མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིར་བོད་མིས་ངོ་རྒོལ་བྱས་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༢/༠༩
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཨ་རི་དང་ཁེ་ཎ་ཌའི་ས་གནས་ ༢༠ ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རྒྱ་གཞུང་ལ་ངོ་རྒོལ་དང་རྒྱལ་སྤྱིའི་སྟེང་བོད་དོན་ལ་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་འདུག

ཁ་སང་ཕྱི་ཚེས་ ༨ ཉིན་བྱང་ཨ་རི་དང་ཁེ་ཎ་ཌའི་ས་གནས་ཁག་ ༢༠ ཙམ་གྱི་ནང་། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བརྒྱ་ཕྲག་མང་པོ་འདུ་འཛོམས་ཐོག བོད་ནང་འདས་གྲོངས་སུ་ཕྱིན་པའི་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་མཚོན་ཆེད་མེར་མེ་ཁྲོམ་སྐོར་དང་མཆོད་འབུལ་སྨོན་ལམ། ཟས་བཅད་ངོ་རྒོལ། གློག་བརྙན་གཟིགས་འབུལ། ངོ་རྒོལ་སྐད་འབོད་སོགས་བྱས་ཏེ། རྒྱ་གཞུང་ལ་ངོ་རྒོལ་དང་རྒྱལ་སྤྱིའི་ཐོག་བོད་དོན་ལ་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་འདུག ཉིན་དེར་ཨ་རིའི་གྲོས་ཚོགས་ཚོགས་གཙོ་ཟུར་བ་ལྕམ་ནན་སི་པི་ལོ་སི་མཆོག་དང་གྲོས་ཚོགས་འཐུས་མི་སྐུ་ཞབས་ཕེ་རེང་ཝུལ་ (Frank Wolf) རྣམ་གཉིས་ཀྱིས་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་ཆེད་བསྒྲགས་ཡིག་ཅིག་སྤེལ་ཡོད་འདུག་ལ། དེ་བཞིན། ཉིན་དེར་ཨི་ཊཱ་ལིའི་གྲོས་ཚོགས་འོག་མའི་ (Chamber of Deputies) ནང་དུའང་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག་སྟེ། རྒྱ་གཞུང་གིས་བོད་ནང་དྲག་གནོན་མཚམས་འཇོག་གིས་ཏཱ་ལའི་བླ་མའི་སྐུ་ཚབ་མཉམ་གྲོས་མོལ་གནང་དགོས་པའི་ནན་སྐུལ་ཞུས་འདུག

ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཕེ་རེང་ཝུལ་ལགས་ཀྱི་གསལ་བསྒྲགས་དེའི་ནང་འཁོད་དོན། དེ་རིང་རྒྱལ་ས་ཝ་ཤིང་ཊོན་དང་འཛམ་གླིང་གྲོང་ཁྱེར་འདྲ་མིན་ནང་། བོད་མིའི་གྲོགས་པོ་ཚོས་དཀའ་སྡུག་མྱོང་བཞིན་པའི་བོད་ནང་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་བར་ངས་རྒྱབ་སྐྱོར་ཞུ་རྒྱུ་ཡིན། ཁྱེད་ཚོས་རྒྱ་ནག་གཞུང་ཚབ་མདུན་དུ་ཞི་རྒོལ་བྱས་པ་དེ་ཤིན་ཏུ་འོས་འཚམ་ཞིག་རེད། རྒྱ་གཞུང་གིས་དྲག་གནོན་བྱས་པར་བརྟེན་བོད་ནང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ཐོག་དཀའ་ངལ་འཕྲད་བཞིན་ཡོད། དགེ་འདུན་པ་དང་བཙུན་མ་གཙོས་པའི་བོད་མི་ཚོས་སྔ་ལོ་ནས་རང་ལུས་མེར་བསྲེགས་གཏོང་བཞིན་པ་དེར། རང་དབང་ལྡན་པའི་རྒྱལ་ཁབ་ཁག་གི་མང་ཚོགས་ཀྱིས་སེམས་འཚབ་དང་འཇིགས་སྣང་བྱེད་ཀྱི་ཡོད། ཞི་བདེ་ལ་དགའ་བའི་བོད་མི་ཚོས་རྒྱ་ནག་གི་དྲག་གནོན་སྲིད་བྱུས་ལ་བཟོད་ཐབས་བྲལ་ཏེ། རང་ལུས་མེར་བསྲེགས་བཏང་བ་ཞིག་རེད། ང་རང་བོད་ནང་འགྲོ་མྱོང་ཡོད་པ་མ་ཟད། གྲྭ་བཞི་བཙོན་ཁང་དུ་བོད་རིགས་ཆབ་སྲིད་བཙོན་པ་གྲྭ་བཙུན་སོགས་ལ་ཐུག་འཕྲད་བྱས་མྱོང་ཡོད། ངས་ཐུག་འཕྲད་བྱས་བའི་ཆབ་སྲིད་བཙོན་པ་རྣམས་འཇིགས་སྣང་འོག་གནས་ཡོད་ཀྱང་། འགའ་ཤས་ཀྱིས་བཙོན་ཁང་དུ་གསང་བའི་ཐོག་ང་ལ་༧ཏཱ་ལའི་བླ་མ་མཆོག་གི་སྐུ་པར་སྟོན་གྱི་འདུག  ཉེ་ལམ་བོད་ནང་བོད་མི་མང་པོའི་ཚེ་སྲོག་ཤོར་བར་ང་རང་ཧ་ཅང་བློ་ཕམ་ཡོད། ཁོང་ཚོས་བཟོད་ཐབས་བྲལ་ཏེ་འཛམ་གླིང་མི་མང་ལ་རྒྱབ་སྐྱོར་གནང་རོགས་ཞེས་སྨྲེ་ངག་འདོན་བཞིན་པ་ང་རང་གིས་བསམ་ཤེས་ཐུབ་ཀྱི་འདུག  ཕྱི་རྒྱལ་གསར་འགོད་པ་ཁག་ཅིག་བོད་དུ་བསྐྱོད་སྐབས་རྒྱ་མིའི་ཉེན་རྟོག་པ་དང་དྲག་ཆས་དམག་མིས་བཀག་འགོག་བྱས་ཡོད་ལ། འདས་པའི་ལོ་གཅིག་ནང་རྒྱ་ནག་དམག་མིས་མེ་མདའ་བརྒྱབ་སྟེ། བོད་མི་ཞི་རྒོལ་བ་ ༡༡ རྐྱེན་ལམ་དུ་བཏང་ཡོད། ད་ཆ་འབྲེལ་ཡོད་ས་ཁུལ་ཁག་ཏུ་རྒྱ་མིའི་དམག་མི་ཁ་སྣོན་བྱེད་བཞིན་ཡོད་པ་མ་ཟད། ས་ཁུལ་དེ་དག་ཏུ་དྲ་རྒྱར་དམ་བསྒྲགས་དང་། འབྲེལ་ཡོད་བོད་རིགས་མགོ་ཁྲིད་ཁག་ལ་བརྟན་ལྷིང་སྲུང་སྐྱོབ་མ་བྱས་ཚེ། ལས་ཀ་ནས་གནས་དབྱུང་གཏོང་རྒྱུའི་སྡིགས་ར་སོགས་སྐུལ་བཞིན་ཡོད་ཅེས་འཁོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

སྐར་མ ༧ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

སྐར་མ ༣༣ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

ཆུ་ཚོད་ ༣ སྔོན་ལ།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡

མཆན། 6

  1. Ngawang Norbu says:
    ལོ་ 15 སྔོན།

    ༄༅། །ཕྱི་ཚེས་ ༨ ཉིན་འདི་ག་བྱང་ཨ་རིའི་ས་གནས་བྷོས་ཊོན་ (Boston) ཧར་ཝཊ་བཞི་འཛོམ་ (Harvard Square Pit) དུ་ཡང་ཟས་བཅད་ངོ་རྒོལ་དང་མར་མེ་ཁྲོམ་འཁོར་གྱི་ལས་འགུལ་བརྩམས་སོང་།
    དེ་ཉིན་མི་གྲངས་བཅུས་ཆུ་ཚོད་ ༡༢ རིང་སྔ་གྲོ་ཆུ་ཚོད་ ༨ ནས་དགོང་གྲོའི་ ༨ བར་ཟས་བཅད་ངོ་རྒོལ་དང་རིམ་བཞིན་ཟས་བཅད་ནང་འཛུལ་བཞུགས་གནང་མཁན་གཅིག་འཇུག་གཉིས་འཐུད་ཀྱིས་མི་གྲངས་ཉི་ཤུ་འགལ་བས་ལས་འགུལ་ནང་འཛུལ་བཞུགས་གནང་སོང་། དེ་ནས་དགོང་གྲོའི་ཆུ་ཚོད་ ༣ པ་དང་ ༤ པ་ཙམ་ནས་ས་གནས་མི་མང་རྣམས་འཛོམ་སྒོ་ཚུགས་ཏེ་འཁྱོན་སྡོམ་མི་གྲངས་ཉི་བརྒྱ་འགལ་བས་མར་མེ་འཁྲོམ་བསྐོར་རིང་༧རྒྱལ་བའི་ཞབས་བརྟེན་བདེན་ཚིག་སྨོན་ལམ་སྒྲོལ་མ་མཎི་སོགས་གསོགས་སྒྲུབ་གནང་། གཞན་ཡང་གཞོན་སྐྱེས་ཁ་ཤས་ཤིག་གིས་གཏམ་བརྗོད་ཀྱི་ལམ་ནས་བོད་ནང་ཞི་བའི་ངོ་རྒོལ་བ་ཚོར་འཛིན་བཟུང་བརྡུང་རྡེག་
    གཏོང་བཞིན་པའི་འཁྲབ་སྟོན་དང་། འཁྲབ་སྟོན་གྱི་འབྲེལ་བཤད་སོགས་སྐད་གསང་གོ་བདེའི་ངང་འབྲེལ་བརྗོད་གནང་རྗེས་བདེན་ཚིག་སྨོན་ལམ། མི་མང་ལངས་གླུ་དང་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་བཅས་སྐད་གསང་མཐོན་པོས་ཕུལ་ཟིན་རྗེས་ཆུ་ཚོད་བརྒྱད་པ་ཡོལ་མ་ཐག་ཟས་བཅད་ངོ་རྒོལ་བ་གཙོ་བོར་གྱུར་པའི་མི་མང་ཚང་མར་གནས་བསྡོད་ཀརྨ་སྨོན་ལམ་ལགས་རང་ངོས་ནས་གསོལ་ཇ་དང་བཞེས་བག་སོགས་གནང་སྟེ་ལས་འགུལ་རྒྱལ་ཁའི་ངང་གྲུབ་སོང་བས་གནས་ཚུལ་དུ།

    Reply
  2. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 15 སྔོན།

    ངོ་མ་རེད། དགོས་པ་རྒྱུ་མཚན་ཆེན་པོ་རེད་བསམ་མོ།

    Reply
  3. sangkye says:
    ལོ་ 15 སྔོན།

    ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཕེ་རིང་ཝུལ་དང་ཨ་རིའི་གྲོས་ཚོགས་ཚོགས་གཙོ་ཟུར་བ་ལྕམ་ནན་སི་པི་སི་གཉིས་ཀྱིས་བོད་རིགས་སྥུན་ཟླ་རྣམས་ད་སྐབས་ཉམས་ཆུང་ཐབ་ཟད་གྱི་གནས་སུ་སློང་ཡོད་པའི་སྐབས་སུ་ཁོང་གཉིས་རྒྱབ་སྐྱོར་བྱེད་པ་དེ་ཐུགས་རྗེ་ཞུ་བ་དང་ཆབ་གཅིག་དུ་ཕྱི་རྒྱལ་ཡུལ་གྲི་ཁག་ན་ཡོད་པའི་བོད་རིགས་སྤུན་ཟླ་ཡོངས་ལ་བསྟོད་སྔགས་དང་ཐུགས་རྗེ་ཆེ་ཞུ་བཞུན་ཡོད།
    ང་ཚོ་ཚང་མའི་སེམས་ཤུགས་མ་ཆད་སྤུན་ཟླ་ལགས།

    Reply
  4. ཤིང་ལོ། says:
    ལོ་ 15 སྔོན།

    རེད་རེད། འདི་ནས་དེ་འདྲ་ཞིག་ཡིན་འདོད་ལ། ཕྱི་སྡོད་བོད་མི་ཚོ་ཁོང་ཚོས་སྲེག་ཐུབ་ན་ང་ཚོས་བཤད་ཐུབ་པ་དང་། དྲན་ཐུབ་དགོས་ཡཱ། དེ་མིན་ལས་འབྲས་དང་བྱེད་སྟངས་ཀྱང་འགྲིག་གི་མི་འདུག་གཱ ད་རང་མིན་ཞཱེས་ཅིན་ཕེན་ཡོང་དུས་འུར་རྒྱོབ་ལ་གནམ་ས་ཁོངས་ཤིགས། ཐུགས་རྗེ་ཆེ།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    འདས་པའི་ལོ་གཅིག་ནང་རྒྱ་ནག་དམག་མིས་མེ་མདའ་བརྒྱབ་སྟེ། བོད་མི་ཞི་རྒོལ་བ་ ༡༡ རྐྱེན་ལམ་དུ་བཏང་ཡོད། གསུངས་པ་འདིའི་མི་མདའི་འོག་ཏུ་འཆི་སྐྱོན་ཤོར་བ་དེ་ཚོའི་མཚན་དང་ལོ་རྒྱུས་མདོར་བསྡུས་ཟུར་འདོན་ཐུབ་ན་ཁ་གསལ་ཡོད་ངེས་རེད།

    Reply
  6. ཤར་མདའ། says:
    ལོ་ 15 སྔོན།

    ཕྱི་རྒྱལ་ཡུལ་ལུང་ཁག་ཏུ་ཡོད་པའི་བོད་རིགས་སྤུན་ཟླ་རྣམས་ཀྱི་རང་ནུས་གང་ཡོད་ཀྱི་ལས་འགུལ་གནང་པ་ལ་ཡི་རང་དང་རྒྱབ་སྐྱོར་ཡོད་ཐུགས་རྗེ་ཆེ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese