མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབའ་སྡེ་མངའ་རིས་ཞིང་ཁམས་གཞིས་བྱེས་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཡོངས་ཁྱབ་གསལ་བསྒྲགས

བོད་ཀྱི་དུས་བབ།
༢༠༡༢/༠༢/༡༥
Share on FacebookShare on TwitterShare on EmailShare on Whatsapp

༄༅། །འབའ་སྡེ་མངའ་རིས་ཞིང་ཁམས་ཀྱི་ཁྱབ་ཁོངས་གཞིས་བྱེས་སེར་སྐྱ་མང་ཚོགས་སྤྱི་ལ་ཆེད་དུ་གསལ་བསྒྲགས་ཞུ་རྒྱུར།

            ཚང་མས་ལམ་ཙམ་མཁྱེན་ཆུབ་ཡོད་པ་ལྟར། གཞིས་བྱེས་འབའ་ཐང་སེར་སྐྱ་མི་མང་སྤྱི་མགྲིན་ནས་ཇི་ལྟར་གསོལ་བ་ཕུར་ཚུགས་སུ་བཏབ་དོན་ལྟར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཚུལ་བསྟན་༸སྐུ་གེགས་ཀྱི་མཚན་མ་ཕྲ་མོ་ཙམ་ཡང་མི་བཞེས་པར་བསྟན་འགྲོ་སྤྱི་དང། བྱེ་བྲག་བོད་གངས་ཅན་པ་རྣམས་ཀྱི་མགོན་དཔུང་དམ་པར་༸ཞབས་པད་བསྐལ་པ་ཁྲི་ཕྲག་ཏུ་བརྟན་ཅིང། རླབས་ཆེན་ཐུགས་བཞེད་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་སླད། བོད་རྒྱལ་ལོ་ ༢༡༣༩ རབ་བྱུང་ ༡༧ པའི་ཆུ་འབྲུག་ཆོ་འཕྲུལ་ཟླ་བའི་ཚེས་ ༡༥ ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༨ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བརྟན་བཞུགས་བསྟར་འབུལ་རྒྱས་པ་ཞིག་འབུལ་རྒྱུའི་བསྐལ་བཟང་ཐོབ་པ་དེ་དོན་རང་རེའི་ཁྱབ་ཁོངས་སེར་སྐྱ་མང་ཚོགས་སྤྱི་ཡོངས་ལ་ནང་ཁུལ་གསལ་བསྒྲགས་ཕུལ་ཟིན་ཀྱང། ད་ལམ་༸བཀའ་འབྲེལ་བརྟན་བཞུགས་ཀྱི་དུས་ཚེས་ཕྲན་བུ་འགྱུར་བ་ཕྱིན་པའི་གནས་ཚུལ་དང་འབྲེལ་གལ་ཆེའི་དོན་གནད་ཁག་ཅིག་ཡོངས་ཁྱབ་གསལ་བསྒྲགས་ཞུས་ཡོད་ན། ཚང་མས་དེ་དོན་ཐུགས་སྣང་ཡོང་བ་རྣམ་མངའ་མཁྱེན་ཞུ།

༡༽        ཆོ་འཕྲུལ་ཟླ་བའི་ལོ་སར་ཚེས་ ༡༥ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསོ་སྦྱོང་དང། སྨོན་ལམ། འཁྲུངས་རབས་བཀའ་ཆོས་སོགས་མཛད་རིམ་སྣེ་མང་ལ་བརྟེན། ད་ལམ་༸བཀའ་འབྲེལ་འབའ་པའི་བརྟན་བཞུགས་ཆོ་འཕྲུལ་ཟླ་བའི་ཚེས་ ༡༤ ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༧ ཉིན་གྱི་སྔ་དྲོ་བཞུགས་སྒར་ཕོ་བྲང་ཚོམས་ཆེན་རྟ་མགྲིན་ཁང་དུ་འབུལ་གཏན་འཁེལ་བ་དང་།  ལོ་སར་ཚེས་ ༡༥ ཕྱི་ལོ་ ༢༠༡༢ ཟླ ༣ ཚེས་ ༨ སྔ་དྲོ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐུགས་རྗེ་ཆེན་པོའི་བཀའ་དབང་ཞིག་ཀྱང་ཞལ་བཞེས་བཟང་པོ་ཐོབ་ཡོད་ན། དེ་དོན་དགོངས་འཇགས་ཡོང་བ་ཞུ་རྒྱུ།

༢༽       བརྟན་བཞུགས་ཀྱི་སྟ་གོན་དུ་རང་ཁོངས་བླ་སྤྲུལ་དགེ་བཤེས་བརྒྱ་ལྷག་ནས་ཆོ་འཕྲུལ་ཟླ་བའི་ལོ་སར་ཚེས་ ༡༡ ནས་ ༡༣ བར་ཉིན་གྲངས་གསུམ་རིང་ཕོ་བྲང་གི་ཚོམས་ཆེན་རྟ་མགྲིན་ཁང་དུ་བརྟན་བཞུགས་ཆོ་གའི་སྒྲུབ་ཞག་བསྒྲུབ་དགོས་པ་དང། དེ་བྱིངས་གྲྭ་བཙུན་རྣམས་ཀྱང་ལོ་སར་ཚེས་ ༡༡ ནས་ ༡༣ བར་ཉིན་གྲངས་གསུམ་རིང་བཞུགས་སྒར་རང་དུ་བསྙེན་བཀུར་སྐུ་འགྱེད་དང་བཅས་༸རྒྱལ་བའི་སྐུ་ཚེ་ཡུན་དུ་བརྟན་པའི་ཞབས་རིམ་སྒྲུབ་ཞག་གོ་སྒྲིག་ཞུ་རྒྱུ་ཡིན་པས། རིས་མེད་བླ་སྤྲུལ་དགེ་བཤེས་དང་དགེ་འདུན་པ་ཡོངས་ཆོ་འཕྲུལ་ཟླ་བའི་ལོ་སར་ཚེས་ ༩ ནང་ཚུན་བཞུགས་སྒར་དྷ་སར་ངེས་ཕེབས་ཡོང་བ་ཞུ།

༣༽       ད་ལམ་༸དཔལ་ལྡན་༸སྐུ་སྒེར་ཡིག་ཚང་ནས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་དགོས་པའི་བཀའ་བཟང་ཕེབས་ཡོད་ན། འདི་ནས་གཞིས་བྱེས་སེར་སྐྱ་མི་མང་སྤྱི་མགྲིན་ལ་དེ་སྔོན་ཡིག་དྲུག་སོགས་གཟུངས་སྔགས་གང་ཤེས་དུས་ཐུང་ཛ་དྲག་ནང་གྲངས་གསོག་དགོས་པའི་གསལ་བསྒྲགས་ཞུས་ཟིན་ལྟར། ད་ལམ་སྒྲོལ་དཀར་གྱི་གཟུངས་སྔགས་གང་མང་གྲངས་གསོག་གིས་སྒྲུབ་ཐོ་ཆོ་འཕྲུལ་ཟླ་བའི་ལོ་སར་ཚེས་ ༡༠ ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༣ ནང་ཚུན་འདི་ག་ཚོགས་ཆུང་དུ་ངེས་འབུལ་ཐུབ་པ་གནང་དགོས།

༤༽       བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་ནས་བསྐལ་བཟང་གི་དུས་ཚེས་དེ་དང་བསྟུན་ཉ་ཆིག་འབུམ་ཐམ་པ་མི་འཇིགས་སྲོག་གི་སྦྱིན་པ་གཏོང་འཆར་ཡིན་ན། གཞིས་བྱེས་གཉིས་ཀྱི་དགོན་སྡེ་གྲྭ་ཚང་དང། སྒེར་པ་སྐྱ་སེར་སུ་ཡིན་ནས་ཀྱང་༸རྒྱལ་བའི་སྐུ་ཚེ་ཡུན་དུ་བརྟན་པའི་བརྟན་བཞུགས་དང། རང་རང་གི་བསོད་ནམས་གསོག་སླད་སྒོ་ཕྱུགས་སོགས་གསོད་ལ་ཉེ་བའི་སེམས་ཅན་ཚེ་ཐར་གང་ནུས་གཏོང་བའི་དགེ་བསྐུལ་ནན་ཏན་ཞུ་རྒྱུ།

༥༽       གྲྭ་བཙུན་རྣམས་ལ་བརྟན་བཞུགས་རིང་བཞུགས་གནས་དང་ཞལ་ལག་གོ་སྒྲིག་ཞུ་རྒྱུ་ཡིན་པས་རང་རང་སོ་སོའི་ཆོས་གོས་རྣམ་གསུམ་དང་ཚོགས་ཞྭ། ཁྱབ་ཁོངས་ཚོགས་སྡེ་གྲྭ་ཚང་གི་ངོ་སྤྲོད་ལག་འཁྱེར་དང་ཕྱེད་པར་བཞི་རེ་བཅས་མཉམ་འཁྱེར་དགོས་པ་དང༌། ཕྱོགས་མཐའ་ཁག་ནས་ཕེབས་པའི་སྐྱ་བོ་རྣམས་ལའང་བཞུགས་གནས་གོ་སྒྲིག་ཞུ་རྒྱུ་ཡིན་སྟབས་ཚང་མས་ཕ་ཡུལ་ཆས་གོས་ཡོད་ན་ངེས་པར་བསྣམ་རྒྱུ་དང། དེ་མིན་བོད་ལུགས་གཟབ་འཕྱོར་དང་ཕྱེད་པར་བཞི་རེ་བཅས་ངེས་པར་བསྣམ་ཕེབས་དགོས། 

༦༽       ཆོ་འཕྲུལ་ཟླ་བའི་ཚེས་ ༡༥ ཉིན་གྱི་སྨོན་ལམ་དང། འཁྲུངས་རབས་བཀའ་ཆོས་སྐབས་དགེ་འདུན་པར་བསྙེན་བཀུར་དང་སྐུ་འགྱེད། གསོལ་ཇ་བཞེས་བག འབྲས་སིལ། དགུང་ཚིགས་བཅས་ཀྱི་སྦྱིན་བདག་གཙོ་བོའང་གཞིས་བྱེས་འབའ་ཐང་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་ནས་གནང་འཐུས་ཆོག་པའི་བཀའ་འཁྲོལ་སྨིན་སྩོལ་བྱུང་ཡོད་ན། ཚང་མས་རྣམ་དཀར་དགེ་ཚོགས་ཀྱི་བྱ་བ་འདི་ཉིད་གལ་ཆེ་དོན་ཆེར་བརྩིས་ཏེ་བརྟན་བཞུགས་དང་འབྲེལ་བའི་བྱེད་སྒོ་ཁག་ལ་ཕྱར་གྲུ་མཉམ་འདེགས་གནང་བའི་རེ་བ་དང།

༧༽       ལོ་སར་ཚེས་ ༡༦ ཉིན་བོད་ཀྱི་ཟློས་གར་ཐང་ཆེན་དུ་རྒྱལ་སྤྱིའི་འབའ་པ་ལྷན་འཛོམ་ཐེངས་དང་པོ་གོ་སྒྲིག་ཞུས་ཏེ། སྤྱི་ཡོངས་གནས་སྟངས་སྐོར་གོ་བསྡུར་དང། རང་ཁོངས་བླ་ཆེན་མི་ཆེན་ཁག་ཅིག་ནས་ཆོས་སྲིད་གཉིས་ཐད་བཀའ་སློབ་གསུང་བཤད་གོ་སྒྲིག་ཞུ་རྒྱུ་ཡིན་པས་ཚང་མས་དེ་དོན་དགོངས་མངའ་ཡོང་བ་མཁྱེན་མཁྱེན་མཁྱེན། ཞེས་གུས་འདུད་དང་བཅས། གཞིས་བྱེས་འབའ་ཐང་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་ནས་ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡༥ ལ།།                


 

 

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese