མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐུ་སྲོག་མེ་མཆོད་ཀྱི་རིན་ཐང་ཆ་ཚང་ཞིག་སུས་བཤད་ཐུབ་ཡོད་དམ།

བོད་ཀྱི་དུས་བབ།
༢༠༡༢/༠༢/༡༧
Share on FacebookShare on TwitterShare on EmailShare on Whatsapp

 མི་ཕམ་ཚངས་ཐིག

བོད་ཀྱི་བྱང་སེམས་དཔའ་རྟུལ་ཕོ་མོ་ཚོས་རང་སྲོག་མཆོད་མེར་ཕུལ་དགོས་དོན་གསལ་བཤད་ཡིད་ཚིམ་པ་ཞིག་བརྙན་འཕྲིན་དང་རླུང་འཕྲིན།  ཚགས་ཤོག་སོགས་གང་སར་བྱེད་མ་ཐུབ་ན། མི་རིགས་དང་རིག་གཞུང་གཞན་པ་དག་གིས་ངོས་འཛིན་བཟང་བོ་ཞིག་བྱེད་ཤེས་ཀྱིན་མི་འདུག་པས་ཕན་མེད་གོ་ལོག་གི་ཉེན་ཁ་འདུག་པ་མ་ཟད། བོད་མི་དཀྱུས་མ་དག་གིས་ཀྱང་འདི་དག་གི་རིན་ཐང་ཆ་ཚང་ཞིག་རྟོགས་ཀྱི་མི་འདུག

གསར་འགོད་བརྒྱུད་ལམ་ཁག་ཏུ་བོད་མིའི་རང་སྲོག་མེ་མཆོད་གྱི་གནད་དོན་གླེང་བའི་གོ་སྐབས་ཡོད་མཁན་དག་མང་ཆེ་བས་འགྲེལ་བཤད་ཡིད་ཚིམ་པ་ཞིག་གནང་ཡོད་པ་མ་ཐོས། ཁོང་ཚོས་འདི་ལྟར་བརྗོད་བཞིན་འདུག བོད་མི་ཚོས་རྒྱ་ནག་གཞུང་གིས་སྲིད་ཇུས་ལ་བློ་ཁ་མ་ཁེངས་པས་ཞི་རྒོལ་བྱུང་བ་རེད་ཟེར་བ་དེ་ཁ་ལ་བྱང་འདུག དེ་ལས་ཅུང་ཟད་བཟང་བའི་ལན་འདེབས་མཁན་དག་གིས་རྒྱ་གཞུང་གིས་བོད་མི་ལ་སྡུག་སྦྱོང་དྲག་གནོན་ཆེ་དྲགས་ནས་བོད་མི་ཚོ་འུ་ཐུག་ཐབས་ཟད་ནས་རང་ཤི་བརྒྱབ་པ་རེད་ཟེར་རྒྱུ་དེ་ཡང་ཁ་ལ་བྱང་འདུག་པ་ཙམ་ལས།  རྒྱལ་གཅེས་དཔའ་བོ་དཔའ་མོ་དག་གི་ཟླ་བྲལ་གྱི་མཛད་པ་ལ་འོས་ཤིང་འཚམས་པའི་འགྲེལ་བརྗོད་ཆ་ཚང་བ་ཞིག་གནང་ཐུབ་མཁན་ད་བར་ཤེས་མ་སོང་།

ད་ལྟའི་བཀའ་སྤྱི་གཉིས་ཀྱིས་སྔོན་མའི་བཀའ་ཤག་ལ་ལྟོས་ན་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་ཙམ་ཡོད་པ་ནི་བཟང་ཕྱོགས་སུ་ལོས་ལྟ། འོན་ཀྱང་གཞུང་དང་འབྲེལ་མ་འབྲེལ་གྱི་སྒྲིག་འཛུགས་ཀུན་གྱིས་ལས་འགུལ་གྱིས་བོད་ཀྱི་དཔའ་རྟུལ་ཕོ་མོ་ཚོའི་ཟླ་བྲལ་གྱི་མཛད་པ་དག་གི་འབུམ་ཆའི་ཆ་ཤས་ཙམ་ཡང་མཚོན་ཐུབ་མེད་པ་ནི་ངོ་ཚ་ཁ་སྐྱེངས་དགོས་པའི་གནས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད།

ཉེ་བའི་ལོ་འགའ་ནས་བོད་དོན་ལེགས་ཉེས་ཀྱི་ས་མཚམས་ལ་ཐག་ཇེ་ཉེ་དང་ཛ་ཇེ་དྲག་ཏུ་སོང་བ་སེམས་གྱིས་མ་བཟོད་ནས། རང་གི་དུས་ཚོད་དང་ནུས་ཤུགས་ཅི་ཡོད་བཏང་ནས་བོད་དོན་ལ་དཔྱད་བརྗོད་ཀྱི་རྩོམ་ཡིག་དང་དེབ་བྲིས་ཀྱང་ནུས་པ་མ་ཐོན་པས་ཁོ་ཆད་དེ་ཁུ་སེམ་མེར་བསྡད་ཡོད། འོན་ཀྱང་བོད་ཀྱི་དཔའ་རྟུལ་ཕོ་མོ་ཚོས་སྐུ་སྲོག་གཞན་དོན་དུ་མཆོད་པའི་དཔའ་སྙིང་དང་ཆོད་སེམས་ཀྱི་རིན་ཐང་ཆ་ཚང་ཞིག་མཚོན་ཐབས་སུ་ཐ་ན་བརྡ་འཕྲིན་ཙམ་ཡང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ ཏུ་ཐོན་མ་ཐུབ་པས་བློ་ཕམ་ཚད་ལས་འདས་པ་བྱུང་བས་འདིར་ཅུང་ཙམ་མི་བརྗོད་ཀ་མེད་ཀྱི་སྣང་བ་བྱུང་།

དང་པོ་ཆབ་སྲིད་ཀྱི་ཁ་ཕྱོགས་དགོས་པ།

གསར་འགྱུར་བརྒྱུད་ལམ་ཁག་ཏུ་བོད་ཀྱི་ཆབ་སྲིད་པ་ཚོས་བོད་མིའི་སྐྱིད་སྡུག་གླེང་སྐབས་བོད་མི་ཚོས་རྒྱ་ནག་གཞུང་གིས་སྲིད་ཇུས་ལ་བློ་ཁ་མ་ཁེངས་པ་རེད་ཟེར་གྱི་འདུག་པ་ཙམ་ནི་ཚིག་ནུས་ཆུང་དྲགས་པ་རེད་སྙམ། བོད་མི་ཚོས་རྒྱ་གཞུང་གི་སྲིད་ཇུས་ལ་བློ་ཁ་མ་ཁེངས་པ་ཙམ་གྱི་ག་ལ་ཚད། བོད་མི་རྒན་དར་གཞོན་གསུམ་གྱིས་དུས་རབས་ཕྱེད་ཀ་ལྷག་གི་རིང་དུ་རྒྱ་གཞུང་གིས་བཙན་གནོན་དང་མནར་གཅོད་ཤུགས་དྲག་ཅིང་རྒྱུན་རིང་དྲགས་པའི་སྡུག་བསྔལ་མ་བཟོད་པར་མེ་མདའ་དང་བཙོན་ཁང་ཁག་ཏུ་སྡུག་ལྕེབ་བྱེད་མཁན་ལོ་རེ་བཞིན་མང་ནས་མང་དུ་འགྲོ་ བཞིན་ཡོད་པ་རེད་ཟེར་ན་འོས་ཤིང་འཚམས་པ་མ་རེད་དམ།

རྒྱ་གཞུང་གིས་བོད་མི་ལ་སྡུག་སྦྱོང་དྲག་གནོན་ཆེ་དྲགས་ནས་བོད་མི་ཚོ་འུ་ཐུག་ཐབས་ཟད་ནས་རང་ལུས་མེ་སྲེག་བཏང་བ་རེད་ཟེར་པ་ཙམ་གྱིས་ཡང་ཆོག་གི་མི་འདུག་སྙམ། དྲང་མོར་བཤད་ན། རང་ལུས་མཆོད་མེར་ཕུལ་བ་ནི་རང་གཅེས་འཛིན་གྱིས་རང་སྡུག་མ་ཐེག་ནས་མ་རེད། བོད་མི་རིགས་གིས་སྡུག་བསྔལ་ཟློག་ཆེད་དུ་རང་སྲོག་བློས་བཏང་བ་རེད། འདི་ནི་འགྲན་ཟླ་བྲལ་བའི་ཆེས་སྙིང་སྟོབས་དང་ཆོས་དད་ཆེས་ཆེ་བ་གཉིས་ཀ་ཡིན་པས་རང་སྡུག་མ་ཐེག་ནས་མ་རེད།

ཕྲན་འདིར་མི་རིགས་གཞན་དང་རིག་གཞུང་གཞན་པ་དག་གི་མི་རྣམས་དང་མཉམ་དུ་བསྡད་ཡོད་པའི་ཉམས་མྱོང་ལས་ཤེས་པ་ནི། གལ་ཏེ་འུ་ཐུག་ཐབས་ཟད་ཀྱིས་རང་ལུས་མེ་སྲེག་བཏང་བ་རེད་ཟེར་ན། དེ་ནི་དེང་དུས་གྲོང་ཁྱེར་གྱི་མི་དག་ལ་ཆེས་སྤྱིར་བཏང་བའི་ངན་མཚང་ཞིག་ཡིན་པས། རང་སྡུག་མ་ཐེག་ནས་རང་ཤི་བརྒྱབ་པ་ནི་ཕན་མེད་ཀྱི་ཆེས་འཕྲོ་བླག་ཆེན་པོ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་འདུག མ་ཟད་ཁོང་ཚོས་དེ་ནི་འཚེ་མེད་ཞི་བའི་ལམ་དང་འགལ་བའི་འཚེ་བའི་ངོ་བོར་ངོས་འཛིན་བྱེད་ཀྱི་འདུག མ་ཟད་བོད་མི་མང་པོ་ཞིག་གིས་ཀྱང་རང་སྲོག་རང་གཅོད་བྱས་པ་ཆོས་དང་འགལ་ཡོད་སྣང་དང་། མ་ཚད་ཁོང་ཁྲོས་དབང་གིས་ཤི་བ་ཡིན་པས་ལྟ་ཚུལ་འཛིན་མཁན་འདུག་པས་དེ་ནི་བློ་གྲོས་ཆུང་ཞིང་ཐེག་པ་ཆེ་ཆུང་གི་ཆོས་གྱི་གོ་དོན་འབྱེད་མ་ཤེས་པས་ངན་མཚང་རེད།

དེའི་ཕྱིར་ཉེ་བའི་ལོ་འགའི་རིང་གི་བོད་ཀྱི་དཔའ་བོ་དཔའ་མོ་དག་ནི་འཇིག་རྟེན་གྱི་དཔའ་བོ་ཙམ་མ་ཡིན་པར། བྱང་ཆུབ་སེམས་དཔའ་དང་སེམས་མ་རུ་གྲགས་པའི་དཔའ་བོ་དང་དཔའ་མོ་ཡིན་པར་ཤེས་ཤིང་གོ་བ་ལོན་དགོས་པ་ནི་ཆེས་གནད་འགག་རེད་ལ། དེའི་ཕྱིར་གཞན་ལ་ཡང་དེ་ལྟར་དུ་འགྲེལ་བཤད་ཡིད་ཚིམ་པ་ཞིག་རྒྱག་ཐུབ་དགོིས་པ་ནི་ཤུལ་ལུས་བོད་མི་རྩམ་ཟན་ཡོང་གྱི་ལས་འགན་དུ་མཐོང་།

གཉིས་པ་ཆོས་ཀྱི་གནད་འགག་ཤེས་ན་སྲིད་དོན་གོ་བ།

རང་ཤི་བརྒྱབ་པར་གཅིག་མཚུངས་ཡིན་པ་ཁག་ལ་ཤི་དོན་ཆེས་མི་འདྲ་བ་ཡོད་པ་ཤེས་གལ། དེང་དུས་ཀྱི་གྲོང་ཁྱེར་གྱི་མི་མང་པོ་རང་གཅེས་འཛིན་ཁོ་ན་ལ་བློ་ཕྱོགས་པའི་དབང་གིས་རང་གི་སྡུག་བསྔལ་མ་ཐེག་པ་དང་ཐབས་ལམ་གཞན་མ་བརྙེད་པར་རང་ཤི་རྒྱག་མཁན་དང་གཅིག ཁ་ཆེའི་ཆོས་ལ་ལྟ་བ་ལོག་པ་འགའ་ཁོང་ཚོའི་རྟོགས་ཡུལ་གྱི་ཆོས་ལ་དད་གདུང་དྲག་པོས་ཁོང་ཚོས་དཀོན་མཆོག་མཉེས་ཕྱིར་གཞན་ལ་འཚེ་བའི་ཆེད་དུ་རང་སྲོག་བློས་གཏོང་བྱེད་པ། རྒྱལ་སྲས་བྱང་ཆུབ་སེམས་དཔས་གཞན་གྱི་སྡུག་བསྔལ་ཟློག་ཆེད་དང་བདེ་བ་སྒྲུབ་ཐབས་སུ་རང་སྲོག་བློས་གཏོང་བྱས་པ་དག་ནི་གནམ་ས་ལྟ་བུའི་ཁྱད་འགྱུར་དང་དུག་སྨན་ལྟ་བུའི་མཆོག་དམན་ཡོད་པ་ཤེས་གལ་ཆེ་ལ། དེ་ཚུལ་མ་ཤེས་ན་བླུན་རྨོངས་རེད།

བོད་མིའི་དཔའ་རྟུལ་རྣམས་ཀྱིས་བོད་མིའི་བདེན་དོན་རང་དབང་དང་། ནང་པ་སངས་རྒྱས་པའི་ཆོས་དང་རིག་གཞུང་གནས་ཐབས། འཛམ་གླིང་ཞི་བདེའི་རྨང་གཞི་འཚེ་མེད་ཞི་བ་སོགས་ཀྱི་ཆེད་དུ་རང་སྲོག་བློས་གཏོང་གིས་རང་ལུས་མཆོད་མེར་ཕུལ་བ་ནི་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཁོ་ན་ཡིན་པར་སུ་ཞིག་བསྙོན་ཐུབ། འདི་ཤེས་ན་ཆབ་སྲིད་ཀྱི་དོན་སྙིང་ཡང་ཡོད་པ་ཤེས་གལ་ཆེ།

གསུམ་པ་འདི་ཅི་ཞིག་གི་མཚོན་རྟགས་ཡིན།

གངས་ཅན་པའི་ལ་རྒྱའི་ཟུངས་ཁྲག་ལྷོག་ལྷོག་ཏུ་རྒྱུ་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་འདི་དག་རེ་ཞིག་འཇིག་རྟེན་འདི་ནས་ཁ་གྱེས་པ་ནི་བཟོད་ཐབས་དཀའ་བའི་ན་ཟུག་ཅིག་དང་། ཐེག་པར་དཀའ་བའི་ཕངས་སེམས་ཤིག་ཡིན་པ་སྨོས་མེད་རེད། འོན་ཀྱང་རྨད་དུ་བྱུང་བའི་ཆོད་སེམས་དང་བླ་ན་མེད་པའི་བྱང་སེམས་ལ་བསམ་ན་ཧ་ལས་ཤིང་ཧོན་འཐོར་དགོས་པའི་མཛད་རྗེས་དང་མཚོན་རྟགས་གཉིས་ཀ་ཡིན་པའི་རྒྱུ་མཚན་འགའ་ཞིག་དྲངས་ན་འདི་ལྟར་རེད།

རང་བཞིན་གྱི་སོ་སོའི་སྐྱེས་བུ་ཞིག་གིས་རང་དོན་ཡིད་བྱེད་མ་འདྲེས་པར་གཞན་དོན་དུ་རྒྱུ་ནོར་ཅུང་ཟད་རེ་གཏོང་དཀའ་བ་དང་། བདེན་གཏམ་གྱི་ཚིག་ངན་ཅུང་ཙམ་ཡང་མི་བཟོད་ལ། རང་ལུས་ལ་ཚེར་མ་ཆུང་ངུ་རེས་བཙུགས་པའི་ཚོར་བ་མི་བཟོད་ན། གང་ཞིག་གིས་རང་གི་ཚེ་སྲོག་ཡོངས་རྫོགས་གཞན་དོན་དུ་གཏོང་ཐུབ་པ་ནི་བྱང་ཆུབ་ཀྱི་སེམས་རྣལ་མ་རྒྱུད་ལ་ཡོད་པའི་མཚོན་དཔེ་རྨ་མེད་པ་རེད་ལ། ཡང་ན་ཆོས་ཀྱི་གནས་ལུགས་བདག་མེད་རྟོགས་པའི་ཤེས་རབ་རྒྱུད་ལ་ཡོད་པའི་མཚོན་རྟགས་ཁོ་ན་ལས་གཞན་ཅི་ཡང་མིན་པ་ལ་ཐེ་ཚོམ་ཙམ་ཡང་བྱེད་མི་རིགས་པའི་གནས་རེད།

 འདི་ལ་བསམ་བློ་རྣལ་མ་བཏང་ན། བླ་ན་མེད་པའི་མཛད་པ་འདི་དག་གིས་ནི་ང་ཚོ་གངས་ཅན་པ་དག་དང་ནང་པ་སངས་རྒྱས་པ་དག་དགའ་བ་ཚད་མེད་ཀྱང་སྐྱེ་དགོས་པའི་གནས་ཞིག་ཀྱང་རེད། ཕྲན་ནི་ཧ་ལས་ཞིང་ཧང་སངས་ཡོད། རྒྱུ་མཚན་ནི། ད་ལྟ་སྙིགས་མ་ལྔ་བདོ་པའི་དུས་དང་བྱང་སེམས་དང་འཕགས་པའི་གང་ཟག་ནི་ལོ་རྒྱུས་ཀྱི་ཡུལ་ཙམ་ལས་དངོས་མཐོང་གི་ཆོས་སུ་མེད་ཚོད་བྱེད་མོད། རྒྱལ་གཅེས་དཔའ་བོ་འདི་དག་གིས་རང་སྲོག་སེམས་ཅན་གྱི་བདེ་སྐྱིད་ཀྱི་ཆེད་དུ་གཏོང་བ་ནི་ད་དུང་འཇིག་རྟེན་འདི་ན་བྱང་སེམས་འཕགས་པ་དངོས་མཐོང་དུ་ཡོད་པའི་མཚོན་རྟགས་རྣལ་མ་རེད་མོད། དེ་ནི་རྒྱལ་བའི་བསྟན་པ་རྣམ་དག་ད་དུང་གང་ཟག་མང་པོའི་ཐུགས་རྒྱུད་ན་ཡོད་པའི་མཚོན་རྟགས་འཁྲུལ་མེད་ཀྱང་མ་རེད་དམ། ད་དུང་རྒྱལ་བསྟན་མྱུར་དུ་ནུབ་རན་ལ་སླེབས་མེད་པའི་རྟགས་ཀྱང་རེད།

ཆབ་སྲིད་ཀྱི་ཐད་ནས་བསམ་ན་ཡང་། འདིས་ནི་གངས་ཅན་ཙམ་མ་ཡིན་པར་འཛམ་གླིང་ལ་རྨད་དུ་བྱུང་བའི་ལོ་རྒྱུས་བྲིས་པ་རེད། འདི་ནི་ད་སྔོན་འཛམ་གླིང་དུ་ཆེར་བྱུང་མྱོང་མེད་པའི་ལོ་རྒྱས་གསར་པའི་ལེའུ་རེད། འདིས་གངས་ཅན་པའི་རྒན་དར་གཞོན་གསུམ་གྱི་སྙིང་ནང་དུ་འགྱུར་བ་མེད་པའི་ཆིག་སྒྲིལ་དང་ལ་རྒྱའི་བག་ཆགས་སྲ་ཞིང་འཐས་པ་ཞིག་བཞག་པ་རེད། ཆོས་པ་ཞིག་ཡིན་ན་ཆོས་ཀྱི་ཉམས་ལེན་ལ་དཔེ་མཚོན་བཞག་པ་རེད། རྒྱ་གཞུང་གི་མཁྲེགས་འཛིན་གྱི་ལངས་ཕྱོགས་ལ་འདྲི་ཚིག་ལན་མེད་པ་ཞིག་བྲིས་པ་རེད་ལ། སྐྱག་རྫུན་གྱི་མཚང་ལུད་ཁུང་ནས་བརྡོལ་བ་རེད་ལ། སྲིད་དོན་པ་ཞིག་ཡིན་ན་འདི་ཆབ་སྲིད་ཀྱི་གལ་འགངས་བླ་ན་མེད་པ་རུ་འབྲེལ་ཐུབ་པ་སྨོས་མེད་རེད།

བཞི་བ་བློ་ཕམ་དགོས་པའི་དོན་ཅི་ཡོད།

རིན་ཐང་བྲལ་བའི་རང་ལུས་མེ་སྲེག་གཏོང་མཁན་ཡོད་ཀྱང་དེ་ལ་གཏོང་ལུགས་གཏོང་སྟངས་དག་ལ་སློབ་སྟོན་གནང་མཁན་མེད་དང་གཅིག འགྲན་ཟླ་བྲལ་བའི་རང་ལུས་མེ་མཆོད་སོགས་གློག་བརྙན་ལེན་པ་སོགས་ཀྱི་གྲ་སྒྲིག་བྱེད་མཁན་གྱིས་མ་འདང་བ་དང་གཉིས། གཞིས་སྡོད་བོད་མིས་བླ་ན་མེད་པའི་མཛད་རྗེས་ལ་བྱེས་སྡོད་གཞུང་དམངས་ཀྱི་སྒྲིག་འཛུགས་དག་གིས་རྒྱབ་སྐྱོར་ཙམ་ཡོད་ཀྱང་། དཀའ་སྤྱད་ཧུར་བརྩོན་དང་རྣམ་དཔྱོད་དང་བློ་རིག་གི་རྩལ་དང་ནུས་པས་དཔའ་བོ་དཔའ་མོ་ཚོའི་ཡོན་ཏན་གྱི་ཆ་ཤས་ཙམ་ལ་འགྲན་ཐུབ་པའི་ལས་འགུལ་གྱིས་མ་འདང་བ་དང་གསུམ་རེད།

འདི་དག་གི་ལེ་ལན་སུ་ལ་བབས་ཡོད་ཟེར་ན། འདི་དག་ནི་བོད་གཞུང་འབྲེལ་ལས་བྱེད་པ་དག་གཙོ་བོར་བྱས་པའི་ཆབ་སྲིད་ཀྱི་གར་སྟེགས་སྟེང་ན་འཚོ་བ་རོལ་མཁན་ཀུན་གྱི་གཙོས་ས་གནས་སོ་སོའི་འབྲེལ་ཡོད་བྱེས་སྡོད་པ་དག་གི་འཐུས་ཤོར་ཚབས་ཆེན་ཞིག་རེད། མ་འོངས་པར་གཞིས་ལུས་བོད་མི་སུ་ཞིག་གིས་བླ་ན་མེད་པའི་ལས་འགུལ་ཅི་ཞིག་སྤེལ་ཡང་། དེ་ཉིད་དངོས་བྱུང་གནས་ཚུལ་བརྙན་ལེན་མཁན་མེད་ཐབས་མེད་པ་དང་། དེ་ཉིད་གྲ་སྒྲིག་ཚགས་ཚུད་དགོས་པ་གལ་ཆེ་ཤོས་དང་། མི་ཚོགས་ཆེས་མང་ས་ཁག་ཅིག་ནས་ལས་འགུལ་སྤེལ་དགོས་པ། བོད་མི་སྡེབས་ལངས་དགོས་པའི་སློབ་སྟོན་ལ་སོགས་ཀྱི་ལམ་སྟོན་ཚགས་ཚུད་གནང་ཐུབ་པའི་ལས་འགན་ནི་བོད་གཞུང་འབྲེལ་ལས་བྱེད་པ་དག་གཙོ་བོར་བྱས་པའི་ཆབ་སྲིད་གར་སྟེགས་སུ་འཚོ་མཁན་ཀུན་དང་། ས་གནས་སོ་སོའི་འབྲེལ་ཡོད་བྱེས་སྡོད་བོད་མི་རེ་རེའི་ཕྲག་སྟེང་དུ་བབས་པའི་ལས་འགན་ཡིན་པ་ཡིད་འཇགས་འཚལ།

ལྔ་བ་རང་ལུས་མེད་སྲེག་གཏོང་རིགས་དང་མི་རིགས།

རང་ལུས་མེར་བསྲེགས་ཀྱིས་ནུས་པ་མི་ཐོན་སྟབས་མ་གནང་ན་བཟང་རབས་དང་། མང་པོ་ཞིག་གིས་རྒྱལ་གཅེས་དཔའ་བོ་དག་གཅིག་རྗེས་གཉིས་མཐུད་དུ་ཤི་ན་ཤུལ་དུ་བོད་མི་ངན་སྙིགས་དག་ལས་ལྷག་གི་མ་རེད་ཟེར་བ་སོགས་ནི། བློ་གྲོས་གཏིང་མི་ཟབ་ཅིང་མིག་རྒྱང་ཐུང་དྲགས་པའི་སྐད་ཆ་རེད། རྒྱུ་མཚན་མང་ཡང་འགའ་ཞིག་གླེང་ན། རྒྱལ་གཅེས་དཔའ་བོ་དཔའ་མོ་རེ་རེའི་བླ་ན་མེད་པའི་མཛད་རྗེས་རེ་རེ་བཞག་དུས། གངས་ཅན་པ་ཆེས་མང་པོའི་སྙིང་ནང་དུ་གཏིང་ཟབ་པའི་རྒྱལ་གཅེས་པའི་བག་ཆགས་ཆེས་སྲ་བརྟན་རེ་འཇོག་གིན་ཡོད་པ་སྨོས་ཅི་དགོས། དེ་འདྲའི་བག་ཆགས་ཟབ་མོ་དག་ནམ་ཞིག་ན་མི་སྨིན་པར་འདུག་ས་མེད་པ་ནི་སྔོན་ལས་ལྡོག་མེད་ཀྱི་འབྲས་བུ་དག་དང་གཅིག་མཚུངས་རེད། འདིས་ནི་གངས་ཅན་པའི་མི་རབས་གསར་པའི་སྙིང་ཁམས་ལ་ཁྱད་པར་ཆེས་ཆེན་པོ་ཞིག་བཟོས་དང་བཟོ་བཞིན་ཡོད། དེའི་ཕྱིར་གངས་ཅན་པའི་དཔའ་སྙིང་དང་བྱང་སེམས་ནི་བོད་མི་བརྒྱ་སྟོང་ཁ་ཤས་འདས་གྲོངས་སུ་སུ་སོང་བས་རྫོགས་འགྲོ་བ་ཞིག་གཏན་ནས་མིན་པར་དེ་བས་མང་དུ་འཕེལ་རྒྱུ་གདོན་མི་ཟ།

གཞན་ཡང་གཞན་དོན་དུ་རང་སྲོག་མེ་ལ་མཆོད་པ་ནི་རྒྱལ་སྲས་བྱང་ཆུབ་སེམས་དཔའི་མཛད་པ་འཁྲུལ་མེད་ཡིན་པས། འདི་ལ་དེ་འདྲ་མ་གནང་རོགས་ཞེས་སུ་ཡིས་བཤད་ན་དེ་ནི་ཆེས་ཉེས་པ་ཆེ་ཤོས་དང་ཆེས་ལས་ངན་ཚབས་ཆེན་ཞིག་ཡིན་པ་གཏན་ཚིགས་ཀྱིས་གྲུབ་ལ།  རང་ཉིད་གཞན་དོན་དུ་རང་སྲོག་གཏོང་ནུས་མཁན་ཞིག་མ་ཡིན་ཕྱིན་གཞན་དོན་དུ་རང་སྲོག་གཏོང་རོགས་ཞེས་དེ་བས་ཀྱང་སྨྲ་ག་ལ་འོས། འདི་ནི་ཆེས་ཁྱད་དུ་འཕགས་ཤིང་འགྲན་ཟླ་བྲལ་པའི་མཛད་སྤྱོད་ཅིག་ཡིན་པས། སོ་སོའི་སྐྱེས་བུ་རང་འགའ་བ་ཞིག་གིས་འདི་དག་གི་རིན་ཐང་དཔྱོད་མི་ནུས་ལ། ལེགས་ཉེས་ཀྱི་ཁ་ཚོན་གཅོད་པའི་ཐོབ་ཐང་མེད་ལ། འོས་བབས་ནི་དེ་བས་ཀྱང་ག་ལ་ཡོད་དོ།། །།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 3

  1. ཧོར་བུ་ཡེ་ཤེས says:
    ལོ་ 14 སྔོན།

    གྲོགས་པོ་ཁྱེད་ཀྱིས་གསུངས་པ་བདེན་པ་རེད།དེང་སང་གཞུང་འཛིན་མི་སྣ་གཙོ་བྱེད་པའི་རླུང་འཕྲིན་ཁག་ནང་འབྲེལ་བཤད་ཡང་དག་ཅིག་མེད་པ་དང་མི་སེར་ནང་དུའང་འདྲ་མི་འདྲ་འབྲེལ་མཁན་འདུག།བྱས་ཙང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་ནོར་ཝེ་རླུང་འཕྲིན་ཁང་།གཞུང་འཛིན་མི་སྣ།གཞུང་སྒེར་གྱི་དྲ་རྒྱ་སོགས་སུ་ཁ་གཅིག་གྲགས་ཐོག་འབྲེལ་བཤད་ཡག་པོ་ཞིག་རྒྱག་དགོས་པ་དེ་ནི་ཧ་ཅང་གི་གལ་ཆེན་དུ་རང་གི་ཡང་མཐོང་གི་ཡོད།

    Reply
  2. བཙན་པོ། says:
    ལོ་ 14 སྔོན།

    ཁྱེད་ཁོ་ན་སྐུ་སྲོག་གཏོང་མཁན་ཚོའི་རིན་ཐང་ཤེས་མཁན་ཡིན་ཟེར་ནི་ཡིན་ས་རེད། འགྲིག་གི འགྲིག་གི བདེན་པ་ཞིག་གསུང་འདུག
    མི་ཕམ་ཚངས་ཐིག་གིས་རང་སྲོག་བཏང་རིགས་མི་རིགས་དང་ན་སུས་ཀྱང་དཔག་མི་འོས་ཟེར་བ་བོན་རྒྱས་ད་དུང་གོ་མི་འདུག་ཡ།

    Reply
  3. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 14 སྔོན།

    རེད། བོད་ནང་གི་མེ་ལྕེ་དེ་རྣམ་གྲངས་མང་བ་དང་ངར་ཤུགས་ལྡན་པའི་སྒོ་ནས་འབར་དགོས་པ་རེད། རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡིན་ན་འགོག་ག་ལ་རུང་སྟེ་སོ་སོ་སྐྱེ་བོའི་རྒྱལ་ཁབ་སླར་གསོའི་ཐབས་ལམ་ཡིན་ནའང་། འགོག་རུང་བ་ཞིག་མ་ཡིན་ནོ། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese