོ་ཨ་ཧྥི་རི་ཀ་གཞུང་གིས་ཐོངས་ཆེན་མ་སྤྲད་པར་ཕེབས་མ་ཐུབ་སྟབས། སྐབས་དེར་ཆོས་དཔོན་ཁོང་གིས་ཐུགས་ཕམ་ཆེན་པོ་མཛད་དེ་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། “ སྲིད་འཛིན་ཛུ་མ་ལགས་དང་ཁྱེད་ཀྱི་གཞུང་འདིས་ང་དང་ང་ཚོའི་མི་དམངས་ཀྱི་ངོ་བོ་མཚོན་ཐུབ་ཀྱི་མི་འདུག ད་ལྟའི་ཁྱེད་ཀྱི་སྲིད་གཞུང་ལས་འདས་པའི་ལོ་རྒྱུས་ཐོག་གི་མི་རིགས་དཀར་ནག་དབྱེ་འབྱེད་སྐབས་ཀྱི་གཞུང་དེ་ཡག་པོར་མཐོང་གི་ཡོད། གལ་སྲིད་སྐབས་དེའི་སྲིད་གཞུང་ཡིན་ན་དེ་རིང་༧གོང་ས་མཆོག་ལ་ཐོངས་མཆན་སྤྲད་ཡོད་པར་ངས་ཡིད་ཆེས་བྱེད་ཀྱི་ཡོད། ད་ལྟ་བོད་ནང་དཀའ་སྡུག་མྱོང་བཞིན་པའི་གནས་བབས་ལ་རྒྱབ་སྐྱོར་མི་བྱེད་པ་འདིས་ང་དང་མི་དམངས་ཡོངས་ཀྱི་འདོད་འདུན་ལ་རྡོག་རོལ་བཏང་སྟེ། གཞུང་གིས་མི་མང་གི་ཚབ་མཚོན་མ་ཐུབ་པའི་དན་རྟགས་རེད” ཅེས་སོགས་གསུངས་ཡོད།

ཌ་སི་མན་ཊའུ་ཊའུ་མཆོག་འཛམ་གླིང་གི་ཡེ་ཤུ་བ་ཡོངས་དང་ལྷག་པར་དུ་ལྷོ་ཨ་ཧྥི་རི་ཀའི་མི་མང་ཚོས་དགའ་མོས་ཆེན་པོ་བྱེད་ཡུལ་ཞིག་ཡིན་ལ། ཕྱི་ལོ་ ༡༩༨༤ ལོར་ཁོང་གིས་འཛམ་གླིང་ནོ་བྷེལ་ཞི་བདེ་གཟེངས་རྟགས་བཞེས་ཡོད། 

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

སྐར་མ ༦ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

སྐར་མ ༣༢ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

ཆུ་ཚོད་ ༣ སྔོན་ལ།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡

མཆན། 4

  1. འབྲོག་པ་རྣལ་མ། says:
    ལོ་ 15 སྔོན།

    ཆོས་ཀྱི་དབུ་འཁྲིད་རྣམ་གཉིས་མཇལ་འཕྲད་གནང་བ་རྗེས་སུ་ཡི་རང་ཡོད། དོན་ཆེན་འགྲུབ་པའི་བཀྲ་ཤིས་ཤོག

    Reply
  2. ཤིང་ལོ། says:
    ལོ་ 15 སྔོན།

    ཆོས་དཔོན་ལགས་ལ་གུས་འདུད་ཞུ། སྐུ་ཉིད་ནས་ཆོས་ལུགས་ཡོངས་ཀྱིས་མི་མང་གི་འདོད་བློ་སྒྲུབ་ཀྱི་ཡོད་པ་དང་། ཆོས་ལུགས་འདི་ཆབ་སྲིད་པ་ཚོར་མཚོན་ནའང་ཧ་ཅང་གལ་ཆེན་ཡིན་པ། གལ་སྲིད་ཆོས་ལུགས་ཀྱི་མི་མང་གི་བསམ་བློའི་གདུག་རྩུབ་ཀྱི་ཆ་དེ་འདུད་མ་ཐུབ་ན། འཛམ་གླིང་འདིར་ཧ་ཅང་དཀའ་ངལ་དང་། དྲག་རྩུབ་འབྱུང་བའི་སློབ་སྟོན་མུ་འཐུད་གནང་རོགས། ༸གོང་ས་མཆོག་དང་ཆོས་དཔོན་ལགས་རྣམ་གཉིས་ཡང་ཡང་ཞལ་ལྷན་འཛོམས་ཐོག་གསུང་གླེང་བགྱིད་པར་སྨོན།

    Reply
  3. གཉན་པོ། says:
    ལོ་ 15 སྔོན།

    ཡེ་ཤུའི་ཆོས་དཔོན་ཌ་སི་མན་ཊའུ་ཊའུ་(desmond tutu)མཆོག་བཞུགས་སྒར་ངྷ་རམ་ས་ལར་ཕེབས་པར་ཡིད་སེམས་སྤྲོ་དགས་ཕེབས་བསུ་བྱེད།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ཡེ་ཤུ་ཆོས་དཔོན་ཊའུ་ཊའུ་མཆོག་དང་། ༧གོང་ས་མཆོག་རྣམ་གཉིས་སྐུ་ཚེ་ཡུན་བརྟན་ཤོག །ཡུན་བརྟན་ཤོག ཡུན་བརྟན་ཤོག །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese