མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་ནག་མའི་འཁྱུག་བྲིས།

བོད་ཀྱི་དུས་བབ།
༢༠༡༢/༠༢/༢༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གིས་བོད་མིའི་ཚེ་སྲོག་འཕྲོག་ཐུབ་ཀྱང་རང་དབང་དང་སྙིང་སྟོབས་དུས་ནམ་ཡང་གཞོམ་མི་ནུས།

 

ལྷ་ཆབ་སྦྱིན་པ།

ང་ནམ་རྒྱུན་རང་གི་ལས་ཀར་གྱུར་བའི་ཆབ་སྲིད་བཙོན་པའི་ལོ་རྒྱུས་དང་དེ་དག་གི་གསེང་ལ་འཛུལ་ནས་བསྡད་ཡོད། ངས་བོད་མི་རིགས་ཀྱི་ཆེད་དུ་རང་གི་ཚེ་སྲོག་ཕྲ་མོ་འདི་འཁྲབ་ལྡན་དཔུང་དམག་གི་མེ་མདའི་ཁ་རུ་བརྫངས་ནས་སྐད་འབོད་དང་ངོ་རྒོལ་བྱེད་མཁན་དག་གི་སྙིང་སྟོབས་དང་མཛད་རྗེས་ཀློག་ནས་བསྡད་ཡོད།  ངས་ལོ་ངོ་གཅིག་ནས་བཅུ། བཅུ་ནས་ཉི་ཤུ། ཉི་ཤུ་ནས་སུམ་ཅུའི་བར་ཁྲི་མུན་དོང་གི་ཕུགས་ནས་བརླགས་སོང་བའི་རང་གི་རྒྱལ་ཁབ་བསྐྱར་གསོར་རྟོགས་བཟོ་བྱས་མྱོང་བའི་དཔའ་བོ་དང་དཔའ་མོའི་དཔུང་གི་བློ་སྟོབས་མཐོང་མྱོང་། དེ་བས་ཀྱང་མི་ལོ་སོ་བདུན་རིང་དགྲ་བོའི་ལྕགས་སྒྲོག་གི་འོག་ནས་འཚོ་བ་བསྐྱལ་མྱོང་བའི་བོད་མི་རིགས་ཀྱི་དཔའ་བོའི་ཁྱུ་མཆོག་སྟག་སྣ་འཇིགས་མེད་བཟང་བོ་མཆོག་གི་མི་ཚེའི་ལོ་རྒྱུས་འབྲི་རྒྱུའི་སྐལ་བཟང་ཡང་ཐོབ་པས། རང་གི་སེམས་ཀྱི་དད་པ་འདི་བོད་མི་རིགས་ཀྱི་དཔའ་བོ་དག་གི་རྗེས་སུ་མི་འགྲོ་ཐབས་མེད་བྱུང་། དེ་ལྟར་ནམ་ལང་ལང་དང་ཉི་མ་ཤར་ཤར་ལ་དགྲ་བོའི་ལྕགས་ཚན་དང་ལྕགས་མཁར་སྒོ་མེད་ཀྱི་གསེང་ལ་ཉུལ་བ་དང་། བཅད་ཁྲ་དང་གདུག་རྩུབ་ཀྱི་གསེང་ལ་ལྷུང་བའི་ངའི་སེམས་པ་དང་མིག་ཟུང་གིས། ཡང་བསྐྱར་གཅིག་བཟུང་སོང་དང་། ཡང་བསྐྱར་གཅིག་བསད་སོང་ལྟ་བུའི་ཐ་སྙད་ཁོ་ན་ལས་ཅི་ཡང་མ་མཐོང་བར་མི་ལོ་དུ་མ་འདས་པའི་ད་ལོར། སྐད་འབོད་ཀྱི་ངོ་རྒོལ་ལས་བརྒལ་ཏེ་རང་གི་ཚེ་སྲོག་སྐྱེས་སུ་འབུལ་བའི་བརྒྱུད་རིམ་ཞིག་ལ་སླེབས་པ་འདིས། སྨྲ་བསམ་བརྗོད་འདས་ཀྱི་ཚོར་བ་དྲག་པོ་ཞིག་བསླངས་ཤིང་། ཞིབ་ཏུ་བསམ་ན་སྙིང་ཆུང་ཚལ་བར་འགས་པའི་ཚད་དུ་སླེབས།

 

སྐབས་འདིར་བདག་གིས་རང་ལོ་ཉི་ཤུ་སོན་མ་ཐག་པའི་དཔའ་བོ་བཀྲ་བྷེས་ ༢༠༠༩ ལོའི་ཟླ་ ༢ཚེས་ ༢༧ ཉིན་ཚེ་སྲོག་སྐྱེས་སུ་ཕུལ་བའི་སྙིང་སྟོབས་དང་མཐའ་མའི་དཀའ་སྡུག་ལ་ཚོད་དཔག་བྱེད་དགོས་བྱུང་ལ། དཔའ་བོ་ཁོང་གིས་རང་གི་ཚེ་སྲོག་སྐྱེས་སུ་འབུལ་བའི་དམ་བཅའ་ལམ་ལྷོང་མ་བྱུང་བར་དགྲ་བོའི་ལག་པར་ཤོར་སོང་བ་དང་། དམར་ལྷབ་ལྷུབ་འབར་བའི་མེ་ལྕེ་དེའི་སྐབས་སུ་སྡུག་བོའུ་ཞིག་གི་སྐག་སྒྲ་གཉིས་བསྟུད་མར་གྲགས་སྐད། དཔའ་བོ་ཁོང་ས་ལ་འགྱེལ་བ་དང་སྙིང་སྟོབས་ཀྱིས་འབར་བའི་མེ་ལྕེ་དེའང་གཞིལ་བར་གྱུར་འདུག རྗེས་སུ་གོ་ཐོས་ལྟར་ན། བོའུ་སྐད་དེ་གཉིས་ཀྱིས་ཁོང་གི་སྒྱིད་ངར་གཡས་གཡོན་ལ་བརྒྱབ་འདུག་པ་དང་། སྨན་ཁང་ནས་རྐང་བ་གཉིས་གཅོད་དགོས་མིན་ཞིག་ཀྱང་སྐབས་དེར་གླེང་བྱུང་། དཔའ་བོ་ཁོང་གིས་རང་ལུས་མཆོད་མེར་སྒྲོན་པ་ནས་དེ་རིང་ལ་ཐུག་གི་བར་གྱི་དཀའ་སྡུག་ལ་ཚོད་དཔག་ཅིག་བྱས་ན། དང་པོར་མེར་འཚིག་པའི་ལུས་པོ་ཆ་ཚང་སྨན་བཅོས་བྱས་པ་དང་། དེའི་ཁར་དགྲ་བོའི་མེ་མདས་རྨས་པའི་རྐང་བ་གཡས་གཡོན་གཉིས་གཤགས་བཅོས་རིམ་པ་བྱས་པའི་དཀའ་སྡུག་ལ་བསམ་ན་བཅོས་མིན་གྱི་མིག་ཆུ་མི་འཆོར་བའི་རང་དབང་ཞིག་ག་ལ་ཡོད་ཨང་། དེའི་རྗེས་སུ་སུས་ཀྱང་མཐོང་ཐོས་བྲལ་བའི་ཁྲི་མུན་དོང་ལ་གཡུག་ནས་ད་བར་ཤི་གསོན་ཆ་མི་འཚལ་བའི་གནས་ཚུལ་སོགས་ལ་བསམ་ན། རང་གི་ཚེ་སྲོག་སྐྱེས་སུ་ཕུལ་བའི་དཔའ་བོ་རིམ་པའི་ཁྲོད་ཀྱི་མ་འདས་པ་དག་ལས་ཁོང་གི་དཀའ་སྡུག་ནི་ཐོལ་བ་ཞིག་ཡིན་པ་ཚོད་དཔག་བྱེད་ཐུབ། དེའི་རྗེས་ནས་དཔའ་བོ་ཆུང་ཆུང་ཕུན་ཚོགས་ལགས་ཀྱིས་རང་གི་ཚེ་སྲོག་སྐྱེས་སུ་ཕུལ་ནས་འཛམ་གླིང་ལ་བདེན་པ་ངོམ་པའི་གནས་ཚུལ་དེ་བྱུང་ཞིང་། ཕུན་ཚོགས་ལགས་ཀྱི་ཕུང་བོ་ཞུགས་འབུལ་ཉིན་གྱི་གྲྭ་མང་དང་མི་མང་གི་སེམས་འཕྲེང་བསྒྲིགས་པའི་པར་རིས་དང་བརྙན་འཕྲིན་ཐུང་ཐུང་ཞིག་ཀྱང་མཇལ་རྒྱུ་བྱུང་།

 

ཚང་མས་མཐོང་གསལ་གྱི་ཞུགས་འབུལ་བརྙན་འཕྲིན་ཐུང་ཐུང་དེའི་ནང་ནས་དཔའ་བོ་ཁོང་གི་ཡབ་ཡུམ་གཉིས་ཀྱི་བརྙན་རིས་ཀྱང་འཁྱུག་ཙམ་མཐོང་ཐུབ་ལ། སྐབས་དེའི་ཡབ་ཡུམ་གཉིས་ལ་མཚོན་ན། བུ་ཆུང་སྟག་ཕྲུག་འདྲ་ཞིག་ལག་ནས་ཤོར་ན་དེ་ལས་སྡུག་བསྔལ་བའི་ཡུལ་ཞིག་གང་ན་ཡོད་ཀྱང་། སྲུང་མདུད་སྔོ་དམར་རེ་གོན་པའི་ཡབ་ཡུམ་གཉིས་ཀྱིས་ཕྱག་ཟུང་ཐལ་མོར་སྦྱར་ནས་གསོལ་འདེབས་བྱེད་ཀྱིན་པ་ལས། ཕམ་སེམས་ཀྱི་མིག་ཆུ་འབྱིན་གྱིན་མི་འདུག དེའི་རྗེས་ནས་ཁོང་གི་ཕ་རྒན་གྱིས་“ ངས་རང་གི་བུ་ལ་ཡིད་ཆེས་བྱས་པའི་ཚད་ཐིག་ལས་བརྒལ་སོང་། བོད་མི་ས་ཡ་དྲུག་གི་ཆེད་དུ་འདི་ལྟར་འདས་སོང་བར་ང་ཕངས་ཀྱི་མེད” ཅེས་གསུངས་འདུག་པ་ཐོས་ན། ཡིད་འགུལ་མི་ཐེབས་པའི་སྐྱེ་བོ་སུ་ཞིག་ཡོད། དངོས་གནས་བོད་མི་རིགས་ཀྱི་དཔའ་བོ་ཁོང་ལ་ཕ་མ་ཡང་དེ་འདྲ་ཞིག་ལོས་ཡོད་བསམ་པ་བྱུང་། དེ་བས་ཀྱང་ཡིད་སྐྱོ་དགོས་པ་ཞིག་ལ་དཔའ་བོ་ཕུན་ཚོགས་ལགས་ཀྱི་སྤུན་ཆུང་བ་ཡིན་པའི་དཔའ་བོ་ཆུང་ཆུང་བློ་བཟང་སྐལ་བཟང་ལགས་ཀྱིས་ཚེ་སྲོག་སྐྱེས་སུ་ཕུལ་བ་ལམ་ལྷོང་མ་བྱུང་བར་དགྲ་ལག་ཏུ་ཤོར་ནས་ཅི་ཆ་མ་འཚལ་བའི་གནས་ཚུལ་བྱུང་བ་དང་། ཡང་རྗེས་སུ་ཕུན་ཚོགས་ལགས་ཀྱི་གཅེན་པོ་ཡང་དགྲ་བོས་བཙན་ཁྲིད་ཀྱིས་ལོ་ངོ་གསུམ་གྱི་ཁྲིམས་ཐག་བཅད་ཁྲ་བཏང་བ་སོགས་ཀྱིས། ཤུལ་དུ་ལུས་པའི་ཕ་མ་གཉིས་ཀྱི་སྡུག་བསྔལ་དེ་ཅི་འདྲ་ཡིན་མིན་བརྗོད་ག་ལ་དགོས། དེ་ནས་རིམ་པས་རང་གི་ཚེ་སྲོག་སྐྱེས་སུ་འབུལ་མཁན་གྱི་དཔའ་བོ་དཔའ་མོ་མང་བོ་བྱུང་བའི་ཁྲོད་ཀྱི་ཁམས་རྟའུའི་ཨ་ནེ་དཔལ་ལྡན་ཆོས་འཚོའི་དམར་ལྷབ་ལྷུབ་ཀྱི་བརྙན་འཕྲིན་ཐུང་ཐུང་ཞིག་མཇལ་བྱུང་། མེ་ལྕེ་དགུང་ལ་མཆེད་ཀྱང་ད་དུང་གོམ་པ་རེ་རེ་བཞིན་མདུན་དུ་སྤོས་ནས་ཡོང་བཞིན་པའི་དཔའ་མོ་ཁོང་གི་སྙིང་སྟོབས་དེས། ང་རེ་ཞིག་ཧད་དུ་བཅུག་སོང་། ད་དུང་མི་མང་གིས་༸གོང་ས་མཆོག་ལ་གསོལ་འདེབས་དང་བུད་མེད་ཅིག་གིས་ཁ་བཏགས་འཐེན་བཞིན་པའི་བརྙན་འཕྲིན་ཐུང་ངུ་དེར་མཇལ་ན་མིག་ཆུས་བྲང་གཞུང་མི་བརླན་མཁན་སུ་ཡོད་དམ། དེའི་རྗེས་ནས་མགོ་ལོག་གི་སྤྲུལ་སྐུ་བསོད་བྷོའི་འཚིག་ཟིན་པའི་སྐུ་ཕུང་དང་དཔའ་བོའི་རང་མདངས་གསལ་བའི་ཞལ་ཆེམས་སྒྲ་ཐག་ཉན་དུ་ཡོད་པ་སོགས་ཀྱིས་ཉི་མ་རེ་རེ་བཞིན་བཙན་བྱོལ་གྱི་གསར་འགྱུར་བརྒྱུད་ལམ་ཁེབས་ནས་ཡོང་གི་ཡོད་པའི་སྐབས་འདིར་གྲངས་ཀ་རྩི་ཚོད་མེད་པར་གྱུར་ཡོད། ད་དུང་མུ་མཐུད་ནས་འབར་ངེས་པར་བསམ་ན་ཤ་གསེང་ནས་འདར་འོང་བ་ཞིག་མ་རེད་དམ།

 

ལྷག་དོན་དུ་འདས་པའི་བདུན་ཕྲག་གཅིག་གཉིས་ཤིག་གི་ནང་དུ་རང་ལུས་མཆོད་མེར་ཕུལ་བ་དང་། དམར་གསོད་བཏང་བའི་གྲངས་འབོར་དེ་ལྟོས་ལྟོས་རིག་རིག་ལ་འཕར་སོང་བ་འདིས། ང་ཚོས་བྱང་ཆུབ་སེམས་མཆོག་བཏོན་ནས་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་མེད་པ་དག་སྐྱེས་པར་འགྱུར་བ་དང་སྐྱེས་པ་རྣམས་གོང་དུ་འཕེལ་བའི་ཁ་གཡང་ཙམ་བསྒྲགས་ནས། དགྲ་བོར་ཞེ་སྡང་མི་སྐྱེས་པའི་རྣམ་པ་བསྟན་བསྡད་ན། དངོས་ཡོད་གནས་ཚུལ་དང་དུས་ནམ་ཡང་མཐུན་གྱི་མེད་པའི་ཚོར་བ་ཞིག་བྱུང་། བྱང་ཆུབ་ཀྱི་སེམས་སྐྱེས་ཡོད་པའི་སྐྱེས་བུ་ཞིག་ཡིན་ཚེ་ལོས་ཆོག་མོད། ང་ཚོའི་མི་སེར་ཆ་ཚང་བྱང་ཆུབ་སེམས་དཔའ་འཁྲབ་བསྡད་ན་མི་རིགས་དང་རྒྱལ་ཁབ་སུ་ཞིག་གིས་བསྐྱབ་ནུས་སམ་སྙམ་པའི་ཚོར་བ་ང་གཅིག་བུ་མ་ཡིན་པའི་གང་ཟག་ཐ་མལ་བ་ཚང་མར་སྐྱེས་ཡོད།

དུས་འདི་དང་བསྟུན་ནས་ང་ཚོས་ངེས་པར་དུ་དྲན་འོས་པ་ཞིག་ནི། ལོ་རབས་བརྒྱད་ཅུ་བའི་ནང་ལྷ་སའི་ངོ་རྒོལ་ཁྲོད་འདས་སོང་བའི་དཔའ་བོ་དཔའ་མོ་དག་དང་། དེ་ཡི་ཉེར་ལེན་ལ་བརྟེན་ནས་ཁྲི་མུན་དོང་ལ་ལྷུང་བའི་ཆབ་སྲིད་བཙོན་པ་དག་ཡིན་ལ། དེ་ཡི་རྗེས་ནས་དུས་ཚོད་ངེས་མེད་དུ་བར་སྐོར་གླིང་ནས་སྐད་འབོད་ངོ་རྒོལ་གྱིས་ཁྲིམས་ལ་ཚུད་ཡོད་པའི་བཙོན་པ་དང་བཙོན་ཟུར། ལྷག་པར་དུ་ཉིས་སྟོང་བརྒྱད་ལོར་བོད་ཁྱོན་ཡོངས་ནས་བཞུད་སོང་བའི་དཔའ་བོ་དཔའ་མོ་བརྒྱ་ཕྲག་དུ་མ་དང་ཁྲིམས་དུ་ཚུད་པ་སྟོང་ཕྲག་དུ་མ་དེ་དག་ཡིན། དེ་དག་རེ་རེའི་རྗེས་ཀྱི་ཉམ་ང་བའི་ནང་མི་སྤུན་མཆེད་ཀྱི་སྡུག་བསྔལ་དང་དཀའ་སྡུག་ལ་ང་ཚོས་ངེས་པར་དུ་གདུང་སེམས་མཉམ་སྐྱེད་ཡོད་པའི་སྒོ་ནས་གུས་འདུད་བླ་མེད་ཞུ་དགོས། ང་ཚོར་རིན་ཐང་བྲལ་བའི་ནོར་བུ་ཞིག་ཡོད་པའང་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་རང་ལུས་སྐྱེས་སུ་ཕུལ་བའི་དཔའ་རྒོད་འདི་དག་ཡིན་འོས་པའི་རིན་ཐང་འཇོག་དགོས། སྐབས་འདིར་བདག་གིས་བརྗོད་འདོད་པ་ནི། གཞིས་ལུས་སྤུན་ཟླ་རྣམས་ཀྱིས་འདི་ལྟར་རང་གི་ཚེ་སྲོག་སྐྱེས་སུ་ཕུལ་བའི་སྐབས་འདིར། རང་རེའི་སྤྱི་ཚོགས་ཁྲོད་རང་གི་ཚེ་སྲོག་རྩེད་སྤྱད་བྱས་པ་རེད་ཟེར་བ་དང་།  ད་དུང་འདི་ནི་འཚེ་བ་རེད་ཟེར་བ། འདི་ལྟར་ཤི་ན་ཕན་མི་ཐོག་པར་འདོད་པ་སོགས་མང་བོ་ཞིག་ཡོང་གི་འདུག་ཀྱང་། འདི་ལས་ལྷག་པའི་གཟི་བརྗིད་ལྡན་པ་ཞིག་གང་ན་ཡོད། འདི་འདྲའི་དཔའ་བོས་འདི་འདྲའི་ལས་འགུལ་སྤེལ་བའི་གཟི་བརྗིད་ནི་དུས་དང་རྣམ་པ་ཀུན་ཏུ་ཉམས་པ་ག་ལ་ཡོད།

༢༠༡༢ ༢ ༡༩ ལ་བྲིས།

 

འབྲེལ་ཡོད་གསར་འགྱུར།

པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

ཆུ་ཚོད་ ༡ སྔོན་ལ།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

ཆུ་ཚོད་ ༨ སྔོན་ལ།
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༩ སྔོན་ལ།
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

ཆུ་ཚོད་ ༡༣ སྔོན་ལ།
སྐུ་སྒེར་དྲ་བའི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་བཅུ་གཉིས་པའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས།

༢༠༢༦/༠༨/༢༤
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག  པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ཀྱིས་མུ་མཐུད་ངོ་རྒོལ་ལས་འགུལ་སྤེལ་གྱིན་འདུག

༢༠༢༦/༠༨/༢༤

མཆན། 2

  1. རིན་ཆེན་གྲགས་པ། says:
    ལོ་ 15 སྔོན།

    སྐུ་ཞབས་ལྷ་ཆབ་ཀྱི་རྩོམ་ཡིག་བཀླགས་ནས་ག་ལེ་བུད་སོང་ཡག་པོ་མཐོང་སོང་།

    Reply
  2. བསྟན་འཇམ། says:
    ལོ་ 15 སྔོན།

    སྐུ་སྲོག་མེ་རུ་སྒྲོན་པའི་བོད་དཔའ་བོ་དཔའ་མོ་ཚོར་གདུང་བའི་མགོ་བོ་སྨད་ནས་གུས་པའི་བཏུད ། ལྷ་ཆབ་ལགས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་དཔའ་བོ་རྟོགས་བརྗོད་སྐད་ཆ་ལ་ཡིད་རངས་ཞུ ། སྤྱིར་ན་དཔའ་བོ་དག་གི་ལོ་རྒྱུས་ཆ་ཚང་ཞིག་དེབ་ཐེར་ཏུ་འཀོད་ཐུབས་ན་ལེགས་སམ །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese