མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨེའོ་ཝ་ས་གནས་སུ་ངོ་རྒོལ།

བོད་ཀྱི་དུས་བབ།
༢༠༡༢/༠༢/༡༧
Share on FacebookShare on TwitterShare on EmailShare on Whatsapp


གཟའ་ལྷག་པའི་ཉིན་ཞིས་ཅིན་ཕིན་སྔོན་ཆད་ཕག་གསོ་སློབ་སྦྱོང་བྱེད་ཡུལ་མ་སི་ཁེ་ཊི྇་གྲོང་གསེབ་ཏུ་འབྱོར་མ་ཐག བོད་མི་ཚོས་ངོ་རྒོལ་ཤུགས་ཆེན་བྱས་འདུག

གཅན་ཡེ་རྒྱམ་ལགས་ཀྱིས་གནས་ཚུལ་བཏང་འབྱོར་ལ། ཟླ་འདིའི་ཚེས་ ༡༥ ཉིན་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞི་ཅིན་ཕིན་ཨ་རིའི་ཨེའོ་ཝ་ས་གནས་གྲོས་ཚོགས་ནང་དགོང་དྲོའི་གསོལ་སྟོན་དུ་ཕེབས་ཀྱི་ཡོད་པ་དང་བསྟུན་ཏེ། མི་ནི་སོ་ཊ་ནས་ས་གནས་སྤྱི་མཐུན་ཚོགས་པ་དང་གཞོན་ནུ་ཚོགས་པ། བུད་མེད་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱིས་སྣེ་ཁྲིད་པའི་རླངས་འཁོར་ལྔའི་ནང་མི་ ༣༠༠ ལྷག་དང་། ཝི་སི་ཀོན་སིན་ནས་ས་གནས་སྤྱི་མཐུན་ཚོགས་པ་དང་གཞོན་ནུ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་གསུམ་གྱིས་སྣེ་ཁྲིད་པའི་རླངས་འཁོར་གཉིས་ནང་མི་ ༡༠༠ ལྷག ཆི་ཀ་གོའོ་ནས་མི་ ༤༠ ཙམ། སྒེར་གྱི་རླངས་འཁོར་བཏང་ཡོང་མཁན་དང་བོད་དོན་རྒྱབ་སྐྱོར་བ་བཅས་ཁྱོན་མི་ ༥༠༠ ལྷག་གིས་འབོད་ཚིག་འདྲ་མིན་འཁོད་པའི་འཕྲད་དར་དང་། རང་ལུས་མེར་བསྲེགས་གཏོང་མཁན་དཔའ་བོ་རྣམས་ཀྱི་སྐུ་པར་དང་དུར་སྒམ། ཨ་རིའི་རྒྱལ་དར་དང་བོད་ཀྱི་རྒྱལ་དར་མང་པོ་འཕྱར་བཞིན་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་བརྗོད་དོན་ལ། སྐབས་དེར་ང་ཚོས་བོད་ལ་རང་དབང་དགོས། རྒྱ་མི་བོད་ནས་ཕར་རྒྱུགས་ཤིག  བོད་མི་དམར་གསོད་མཚམས་འཇོག་དགོས་སོགས་ཀྱི་འབོད་ཚིག་སྒྲོག་བཞིན་རྒྱལ་ས་ཌེ་མོན་གྲོང་ཁྱེར་གྱི་དཀྱིལ་ནས་མཐའ་དང་མཐའ་ནས་དཀྱིལ་བར་ཆུ་ཚོད་ ༥ རིང་སྐོར་སྐྱོད་བྱས་ཏེ། ས་གནས་མི་མང་དང་ཞིས་ཅིན་ཕིན་མཉམ་དུ་སླེབས་པའི་རྒྱ་རིགས་བརྒྱ་སྐོར་ཞིག་ཡོད་པ་དེ་དག་ལ་གསལ་བོར་མཐོང་ཐུབ་པ་བྱས་ཡོད། གཞན་ཡང་མི་ནི་སོ་ཊ་ས་གནས་གཞོན་ནུ་ཚོགས་གཙོ་དང་རྔ་བའི་གཞན་ཕན་བཟང་པོ་སོགས་ཀྱིས་སྣེ་ཁྲིད་འོག ཞིས་ཅིན་ཕིན་དམའ་རིམ་ལས་བྱེད་ཡིན་པའི་སྐབས་ཕག་གསོ་སློབ་སྦྱོང་བྱེད་པར་ཡོང་སའི་མ་སི་ཁེི་ཊི྇་གྲོང་གསེབ་ཏུ་འབྱོར་མ་ཐག ངོ་རྒོལ་བ་ཚོས་སྐད་འབོད་ཤུགས་ཆེན་བྱས་ཏེ་མ་འོངས་པའི་རྒྱ་ནག་རྒྱལ་ཁབ་ཀྱི་མི་རབས་ལྔ་པའི་ཤུལ་འཛིན་མགོ་ཁྲིད་དུ་འགྱུར་བཞིན་པའི་ཞིས་ཅིན་ཕིན་ལ་གསལ་འདེབས་དང་གནོན་ཤུགས་ཡག་པོ་ཞིག་བྱེད་རྒྱུ་བྱུང་། ཞེས་དང་། ང་ཚོས་ཁྲོམ་སྐོར་བྱེད་པའི་སྐབས་གསར་འགོད་པ་དང་པར་རྒྱག་མཁན་མང་པོ་ཡོད་པ་མ་ཟད། ཁྲོམ་གཞུང་གི་ལམ་ཁའི་གཡས་གཡོན་དང་ཁང་བརྩེགས་ཀྱི་སྒོ་དང་སྒེའུ་ཁུང་སོགས་སུ་མི་མང་ཧ་ཅང་མང་པོས་དོ་སྣང་ཆེན་པོ་བྱུང་སོང་ཞེས་བཀོད་འདུག

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༦  ལོའི་འཛམ་གླིང་རྐང་སྤོལ་འགྲན་ཚོགས་ཀྱི་རྟིང་རྩོད་འགྲན་སྡུར་ཁྲོད་སི་པེན་རྒྱལ་ཁབ་ཀྱིས་གསེར་གྱི་བུམ་པ་དེ་བཀྱགས་སོང་།
Mobile App

སི་པེན་གྱིས་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་སྤོལ་གྱི་གསེར་བུམ་བཀྱགས་སོང་།

ཆུ་ཚོད་ ༤ སྔོན་ལ།
བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༡༧/༧/༡༩
Mobile App

དཔའ་བོའི་མངོན་འདོད་རྒྱུན་མཐུད་ཀྱི་ཟས་བཅད་ངོ་རྒོལ་སྤེལ་མགོ་བཙུགས།

ཆུ་ཚོད་ ༢༠ སྔོན་ལ།
Mobile App

མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ཁྲིམས།

༢༠༢༦/༠༧/༡༨
བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

༢༠༢༦/༠༧/༡༧
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༧/༡༧
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

༢༠༢༦/༠༧/༡༧

མཆན། 4

  1. ཤིང་ལོ། says:
    ལོ་ 14 སྔོན།

    ལས་འགུལ་ནི་འགུལ་སྐྱོག་ཙམ་ལ་མི་གོ་བར། འདི་ལྟར་འགུལ་དགོས་པ་རེད། རང་ཉིད་འདི་ལྟར་འགུལ་ན་གཞན་ལ་སེམས་འགུལ་ཐེབས་རྒྱུ་རེད་ལ། དེ་དུས་གཞན་ཚང་མའང་འགུལ་རྒྱུ་རེད། དེ་ནས་ནུས་པ་ཟེར་བ་ཞིག་གཞི་ནས་ཐོན་རྒྱུ་རེད། ཐུགས་རྗེ་ཆེ།

    Reply
  2. ཤར་མདའ། says:
    ལོ་ 14 སྔོན།

    བུ་རབ་ཚོ་ངོ་མ་ལས་འགུལ་སྤེལ་སྟངས་ཐད་ཧ་ཀྱང་ཡག་པོ་བྱུང་འདུག་པས་ཡི་རང་དང་རྒྱབ་སྐྱོར་བོད་མུ་མཐུད་ཡིན་ད།

    Reply
  3. བཙུན་པ་ར་བཟི་བ། says:
    ལོ་ 14 སྔོན།

    ཨ་མའི་བུ་ཚོ་ཡག་པོ་འདུག མུ་མཐུད་དུ་ཤུགས་རྒྱགས་རོགས། གློ་བུར་བའི་སྐད་འབོད་འགའི་ཅང་མི་བ་གྰི། མུ་མཐུད་དུ། མུ་མཐུད་དུ།

    Reply
  4. གཅན་བཟོད་རྒྱམ། says:
    ལོ་ 14 སྔོན།

    ངོ་རྒོལ་གྱི་རྣམ་པ་ཞི་འཇམ་ཡིན་པ་དེས་ཕྱིའི་མི་ལ་སྤྲད་པའི་དོ་སྣང་ཡང་ཅུང་ཆུང་ཙམ་མིན་ནམ་སྙམ། ཁྱོད་ཚོས་ངོ་རྒོལ་བྱས་པའི་བརྙན་འཕྲིན་ཐུང་ངུ་དེར་ཡང་བལྟས་པ་ཡིན། གང་ལྟར་བཀའ་དྲིན་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese