མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གསེར་རྟའི་དགེ་རྒན་ཞིག་འཛིན་བཟུང་།

བོད་ཀྱི་དུས་བབ།
༢༠༡༢/༠༢/༡༨
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ལྷག་པའི་ཉིན་གསེར་རྟ་རྫོང་གེ་འཕེན་སྡེ་བའི་ན་གཞོན་རྩོམ་པ་པོ་གངས་སྐྱེས་སྒྲུབ་པ་སྐྱབས་ལགས་རྒྱ་གཞུང་གི་ཉེན་རྟོག་པ་དང་གསང་བའི་མི་སྣས་རང་ཁྱིམ་ནས་འཛིན་བཟུང་བཙན་འཁྲིད་བྱས་ཡོད་འདུག

 

དེ་རིང་ཞོགས་པར་མདོ་སྨད་སྤྱི་ཟུར་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ལགས་ཀྱིས་གནང་ཚུལ་བཏང་འབྱོར་བྱུང་བའི་ནང་། ཕ་ཡུལ་དབལ་ཤུལ་གསེར་རྟའི་གེ་འཕེན་སྡེ་བ་ནས་ཡིན་པའི་ན་གཞོན་རྩོམ་པ་པོ་གངས་སྐྱེས་སྒྲུབ་པ་སྐྱབས་ལགས་ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༢ ཚེས་ ༡༥ ཉིན་གྱི་མཚན་མོའི་བོད་ནང་གི་ཆུ་ཚོད་ ༡༡ ཐོག་གསེར་རྟ་རྫོང་གི་རང་ཁྱིམ་ནས་རྒྱ་གཞུང་གི་མི་སྣས་བཙན་ཁྲིད་བྱས་འདུག ཅེས་དང་།

ཡང་ཁོང་འཛིན་བཟུང་བྱས་མཁན་ནི། དཀར་མཛེས་ཁུལ་གྱི་ཉེན་རྟོག་མི་སྣ་དང་གསང་བའི་མི་སྣ། དེ་བཞིན་གསེར་རྟ་རྫོང་གི་ཉེན་རྟོག་མི་སྣ་དང་གསང་བའི་མི་སྣ་སོགས་ཁྱོན་མི་གྲངས་ ༢༠ ཙམ་ཡོད་པ་དང་། དེའི་ཁོངས་སུ་གསེར་རྟ་རྫོང་གི་ཉེན་རྟོག་ལས་ཁུངས་ཀྱི་མགོ་གཙོ་དང་། གསང་བའི་ལས་ཁུངས་ཀྱི་མགོ་གཙོ་བཅས་ཡོད་པར་མ་ཟད། གསེར་རྟ་རྫོང་གྲོང་གི་ཆ་ཚང་སློབ་གྲྭ་ཞེས་པའི་སློབ་ཆུང་ཞིག་ཡོད་པ་དེའི་མགོ་གཙོ་ཆོས་དར་ཟེར་བ་དེ་ཡང་སླེབས་ཡོད་ཚུལ་བསྟན་འདུག

 

གོང་གསལ་རྒྱ་གཞུང་མི་སྣས་གངས་སྐྱེས་སྒྲུབ་པ་སྐྱབས་འཛིན་བཟུང་བྱེད་ཞོར་དུ་ཁྱིམ་ནང་སྔོག་བཤེར་བྱེད་སྐབས། ཁོང་གི་བཟའ་ཟླས་སྒྲུབ་པ་སྐྱབས་འཛིན་དོན་ཅི་ཡིན། ཞེས་དང་། ཁྱིམ་ནང་སྔོག་བཤེར་ཆོག་པའི་གོང་རིམ་གྱི་ཆོག་མཆན་ཡིག་ཆ་སོགས་ཡོད་དམ། ཡོད་ན་སྟོན་ཞེས་རེ་རེ་བཞིན་དྲིས་པར། ཁོང་ཚོས་སྒྲུབ་པ་སྐྱབས་ལ་སྐད་ཆ་ཞིག་འདྲི་རྒྱུ་ཡོད། དེའི་ཆེད་ཁོང་འཁྲིད་བཞིན་ཡོད། ཅེས་བཤད་ཡོད་པ་ལས་ཁྱིམ་ནང་སྔོག་བཤེར་ཆོག་མཆན་ཡིག་ཆ་འདི་ཡིན་ཟེར་བ་གང་ཡང་བསྟན་མི་འདུག་ལ། ཁོང་གི་ཁྱིམ་ནས་རྒྱ་གཞུང་གི་ཁྲིམས་འགལ་དངོས་རྫས་རིགས་གང་ཡང་འཐོན་མེད་ཚོད་འདུག 

 

དེ་ནས་ཁོང་གི་ནང་མིས་མཐོང་སར་ཁོང་ལ་རྐང་ལྕགས་དང་། ལག་ལྕགས་སོགས་མ་བརྒྱབ་པར། བདེ་འཇགས་མི་སྣ་གཉིས་ཀྱིས་ཁོང་གི་ལག་པ་གཡས་གཡོན་ལ་འཇུས་ཤིང་། རྒྱ་གཞུང་མི་སྣ་གཞན་དག་གིས་མཐའ་ནས་བསྐོར་ཏེ་འཁྲིད་ཡོད་པ་དང་། དེའི་རྗེས་སུ་ཁོང་གང་དུ་འཁྲིད་པ་དང་གནས་སྟངས་ཅི་འདྲ་ཆགས་ཡོད་མེད་ཤེས་རྟོགས་ཐུབ་མི་འདུག

 

ན་གཞོན་རྩོམ་པ་པོ་གངས་སྐྱེས་སྒྲུབ་པ་སྐྱབས་ལགས་ནི་རང་ལོ་ ༣༢ ཡིན་ཞིང་། སྨྱུག་མིང་ལ་གངས་མེ་སྟག་ཞེས་འབོད། ཁོང་གི་ཕ་མིང་ལ་ཐུབ་ཉི། མ་མིང་ལ་དབང་ལོ། བཟའ་ཟླའི་མིང་ལ་དབང་ཕྱུག་ལྷ་མོ་བཅས་ཟེར་ཞིང་། ཁོང་ལ་བུ་ཕྲུག་ ༢ ཡོད་པའི་ཆེ་བ་བུ་མོ་ལོ་ ༨ དང་། ཆུང་བ་དེ་བུ་ལོ་ ༥ ཅན་ཞིག་བཅས་ཡོད་པ་རེད།

 

ཁོང་ཆུང་དུས་སློབ་ཆུང་དང་དེ་རྗེས་གསེར་རྟ་རྫོང་མི་རིགས་སློབ་འབྲིང་དུ་ཕྱིན་ཡོད་པ་དང་། དེ་རྗེས་དཀར་མཛེས་ཁུལ་གྱི་དགེ་འོས་སློབ་གྲྭ་སོགས་ཐོན་རྗེས་གསེར་རྟ་ས་ཆའི་གདར་ཚང་དང་། ཧོར་ཤུལ་སོགས་ལ་དགེ་རྒན་གནང་བ་དང་། དེང་སྐབས་ཀྱང་སྒེར་གཉེར་སློབ་གྲྭ་ཞིག་ཏུ་དགེ་རྒན་གནང་བཞིན་པས་མཚོན་ད་བར་ལོ་ངོ་ཧྲིལ་པོ་ ༡༠ ཙམ་ལ་དགེ་རྒན་གནང་ཡོད་འདུག་ལ། ཞོར་དུ་རྩོམ་ཡིག་མང་པོ་སྤེལ་ཡོད་པ་མ་ཟད་ ༼ དེ་རིང་གི་མིག་ཆུ།༽ཅེས་པ་སོགས་དེབ་ཁག་གཅིག་ཀྱང་བརྩམས་ཡོད་འདུག

 

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༢༣ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 10

  1. གྲྭ་རྐྱང་། says:
    ལོ་ 14 སྔོན།

    སྤུན་ཟླ་ཚོ་དེང་དུས་ང་ཚོའི་གནས་སྟངས་ཧ་ཅང་ཐབས་སྐྱོ་བའི་སྐབས་འདིར་ཆོལ་ཁའི་འཐེན་འཁྱེར་གྱི་ཚིག་རྙོགས་སོགས་དགོས་མེད་དོན་མེད་ཀྱི་ལས་འགུལ་མཚམས་འཇོགས་གནང་ན་ཚོད་ཡིན།

    Reply
  2. tsetrin says:
    ལོ་ 14 སྔོན།

    ཚེ་རིང་ལགས། བོད་ནང་ནས་ཁོང་གི་འབྲེལ་ཡོད་ཚོས་ད་ལྟ་འཛིན་བཟུང་བྱས་པ་བཀག་ཉར་ཙམ་ཡིན་པས། དེ་ཕྱི་ཕྱོགས་ནས་ཁྱབ་བསྒྲགས་མ་གནང་རོགས་ཟེར་དགོས་དོན་ཅི་ཡིན་ལན་གསར་བོ་འདེབ་དགོས་ཁྱེད་ཀྱིས་སུ་ལ་འབྲེལ་བ་བྱས་པ་ཡིན།

    Reply
  3. ཤིང་ལོ། says:
    ལོ་ 14 སྔོན།

    བོད་ཀྱི་ཤེས་ཡོན་ཅན་ཚོ་དངོས་གནས་བཀའ་དྲིན་ཆེན་པོ་ཡིན་ཞིང་། འདི་དག་གིས་སློབ་ཡོན་ཙམ་ལ་དགོངས་པ་འཁོར་གྱི་མེད་པའང་གསལ་བོ་ཡིན། རྒྱལ་སྤྱིའི་དགེ་རྒན་གྱི་ཉིན་མོ་ཟེར་བ་དང་། ཤེས་ཡོན་པའི་སྡེ་ཁག་སོ་སོ་ནས་འདི་དག་ལ་གཟིགས་སྐྱོང་དང་། དགོངས་ཚུལ་གསལ་སྒྲགས་གནང་རྒྱུ་གལ་ཆེ་བ་ཡིན།

    Reply
  4. gyurmey says:
    ལོ་ 14 སྔོན།

    གུང་ཁྲན་པ་ཁྱེད་ཚོ་ཅི་འདྲ་ཞིག་ཡིན་མིན། བོད་མི་མཚན་ལ་ཉེན་བརྡ་ཙམ་ཡང་མེད་པར། གང་བྱུང་བཙན་ཁྲིད་བྱེད་སྟངས་ནས་གསལ་བོ་རེད། ཁྱེད་ཚོས་དེ་ལྟའི་བྱེད་སྟངས་དེ་སུ་དང་ཡང་མི་མཐུན་པའི་བྱེད་སྟངས་ཤིག་རེད། ཕྱོགས་གཞན་ཞིག་ནས་བསམས་ན། གནས་ཚུལ་དེ་ནས་སུ་ཞིག་གིས་ལས་ངན་ཁྲིམས་འགལ་གྱི་རིགས་བྱེད་ཀྱི་ཡོད་པ་ཡང་གསལ་བོ་རེད། གལ་སྲིད་ཁྱེད་ཚོར་བདེན་པ་ཁུངས་བཙུན་ཞིག་ཡོད་ན། འཇིག་རྟེན་སྤྱི་ལ་གོ་ཐུབ་པའི་དེ་འབྲེལ་གྱི་བྱེད་སྟངས་ལ་གསལ་བཤད་བདེན་པ་བདེན་ཐུག་ཤིག་བྱོས་དང་། ངས་འཛམ་གླིང་ལྡིང་ཆའི་སྟེང་ནས་རྣ་བ་བཟེད་ནས་བསྡད་ཆོག

    Reply
  5. བཀྲ་ཤིས། says:
    ལོ་ 14 སྔོན།

    མི་འདི་ད་སྐབས་ཡིན་ན་བཀག་ཉར་ཙམ་བྱས་ཡོད་ཚུལ་ལས་གནས་འཕྲིན་ངོ་མ་ཇི་བཞིན་ཤོད་དཀའ་བར་གྱུར་འདུག འབྲེལ་ཡོད་དང་ཉེ་འབྲེལ་གྱིས་བཤད་ན་ད་རུང་ཁོང་གི་གནས་ཚུལ་ཕྱི་ཕྱོགས་སུ་མ་བསྒྲགས་རོགས། ཁོང་ལ་གནས་སྐད་ཆ་འདྲི་བརྩད་ཙམ་ལས་ཅི་འགྱུར་མི་ཤེས་ཟེར།

    Reply
  6. sangkye says:
    ལོ་ 14 སྔོན།

    ཚེ་རིང་ལགས་ཁྱེད་གྱིས་རྩོམ་པ་པོ་གངས་སྐྱེས་སྒྲུབ་པ་སྐྱབས། ཕྱི་ལ་གསལ་བསྒྲགས་མ་བྱེད་རོགས་གནང་ཟེར་དོན་ག་རེ་ཡིན་ནམ། ང་ཚོ་བོད་གངས་ཅན་པ་ཡོངས་ཀྱིས་རྩོམ་པ་པོ་ཚངས་མ་རྒྱ་དམར་ཚང་གི་འཛིན་བཟུང་བྱེད་གྱི་ཡོད་རེད། ད་ང་ཚོས་གསལ་བསྒྲགས་མ་བྱེད་ན་སུ་གསལ་བསྒྲགས་བྱེད་གྱི་རེད་དམ། ཁྱེད་ལ་ནུས་པ་ག་རེ་ཡོད་རེད་ཚེ་རིང་སྐྱག་ཟན་ལགས། བཙན་བྱོལ་བོད་གཞུང་བོད་གྱི་རྒྱབ་ལ་ཡོད་ན་རྒྱ་གཞུང་གི་གཙོ་འཛིན་ཡོངས་ལ་སྨྱུག་ཐོགས་ནས་ཡི་གེ་ཞིག་བསྐུར་ནས་འབོད་བསྐུལ་ཞུས་ན་ག་འདྲ་ཡིན་ནམ་བོད་གཞུང་ལགས། གཉིད་ཡོད་ན་སད་རན་རེད་ལགས། གངས་ཅན་རྩོམ་པ་གངས་སྐྱེས་སྒྲུབ་པ་སྐྱབས་ལགས་ནི་མྱུར་ཏུ་གློད་གྲོལ་ཡོངས་བའི་སྨོན་འདུན་ཞུ། བླ་མ་དཀོན་མཆོག་གསུམ་པོ་མཁྱེན་མཁྱེན་ནོ།

    Reply
  7. བཀྲ་ཤིས་ཉི་མ། says:
    ལོ་ 14 སྔོན།

    བཙན་བྱོལ་བོད་གཞུང་གིས་སྐད་རྒྱག་དགོས་པ་རེད། གཞུང་འབྲེལ་མིན་པའི་ཚོགས་པ་ཚོས་ཁྱབ་བསྒྲགས་ཤུགས་ཆེན་པོ་བྱེད་དགོས་པ་རེད། ཁོང་ལ་ཁྲིམས་ཐག་མ་བཅད་སྔོན་ལ་རྒྱལ་སྤྱིའི་ཐོག་གི་སྣོན་ཤུགས་བསླེབ་ཐུབ་པ་བྱེད་དགོས་པ་རེད། སྨྱུག་ཐོག་པ་ཁོང་ལ་རྒྱ་དམར་གྱི་མི་སྤྱོད་ལས་འདས་པའི་མནར་གཅོད་མ་ཕོག་སྔོན་ལ་ཕྱི་ལོགས་ཀྱི་རྣམ་འགྱུར་བརྡ་ལན་འཐོན་ཐུབ་པ་བྱེད་དགོས་པ་རེད།

    Reply
  8. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ད་དགེ་རྒན་རྗེས་ལ་བོད་རིགས་ཆབ་སྲིད་པ་འཛིན་བཟུང་བྱས་ན། དེ་ནས་གཞི་ནས་རེ་བ་གསར་པ་ཅིག་ཡོད་རེད།

    Reply
  9. ཚེ་རིང། says:
    ལོ་ 14 སྔོན།

    བོད་ནང་ནས་ཁོང་གི་འབྲེལ་ཡོད་ཚོས་ད་ལྟ་འཛིན་བཟུང་བྱས་པ་བཀག་ཉར་ཙམ་ཡིན་པས། དེ་ཕྱི་ཕྱོགས་ནས་ཁྱབ་བསྒྲགས་མ་གནང་རོགས། ཁོང་གློད་གྲོལ་ཡོང་ཐབས་སུ་རེ་བ་རྒྱག་གཞིན་ཡོད་ཅེས་འདུག་ལ།
    རྒྱ་གར་དུ་ཡོད་པའི་ཁོང་གི་འབྲེལ་ཡོད་ཚོས་ཀྱང་ཁྱབ་བསྒྲགས་མ་གནང་རོགས།
    གང་ལྟར་ཁྱབ་བསྒྲགས་བྱས་ཟིན་འདུག ཕན་པའི་རེ་བ་ཡོད།

    Reply
  10. རྩོམ་སྒྲིག་པ། says:
    ལོ་ 14 སྔོན།

    གོང་གི་གནས་ཚུལ་ཡོང་ཁུངས་ལ་ཞིབ་འཇུག་ཁ་གསལ་བཟོ་འདོད་ཡོད་རིགས་ཚོས་ཁ་པར་ཨང་གྲངས་ ༩༩༠༢༤༨༨༥༦༢ འདི་ལ་འབྲེལ་བ་གནང་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese