མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཇར་མན་རྒྱ་ནག་གཞུང་ཚབ་ལ་ངོ་རྒོལ།

བོད་ཀྱི་དུས་བབ།
༢༠༡༢/༠༢/༡༠
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ལྷག་པའི་ཉིན་འཇར་མན་པ་ཇོ་ཧཱ་མེལ་ཊོན་ལགས་ཀྱིས་རྒྱ་ནག་གཞུང་ཚབ་ཁང་དུ་ངོ་རྒོལ་སྐད་འབོད་དང་རྒྱ་ནག་གི་རྒྱལ་དར་མེར་བསྲེགས་བཅས་བཏང་ཡོད་འདུག

ཉེ་ལམ་དབུས་བོད་མིའི་སྒྲིག་འཛུགས་དང་བོད་མི་མང་སྤྱི་འཐུས་ཐུན་མོང་ཐོག་གཞུང་འབྲེལ་གསལ་བསྒྲགས་སྤེལ་ཏེ། གཉིས་པའི་ཚེ་བརྒྱད་ཉིན་འཛམ་གླིང་ཡོངས་ཀྱི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་ཆེད། ཉིན་བརྒྱ་དུས་གཅིག་གི་ལས་འགུལ་སྤེལ་དགོས་པའི་བཀོད་ཁྱབ་བཏང་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༨ ཉིན་འཇར་མན་གྱི་བོད་དོན་རྒྱབ་སྐྱོར་པ་སྐུ་ཞབས་ཇོ་ཧཱ་མེལ་ཊོན་ལགས་ཀྱིས་འཇར་མན་གྱི་གྲོང་ཁྱེར་མུ་ནེ་ཆི་(Munich) ནང་གི་རྒྱ་གཞུང་ཚབ་ཁང་དུ་ངོ་རྒོལ་སྐད་འབོད་དང་རྒྱ་ནག་གི་རྒྱལ་དར་མེར་བསྲེགས། མེ་ཏོག་ ༢༡ ཁྱེར་ཏེ་བོད་ནང་རང་ལུས་མེར་བསྲེགས་གཏོང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་ཞུས་ཡོད་འདུག

སྐུ་ཞབས་ཇོ་ཧཱ་མེལ་ཊོན་ལགས་སུ་དྲ་ལམ་བརྒྱུད་བཅར་འདྲི་ཞུས་དོན་ལྟར་ན། ཐེངས་འདིར་ཁོང་གིས་མེར་བསྲེགས་བཏང་བའི་རྒྱ་ནག་གི་རྒྱལ་དར་དེ་ནི་ཁོང་གི་གཟའ་ཟླས་ལག་འཚེམ་བྱས་པ་ཞིག་ཡིན་ཞིང་། རྒྱལ་དར་དེའི་སྟེང་དུ་རྒྱ་ནག་མཚོན་བྱེད་དུ་སྐར་མ་ཆེ་བ་གཅིག་གིས་གད་མོ་དགོད་བཞིན་ཡོད་པ་དང་། གྲངས་ཉུང་མི་རིགས་ཁག་མཚོན་བྱེད་དུ་སྐར་མ་ཆེ་བའི་མཐའ་འཁོར་དུ་ངུ་ཤུམ་རྒྱག་བཞིན་པའི་སྐར་མ་ཆུང་བ་ལྔ་བཅས་འཚེམ་སྒྲུབ་བྱས་ཡོད་འདུག  ཁོས་བརྗོད་དོན། “རྒྱ་ནག་གི་རྒྱལ་དར་མེར་བསྲེགས་བཏང་པའི་རྒྱུ་མཚན་ནི། རྒྱ་ནག་དམར་ཤོག་གཞུང་དང་དེའི་སྐར་མ་ལྔ་ཅན་གྱི་རྒྱལ་དར་བཅས་བཙན་ཤེད་ལས་བྱུང་པ་ཞིག་ཡིན་སྟབས།  ཁྲིམས་འགལ་དང་ངོས་ལེན་མེད་པའི་རྒྱལ་དར་དེ་མེར་བསྲེགས་བཏང་པ་ཡིན་”ཞེས་བརྗོད་བྱུང་།

ཉིན་དེའི་ངོ་རྒོལ་སྐབས་ཇོ་ཧཱ་མེལ་ཊོན་མཉམ་དུ་བོད་མི་སྐོར་ཞིག་དང་བོད་དོན་རྒྱབ་སྐྱོར་བ་བཅས་ཡོད་ཀྱང་། རྒྱ་ནག་གཞུང་ཚབ་ཏུ་ཕྱིན་སྐབས་སྐོར་སྲུང་བ་ཚོས་ལས་འགུལ་བ་གཞན་རྣམས་བཀག་འགོག་བྱས་ཡོད་འདུག སྐབས་དེར་ཇོ་ཧཱ་མེལ་ཊོན་གྱི་ལག་ཏུ་མེ་ཏོག་བཟུང་ཡོད་སྟབས། ཉེན་རྟོག་པ་ཚོས་གཞུང་ཚབ་ཁང་ལ་མེ་ཏོག་སྐྱེལ་མཁན་རེད་བསམ་པ་ཡིན་ནམ་གང་ལྟར་ཇོ་ཧཱ་མེལ་ཊོན་གཅིག་པུ་གཞུང་ཚབ་ཁང་དུ་བཏང་ཡོད་འདུག ཇོ་ཡིས་ “ ང་དོན་གཅོད་ཁང་ནང་སླེབས་འཕྲལ་བོད་རང་བཙན་ཡིན། རྒྱ་ནག་གི་བྱ་སྤྱོད་ངོ་ཚ་རེད། བོད་མི་ཚོས་ནམ་ཡང་བློས་གཏོང་གི་མ་རེད་ཅེས་སྐད་འབོད་བྱས་པ་དང་མཉམ་དུ་རྒྱ་ནག་གི་རྒྱལ་དར་མེར་བསྲེགས་བཏང་པ་ཡིན།”ཟེར།

ཁོས་རྒྱ་ནག་གཞུང་ཚབ་ཁང་ནས་སྐད་འབོད་བྱས་མ་ཐག་ཉེན་རྟོག་པ་དེར་སླེབས་ཡོད་ཀྱང་། ཁོང་ལ་ཅུང་ཙམ་རིང་ངོ་རྒོལ་བྱེད་དུ་བཅུག་ཡོད་པ་མ་ཟད། ཉེན་རྟོག་པ་གཅིག་གིས་རྒྱ་དར་ལ་མེ་སྒྲོན་རོགས་ཀྱང་བྱས་འདུག གནད་དོན་དེའི་ཐད་ཇོ་ཧཱ་མེལ་ཊོན་གྱིས་ “ད་སྔ་ངས་ལས་འགུལ་འདི་འདྲ་ཐེངས་མང་སྤེལ་བ་ཡིན། དོན་དངོས་ཐོག་འཇར་མན་ཉེན་རྟོག་པ་ཚོས་བོད་དོན་ལ་གདུང་སེམས་མཉམ་སྐྱེད་ཡོད་པ་རེད” ཅེས་བརྗོད་བྱུང་། སྐབས་དེར་རྒྱ་ནག་གཞུང་ཚབ་ཀྱི་དཔོན་རིགས་ཚོས་ཐོག་ཁང་ནས་མར་ལྟ་བཞིན་ཡོད་པར། ཇོ་ཧཱ་མེལ་ཊོན་གྱིས་ཁོང་ཚོར་ཁ་གཏད་དེ་ཁྱེད་རང་ཚོ་ངོ་ཚ་མེད་པར་བོད་མིར་དྲག་གནོན་བྱས་པ་ནི། ནམ་ཡང་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་བྱེད་མཁན་གྱི་རྒྱལ་སྤྱིའི་སྤྱི་ཚོགས་དང་། ལྷག་པར་དུ་བོད་མི་ཚོས་དུས་ནམ་ཡང་གུ་ཡངས་སུ་གཏོང་གི་མ་རེད་ཅེས་སྐད་བརྒྱབ་ཡོད་འདུག

ཇོ་ཧཱ་མེལ་ཊོན་གྱིས་བརྗོད་པ་ལྟར་ན། ངོ་རྒོལ་སྐབས་འཇར་མན་གྱི་ཉེན་རྟོག་པ་ཚོས་ཁོ་རང་འཛིན་བཟུང་བྱས་སོང་བ་ཡིན་ན་ཡག་པོ་འདུག ཁོས་ཁྲིམས་ཁང་ནས་རྒྱ་ནག་གི་བྱ་སྤྱོད་ངན་པ་རིགས་གསལ་བཤད་དང་། བོད་ཐོག་དྲག་གནོན་བྱེད་ཀྱིན་པ་དེར་འཇར་མན་གཞུང་གིས་གནོན་ཤུགས་སྤྲོད་དགོས་པའི་སྐད་ཆ་བཤད་ཐུབ་གི་རེད་དྲན་ཡོད་ཀྱང་། ཉེན་རྟོག་པ་ཚོས་ཁོ་འཛིན་བཟུང་མ་བྱས་པར་ཕྱིར་འཕུད་བཏང་སོང་ཡང་། ཉེན་རྟོག་པ་ཚོར་སྐར་མ་ ༢༠ ཙམ་ལ་བོད་ནང་གི་གནས་སྟངས་ངོ་སྤྲོད་བྱས་ཡོད་ཟེར།

ཇོ་ཧཱ་མེལ་ཊོན་ལ་ཉིན་དེར་འཇར་མན་ནང་ཡོད་པའི་བོད་པ་དག་གིས་ལས་འགུལ་སྤེལ་ཐུབ་ཡོད་མེད་སྐོར་དྲིས་པར “འདིར་ཡོད་པས་བོད་པ་ཚོས་ལས་འགུལ་དེ་ཙམ་སྤེལ་ཐུབ་ཀྱི་མི་འདུག ཅུང་ཙམ་རེ་སྤེལ་སྐབས་ཀྱང་དང་པོ་ཉེན་རྟོག་ལས་ཁུངས་ལས་ཆོག་མཆན་ཞུས། གཞུང་ཚབ་ཀྱི་ཉེ་སར་འགྲོ་མ་ཐུབ་པར་རྒྱང་རིང་ནས་སྐད་འབོད་འདྲ་བྱེད་ཀྱི་ཡོད་པ་རེད། ཕྱོགས་གཅིག་ནས་ཁོང་ཚོར་ཁག་ཡོད་པ་མ་རེད། འདིར་ཡོད་མཁན་ཚོ་སྐྱབས་བཅོལ་བ་ཡིན་པའི་ཁར་ལས་ཀ་བརྟན་པོ་མེད་པ་དང་། དངུལ་འབབས་ཀྱང་ཉུང་ཉུང་ཡིན་སྟབས། ཆོག་མཆན་མེད་པར་ལས་འགུལ་སྤེལ་ཚེ་ཁོང་ཚོ་བཀག་ཉར་དང་། དངུལ་གྱི་ཉེས་ཆད་མང་པོ་སྤྲོད་དགོས་ཆགས་གི་རེད། ད་ཆར་ཁོང་ཚོས་ལས་འགུལ་རྒྱ་ཆེ་ཙམ་སྤེལ་ཐུབ་ཆེད་འཇར་མན་མི་དང་མཉམ་འབྲེལ་ལས་འགུལ་ཚོགས་པ་ཞིག་འཛུགས་ཐབས་བྱེད་ཀྱི་ཡོད”ཅེས་བརྗོད་བྱུང་།

ཇོ་ཧཱ་མེལ་ཊོན་(Joe Hamailton)ལགས་ཀྱིས་ཉེ་ཆར་གནས་མཆོག་རྡོ་རྗེ་གདན་ནས་མགོ་འཛུགས་ཀྱིས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོག་དཀར་དང་མཉམ་དུ་བོད་ནང་ཞི་བདེ་དང་རང་དབང་ཆེད་དད་པའི་གོམ་བགྲོད་ཅིག་ཀྱང་གནང་ཡོད་པ་རེད།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

ཆུ་ཚོད་ ༢ སྔོན་ལ།
ཉིན་གསུམ་རིང་གི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་གྱི་མཇུག་སྡོམ་མཛད་སྒོ་འཚོགས། ༢༠༢༦།༣།༩། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

འཛམ་གླིང་ཡོངས་ཀྱིས་བོད་དོན་ཐོག་ཆུ་ཚོད་མང་པོ་བཏང་ནས་ལས་ཀ་བྱེད་དགོས་སྐོར་གསུངས།

ཆུ་ཚོད་ ༢༣ སྔོན་ལ།
Photo Credit: UYGHUR HUMAN RIGHTS PROJECT
Mobile App

ཨི་ཊ་ལིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་མཁན་རྒྱ་རིགས་ ༨ ཕྱིར་ཕུད་བཏང་།

ཆུ་ཚོད་ ༢༤ སྔོན་ལ།
Prayerwheel being used for Chinese Propaganda in Chushul county, Tibet, Photo: Tibet Times
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཨ་རིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་བཏོན། 

༢༠༢༦/༠༣/༠༩
Mobile App

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ་དབུ་འཛུགས་གནང་སོང་།

༢༠༢༦/༠༣/༠༧
བོད་དོན་རྒྱབ་སྐྱོར་བ་ཝི་ཇི་ཀ་རིན་ཏི་ལགས་ཀྱིས་རྩོམ་སྒྲིག་བྱས་པའི་བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་དཔེ་དེབ་ཅིག་དབུ་འབྱེད་གནང་། ༢༠༢༦།༣།༠༦ དུས་བབ་ཀྱི་པར།
Mobile App

བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་པའི་དེབ་ཅིག་བཏོན།

༢༠༢༦/༠༣/༠༦

མཆན། 9

  1. ཤིང་ལོ། says:
    ལོ་ 14 སྔོན།

    བོད་མི་ཚོ་དང་། བོད་མིའི་སྒྲིགས་འཛུགས་ཀྱིས་ལྟོས། ལས་འགུལ་སྤེལ་སྟངས་དང་། ལས་འགུལ་གྱི་ངོ་བོ། བོད་དོན་རྒྱབ་སྐྱོར་གནང་མཁན་ཚོར་ནམ་ཡང་ཐུགས་རྗེ་ཆེ།
    ང་ཚོ་དངོས་གནས་སྐྱབ་མེད་མགོན་མེད་ཡིན།

    Reply
  2. རྟམ་ཁོ། says:
    ལོ་ 14 སྔོན།

    འཇར་མན་གྱི་ཉེན་རྟོག་པས་ཀྱང་སྐར་ལྔའི་དར་དམར་མེར་བསྒྲོན་རོགས་བྱས་པས་སེམས་འགུལ་ཐེབས་སོང་། ཁྱིམ་ཚང་ཞིག་ལ་མཚོན་ན་ཁྱིམ་ཚང་དེའི་ལས་དོན་རྣམས་ཚགས་ཚུད་དང་ལམ་ལྷོང་ཡོང་མིན་ནི་བཟའ་དཔོན་གྱིས་སྣེ་ཁྲིད་སྟངས་ལ་རག་ལས་པ་ལྟར། ཛ་དྲག་གི་དུས་སྐབས་འདིར་ཕྱི་ཡུལ་གྱི་བོད་མི་རྣམས་ཀྱང་ལས་འགུལ་ཅི་ཞིག་སྤེལ་ཕྱོགས་ཐད་དབུས་བོད་མིའི་སྒྲིག་འཛུགས་གཞུང་ལ་ཅེར་ནས་བསྡད་ཡོད། དེས་ན་ལས་འགུལ་ཕན་ནུས་ལྡན་པ་ཞིག་སྣེ་འཁྲིད་རན་འདུག

    Reply
  3. རྟམ་ཁོ། says:
    ལོ་ 14 སྔོན།

    འཇར་མན་གྱི་ཉེན་རྟོག་པས་ཀྱང་སྐར་ལྔའི་དར་དམར་མེར་བསྒྲོན་རོགས་བྱས་པས་སེམས་འགུལ་ཐེབས་སོང་། ཁྱིམ་ཚང་ཞིག་ལ་མཚོན་ན་ཁྱིམ་ཚང་དེའི་ལས་དོན་རྣམས་ཚགས་ཚུད་དང་ལམ་ལྷོང་ཡོང་མིན་ནི་བཟའ་དཔོན་གྱིས་སྣེ་ཁྲིད་སྟངས་ལ་རག་ལས་པ་ལྟར། ཛ་དྲག་གི་དུས་སྐབས་འདིར་ཕྱི་ཡུལ་གྱི་བོད་མི་རྣམས་ཀྱང་ལས་འགུལ་ཅི་ཞིག་སྤེལ་ཕྱོགས་ཐད་དབུས་བོད་མིའི་སྒྲིག་འཛུགས་གཞུང་ལ་ཅེར་ནས་བསྡད་ཡོད། དེས་ན་ལས་འགུལ་ཕན་ནུས་ལྡན་པ་ཞིག་སྣེ་འཁྲིད་རན་འདུག

    Reply
  4. ཤར་མདའ། says:
    ལོ་ 14 སྔོན།

    ང་ཚོས་རྒྱབ་ལངས་བྱེད་པ་བཀའ་དྲིན་ཆེ་ཞེས་པ་དེ་འདྲ་གསུང་དགོས་པ་ཞིག་མ་རེད།  སྤྱིར་བོད་མི་ཞིག་ཡིན་དུས་སུ་ཞིག་ཡིན་རུང་རང་ཉིད་བོད་ཞིག་ཡིན་པ་དང་བོད་མི་རིགས་འདི་བཙན་གནོན་གྱི་གཞན་དབང་དུ་བཙུར་བཞིན་ཡོད་པ་རང་ཉིད་ནས་སེམས་ལ་བཟུང་ནས་མི་རིགས་ཀྱི་རྩ་དོན་མ་བརྗེད་པ་བྱེད་རྒྱུ་གལ་ཆེན་ཞིག་ཏུ་དངོས་འཛིན་དགོས་པ་ཞིག་རེད།

    Reply
  5. ནད་པ says:
    ལོ་ 14 སྔོན།

    ཐུགས་རྗེ་ཆེ།

    གང་སུ་དྲག་གོན་ཡོད་ན། དེ་རུ་ངོ་རྒོལ་ཡོད།

    Reply
  6. རང་དབང་། says:
    ལོ་ 14 སྔོན།

    དུས་རྟག་ཏུ་ང་ཚོའི་རྒྱབ་ལངས་བྱེད་པ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་

    Reply
  7. རྒྱང་མིག says:
    ལོ་ 14 སྔོན།

    གསར་འགོད་པ་དང་། སྐུ་ཞབས་བསྟན་རབ་གཉིས་ལགས།
    གཞན་སྐད་ཀྱི་སྒྲ་རང་སོར་བོད་ཡིག་གི་སྟེང་ནས་འབྲི་དགོས་ཚེ་ངེས་པར་དུ་ལེགས་སྦྱར་ཀྱི་འབྲི་སྟངས་དེ་སྤྱོད་དགོས་དོན་མེད་པ་འདྲ། ང་དེ་ལ་འཐད་པ་མེད། རབ་བྱུང་ན་དབྱངས་གསལ་སོ་བཞི་པོ་བྱེད་སྤྱོད་མང་ཙམ་གཏོང་རོགས།

    Reply
  8. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 14 སྔོན།

    བརྩེ་བའི་སྐུ་ཞབས་ཇོ་ཧཝ་མེལ་ཌོན་(Joe Hamailton)ལགས་སུ་ཐུགས་རྗེ་ཆེ་ཞུ། ་ཁ་མིན་སེམས་ཀྱི་གཏིང་ནས་ཐུགས་རྗེ་ཆེ་ཞུ།

    Reply
  9. རྒྱང་མིག says:
    ལོ་ 14 སྔོན།

    ཇོན་ཧ་མེལ་ཏྲོན་ལགས་ཐུགས་རྗེ་ཆེ།
    ང་ཚོ་དང་མི་རིགས་མི་གཅིག་ལ་རྒྱལ་ཁབ་མི་གཅིག་པའི་མི་འདི་ཚོ་ལ་འདི་ལྟ་བུའི་ཞེ་མཁོན་ཡོད་ན། ང་ཚོའི་སྤུན་ཟླ་ཚོ་དང་ནང་མི་ཚོ་དམར་གསོད་བྱེད་བཞིན་པ་ལ་ང་ཚོའི་ངོས་ནས་རྣམ་འགྱུར་ངན་པ་ཞིག་ཀྱང་བསྟན་མི་ཕོད་པ་དེ་ཚང་མ་བྱང་ཆུབ་སེམས་དཔའ་ཤ་སྟག་ཡིན་སོང་རེད་དམ། བྱང་ཆུབ་སེམས་མཆོག་དང་མ་ནི་བསྔོ་སྨོན་ ད་དངོས་གནས་བསྟུན་ཚོད་ཞིག་མི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese