མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆུ་འབྲུག་གནམ་ལོ་གསར་བ་མྱ་ངན་གྱིས་མྱོང་ཚུལ།

བོད་ཀྱི་དུས་བབ།
༢༠༡༢/༠༢/༢༢
Share on FacebookShare on TwitterShare on EmailShare on Whatsapp

བསྟན་འཛིན་ཟླ་བ།

དེ་རིང་ནི་བོད་ཆུ་འབྲུག་གི་གནམ་ལོ་གསར་བ་རེད་ལ། གནམ་ལོ་གསར་བ་ཚེས་དུས་ནམ་རྒྱུན་མི་རྣམས་ཀྱིས་ནང་མི་ལྷན་འཛོམས་བྱེད་ཅིང་། ཟས་དང་གོས་གསར་གྱོན་པ་མ་ཟད། གླུ་དང་གར་ལ་རོལ་ནས་སྤྲོ་སྐྱིད་ཀྱི་དགོད་སྒྲ་ལྷང་ལྷང་བྱེད་པ་ཞིག་ཡིན་པས། རང་ཉིད་ལ་མཚོན་ནའང་བཙན་བྱོལ་གྱི་གནས་བབ་ཅི་འདྲ་ཞིག་སྐྱོ་ཡང་སྐོམ་ཆུ་མངར་མོ་སྐོར་ཞིག་དང་། ཀ་ར་སིལ་ཏོག་འགའ་ཞིག་གིས་གནམ་ལོ་གསར་བ་རྟགས་དང་རྟེན་འབྲེལ་གྱིས་བསུས་ནས་དགའ་སྐྱིད་ཀྱི་རྣམ་པ་བཏོད་མྱོང་། ཡིན་ནའང་དེ་རིང་ནི་གཞན་ཞིག་སྟེ། དཔའ་བོ་མང་བོ་ཞིག་གིས་མེ་རྒོལ་བྱས་སོང་ལ། སྤུན་ཟླ་མི་ཉུང་བ་ཞིག་དམར་གསོད་བཏང་སོང་། དེ་བས་ཕྱིའི་སྤྲོ་སྐྱིད་ཀྱི་རྣམ་པ་ཕར་ཟད། ནང་གི་རྟགས་དང་རྟེན་འབྲེལ་བསྒྲིག་རྒྱུ་ཡང་མཚམས་འཇོག་བྱས་ཏེ་སྡུག་འདུག་ནག་ཙར་ཙར་འདིས་ཆུ་འབྲུག་ལོ་སར་བསུས་ཡོད་ལ། ཆུ་འབྲུག་ལོ་སར་འདི་མྱ་ངན་གྱིས་མྱོང་གི་ཡོད།

 

བོད་ལྗོངས་ཆོལ་ཁ་གསུམ་དུ་གྲགས་པའི་གངས་ཅན་པའི་གནམ་ས་གཉིས་ཀ་དྲག་པོའི་དམག་མཚོན་གྱིས་མནན་ཅིང་། རྒྱལ་ཁབ་དང་ཚོགས་སྡེ་རུ་གྲགས་པ་ཐམས་ཅད་བསླུ་བ་རྒྱུ་ཡིས་བཏུལ་ཏེ་རང་དབང་དང་བདེན་པའི་འབོད་སྒྲ་ཆེས་ཉམ་ཆུང་བའི་མི་ནག་གི་ལོ་ཟླ་འདི་དག་གི་ནང་ཐུ་བྷོད་བཙན་པོའི་སྙིང་སྟོབས་གསེར་ཡིག་གིས་འབྲི་མཁན་གྱི་བཙན་པོའི་བུ་རྒྱུད་འདི་ཚོར། དལ་བརྒྱད་འབྱོར་བཅུ་ཚང་བའི་མི་ལུས་རིན་པོ་ཆེ་མེ་ལ་བསྲེགས་ནས་རྒྱ་ནག་གཞུང་གི་དྲང་བདེན་མིན་པའི་སྲིད་ཇུས་ལ་ངོ་རྒོལ་གནང་མཁན་གྱི་བོད་པ་མེ་རྒོལ་བ་འདི་ཚོར། དྲང་བ་དང་བདེན་པའི་དོན་དུ་ཐ་ན་གཅེས་པའི་ཚེ་སྲོག་གིས་ཀྱང་རྒོལ་ཐུབ་ཅིང་། གནས་བབ་ཅི་འདྲ་ཞིག་གི་འོག་ཡིན་རུང་གཞན་ལ་མགོ་མི་བསྒུར་བའི་ཐུ་བྷོད་བཙན་པོའི་སྙིང་སྟོབས་དང་། ལ་ཕན་མ་ཐོགས་ཀྱང་གནོད་མི་སྐྱེལ་བའི་སྙིང་རྗེ་རྩ་བ་ཅན་གྱི་བསྟན་པའི་ཞག་རྩིས་བརླན་ཏེ་སྡུག་དང་གདུང་བ་ཐམས་ཅད་རང་སྟེང་དུ་ལེན་པའི་བློས་བཏོང་བ་འདི་ཚོར། འཛམ་གླིང་གི་འཚེ་མེད་ཞི་བའི་ལས་འགུལ་སྤྱི་དང་། བྱེ་བྲག་བོད་གངས་ཅན་པའི་མི་ལོ་ལྔ་བཅུ་ལྷག་རིང་གི་རང་དབང་བསྐྱར་གསོའི་ལས་འགུལ་ཁྲོད་ཀྱི་ཚད་མཐོ་ཤོས་དང་ནུས་པ་ཆེ་ཤོས་གནང་མཁན་གྱི་གདོང་མཆོང་བ་འདི་ཚོར། རང་དབང་དང་འདྲ་མཉམ། འགྲོ་བ་མིའི་ཐོབ་ཐང་སོགས་བོད་མི་སྤྱི་ལ་མཁོ་ཡང་། རྒྱ་གུང་ཁྲན་གྱི་སྐྱོབ་གསོ་དང་བྱ་དགའ། འཛུགས་སྐྲུན་སོགས་ལ་ཞེ་རྩ་བཅོལ་ནས་སྐྱིད་ཉལ་རྒྱག་ཆོག་ཀྱང་། དད་དམ་བརྟན་པོ་དང་རེ་བ་གསོན་པོའི་ཁ་ཆེམས་འཇོག་མཁན་གྱི་བོད་པ་ཆོས་དད་པ་འདི་ཚོར། རྒྱ་གུང་ཁྲན་གྱི་གཞུང་གི་གཡོ་སྒྱུ་དང་། དེའི་རྗེས་འབྲང་གི་མཁས་པའི་མགོ་སྐོར། དེས་སྟངས་འཛིན་འོག་གི་གསར་ལམ་གྱི་རྫུན་ཚིག་སོགས་སླུ་བྱེད་དང་འཁྲུལ་བྱེད་ཀྱི་ཐབས་བཀོད་བརྒྱ་ཕྲག་མང་བོའི་སྣེ་ནས་རིན་ཆེན་མི་ལུས་ལ་རྣམ་དཔྱོད་དང་ཤེས་རབ་ཀྱི་མེ་ལྕེ་སྦར་མཁན་འདི་ཚོར། སེམས་བསམ་པའི་གཏིང་ནས་དང་། ཤ་རུས་པའི་གསེང་ནས་མྱ་ངན་དང་གུས་འདུད་ཞུ་རྒྱུ་ཡིན་ལ། བོད་ཆུ་འབྲུག་གནམ་ལོ་གསར་བ་འདི། འདི་ལྟར་གདུང་བའི་ངག་དང་སྐྱོ་བའི་སེམས་ཀྱིས་སྲུང་བརྩི་ཞུ་རྒྱུ་ཡིན།

 

ལོ་སར་མ་བཏང་ན་རིག་གཞུང་ཉམས་འགྲོ་བར་བཤད་མཁན་ཚོ་དང་། ལོ་སར་སྐབས་སྲིད་ཕྱོགས་ཀྱི་ལོ་སར་བྱེད་སྒོ་མི་སྤེལ་རྒྱུ་དང་། ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་སྤེལ་དགོས་པར་བཀའ་མོལ་གནང་མཁན་གྱི་ཁ་སྤུ་དང་འགྲམ་སྤུ་འདྲེས་པའི་སྐད་ཆ་འདི་ཚོ། ད་བར་རང་རེའི་བོད་པ་ཚང་གིས་ཆོས་དང་སྲིད་གཉིས་བསྲེས་བསྲེས་པའི་གོམས་གཤིས་ཤིག་ཡིན་པ་འདྲ། ད་ནི་ཐམས་ཅད་མཁྱེན་པས་ཆོས་དང་སྲིད་གཉིས་སོ་སོར་ཕྱེ་གནང་མཛད་ཡོད། ང་ཚོས་དེ་ལག་ལེན་ལ་བསྟར་ཏེ་དེང་རབས་དམངས་གཙོའི་འགྲོ་སྟངས་ཤིག་ཨེ་ཆགས་བལྟ་དགོས་པ་ལས། གོག་མ་ལངས་དང་། གཉིད་མ་སད་ལྟ་བུའི་བཏང་སྙོམས་ཀྱི་ཚོར་བ་དེ་ཚོ་བསྟེན་པའི་དུས་ཚོད་ཅིག་གཏན་ནས་མ་ཡིན་སྙམ།

ཞིབ་ཏུ་བསམ་ན་མི་ལོ་ལྔ་བཅུའི་རིང་བཀག་འགོག་བྱས་བསྡད་པའི་བོད་པའི་རིག་གཞུང་དེ་ཚོ་ཉམས་ཀྱི་མེད་ན། ལོ་རེ་གཉིས་ཀྱི་ལོ་སར་མ་བཏང་བས་ལོ་སར་གྱི་རིག་གཞུང་ཉམས་འགྲོ་བའི་ཐུགས་ཁྲལ་དེ་ཙམ་གནང་མི་དགོས་པར་འདོད་ལ། སྟོན་པ་ཤཱཀྱ་ཐུབ་པས་ཆོས་ཕྱོགས་ཀྱི་ལོ་སར་གཏོང་དགོས་པའི་བཀའ་བསྩལ་དེ་འདྲ་མཐོང་རྒྱུ་མི་འདུག་ཅིང་། རྗེ་ཙོང་ཁ་བ་ཞུ་བ་དེས་ལོ་སར་ཏག་ཏག་བཏང་བས་མཁས་རྟགས་བཞག་པའང་ཡིན་རྒྱུ་མ་རེད་འདོད། དེ་བས་འགྲེལ་བཤད་དང་ཞིབ་ཆ་ཅི་ཡང་མི་དགོས་པར་ལོ་སར་མི་གཏོང་རྒྱུ་འདི་ག་རང་ཡིན་པར་སྙམ།

ད་བར་སྤུན་ཟླ་མེ་རྒོལ་བ་ཉི་ཤུ་རྩ་གྲངས་ཤིག་གིས་སྐུ་ལུས་མཆོད་མེ་རུ་ཕུལ་སོང་ལ། ཉེས་མེད་འགའ་ཞིག་དམར་གསོད་བཏང་སོང་། དེ་བཞིན་དུ་དེ་ལས་མང་བ་ཞིག་ལ་མནར་གཅོད་བྱས་སོང་། རྒྱུ་མཚན་འདི་དག་ལ་བསམ་ནས་ལོ་སར་མི་གཏོང་རྒྱུ་འདི་མྱ་ངན་ཞིག་དང་རྗེས་དྲན་ཞིག་ཡིན་ལ། མྱ་ངན་དང་རྗེས་དྲན་འདི་ལས་འགུལ་ཞིག་ཆགས་ཡོད། དེར་བརྟེན་ལས་འགུལ་འདི་ཚོའི་ཆ་ཤས་རེ་ལེན་ཐུབ་ན་ང་ལྟ་བུས་ལས་འགུལ་ཆེན་པོ་མི་འཇོན་མཁན་ཚོས་ཀྱང་བོད་མིའི་རང་དབང་འཐབ་རྩོད་ཀྱི་གོ་རིམ་ཧྲིལ་བོའི་ནང་ཞལ་འདེབས་ཤིག་ཚོད་ཙམ་འབུལ་རྒྱུ་བྱུང་བ་ཡིན་པས་རང་ཉིད་བོད་མི་ཞིག་ཏུ་སྐྱེས་པའི་དོན་གོ་ཅུང་ཟད་རེ་ཆོད་པ་འདྲ།

 

རྒྱ་གུང་ཁྲན་གྱིས་མེ་རྒོལ་ལས་འགུལ་འདི་དྲག་སྤྱོད་རེད་ཟེར་ནས་གནོན་ཐབས་བྱེད་ཀྱི་ཡོད་ལ། རྒྱའི་མཁས་པ་འགའ་རེས་ལས་འགུལ་འདི་ལ་གྲུབ་འབྲས་མེད་ཟེར་ནས་འགོག་ཐབས་བྱེད་ཀྱི་ཡོད། ཡིན་རྒྱུ་ཡིན་ནི་གཡོ་སྒྱུ་ཆེ་བའི་རྒྱ་གཞུང་འདི་ཅི་བྱ་གཏོལ་མེད་ལ་གཏད་ཀྱི་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་རྨོངས་སུ་འཇུག་གི་ཡོད་ལ། བོད་མི་རིགས་ལ་མགོ་སྐོར་གཏོང་གི་ཡོད། རང་རེ་བཙན་བྱོལ་ནང་དུའང་མི་རེ་གཉིས་ཀྱིས་ལས་འགུལ་འདི་ལ་ཕན་ཐོགས་ཆུང་ཚུལ་དང་། ཐབས་ལམ་གཞན་འཚོལ་དགོས་ཚུལ་སོགས་ཀྱི་བཀའ་མོལ་གནང་མཁན་ཡོད་མོད། མ་གཞི་ནས་ལས་འགུལ་འདི་བཙན་བྱོལ་བས་ཕར་སྐུལ་སློང་བྱས་པ་ཞིག་མིན་པར་གཞིས་བཞུགས་དཔའ་བོ་དཔའ་མོ་ཚོ་རང་གིས་བདམས་པ་ཞིག་ཡིན་པས་ང་ཚོས་འདི་བྱོས་དེ་བྱོས་ཟེར་རྒྱུའི་ཐོབ་ཐང་གཏན་ནས་མེད་སྙམ། དེར་མ་ཟད་བརྩེ་བ་དང་དུང་ཞེན་གྱི་ཐོག་ནས་བལྟས་ན་རང་ལུས་མེ་བསྲེགས་བཏང་ན་དགེ་མཚན་ཡོད་པའི་བསམ་འཆར་ཙམ་ཡང་ཞུ་ཐུབ་མཁན་གྱི་སྙིང་ཁམས་ལྕགས་ལས་གྲུབ་པ་ཞིག་ཀྱང་ཕལ་ཆེར་ཡོད་རྒྱུ་མ་རེད་བསམ།

 

ཉེ་ཆར་གསར་ལམ་ཁག་ཏུ་ཐོན་གསལ་ལ་ཕྱི་རྒྱལ་གསར་འགོད་པ་ཞིག་གིས་བོད་ནང་གི་གྲྭ་བ་ཞིག་ལ་རང་ལུས་མེ་སྲེག་གི་ལས་འགུལ་འདི་ཏཱ་ལའི་བླ་མས་སྐུལ་སློང་བྱས་པ་ཞིག་ཡིན་མིན་དྲིས་ཚེ་གྲྭ་བ་དེས།”ལས་འགུལ་འདི་ཏཱ་ལའི་བླ་མས་སྐུལ་སློང་བྱས་པ་ཞིག་མ་རེད། གལ་སྲིད་ཏཱ་མའི་བླ་མས་སྐུལ་སློང་བྱས་པ་ཞིག་ཡིན་ན་བོད་མི་རེ་གཉིས་ཙམ་མ་ཡིན་པར་ང་ཚོ་ཚང་མས་རང་ལུས་མེ་བསྲེགས་གཏོང་གི་རེད་”ཟེར།འདིས་ཅི་ཞིག་མཚོན་གྱི་ཡོད་དམ། གང་ལྟར་ཁོང་ཚོས་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་སྤེལ་ཟིན་པ་ཞིག་ལ་གཞི་ནས་དེ་འགྲིག་གི་ཡོད་མེད་ཀྱི་གླེང་སློང་གནང་མཁན་ཚོ་ནི་དངོས་གནས་རུས་པའི་ནང་ན་རྐང་ཡོད་མེད་ཐེ་ཚོམ་གྱི་གཞིར་གྱུར་ཡོད། དེ་བས་རང་ཉིད་ཐུ་བྷོད་ཀྱི་རིགས་རྒྱུད་འདི་ལ་གཏོགས་ཕྱིར་རླབས་ཆེ་བའི་དཔའ་བོ་འདི་ཚོས་ང་ཚོའི་མཐོང་ལམ་ཡངས་པོར་འབྱེད་ཀྱི་ཡོད་པ་དང་། ང་ཚོའི་མདུན་ལམ་རྒྱ་ཆེ་རུ་གཏོང་གི་ཡོད་པ་འདི་ཤེས་གལ་ཆེ་བར་སྙམ།

 

 

འབྲེལ་ཡོད་གསར་འགྱུར།

Some Chinese students celebrate graduation in New York. Photo: IC
Mobile App

རྒྱ་ནག་དང་འབྲེལ་འདྲིས་ཡོད་པའི་ཨ་རིའི་སློབ་ཆེན་ཁག་ལ་རོགས་དངུལ་སྤྲོད་ལེན་མི་ཆོག་པའི་ཁྲིམས་འཆར་བཏོན།

ཆུ་ཚོད་ ༨ སྔོན་ལ།
Volker Türk, High Commissioner for Human Rights, welcomes the journalist at the Palais Wilson. 17 October 2022. UN photo by Violaine Martin
Mobile App

གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྩིས་མེད་གཏོང་བའི་སྲིད་ཇུས་རྣམས་མཚམས་འཇོག་དགོས་པ་ནན་བརྗོད་གནང་།

ཆུ་ཚོད་ ༡༡ སྔོན་ལ།
མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་རིང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས། དྲ་ལམ་གྱི་པར། ༢༠༢༦།༦།༡༨
Mobile App

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༢
རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་དམག་དོན་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ ཡི་ལས་རྟགས། ༢༠༢༦།༦།༢༢ པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།

༢༠༢༦/༠༦/༢༢
Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༦/༢༢
ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩

མཆན། 2

  1. གཅན་བཟོད་རྒྱམ། says:
    ལོ་ 14 སྔོན།

    རྒྱའི་གནའ་བོའི་གློག་བརྙན་དག་ན་མེ་རྒོལ་རུ་ཁག་དང་འཇབ་རྒོལ་རུ་ཁག་ཟེར་བ་ལྟ་བུའི་ཐ་སྙད་འདུག
    ཆུ་ངོགས་གཏམ་རྒྱུད་དུའང་མཚན་མོ་འཇབ་རྒོལ་སྐབས་སུ་དམག་སྒར་དང་མཁར་རྫོང་ཡོད་ཚད་མེ་རུ་ལ་མེ་ཞགས་བརྒྱབས་ཏེ་མེར་བསྲེགས་བྱས་པ་ལྟ་བུ་ལ་མེ་རྒོལ་རུ་ཁག་ཅེ་ན་འགྲིག་གི་སྙམ།

    Reply
  2. གཅན་བཟོད་རྒྱམ། says:
    ལོ་ 14 སྔོན།

    བསྟན་འཛིན་ཟླ་བ་ལགས་ཀྱི་རྩོམ་ཡིག་འདི་ལ་མཆན་བུ་འདེབས་མཁན་གཅིག་ཀྱང་བྱུང་མ་སོང་ང་། སྤྱིར་ཁྱོད་ཀྱི་བསམ་ཚུལ་ལ་ཞུ་རྒྱུ་ཅང་མེད། འོན་ཀྱང་ཐ་སྙད་ཅིག་གི་བེད་སྤྱོད་དང་དོན་སྟོན་སྟངས་ལ་བསམ་ཚུལ་ཞིག་ཞུ་འདོད། དེ་ནི་༼མེ་རྒོལ་༽ཞེས་པ་འདི་རེད། འདི་ལ་༼རང་ལུས་མེར་སྲེག་༽གམ་༼རང་ལུས་མེར་སྲེག་གི་ངོ་རྒོལ༽་འདྲ་ཞིག་ཅིས་ཀྱང་ཟེར་དགོས་སྙམ། དེ་མིན་༼མེ་རྒོལ་༽ཞེས་ན་ཚིག་འདིའི་བསྟན་དོན་གཞན་དུ་གོ་སླ་བར་འགྱུར། དཔེར་ན། ལག་ཏུ་མེ་ཞགས་བཟུང་ནས་ངོ་རྒོལ་བྱས་པ་ལྟ་བུ། དེང་སང་ཤེལ་དམ་ནང་དུ་སྣུམ་དང་རས་སྦྱར་ཏེ་མེ་བསྒྲོན་ནས་གང་སར་གཡུག་སྟེ་མེ་འབར་དུ་འཇུག་པ་ལྟ་བུ་ཡང་མེ་རྒོལ་རེད་མོད། ང་ཚོའི་བོད་མི་ཚོས་ངོ་རྒོལ་བྱེད་སྟངས་དེ་དེ་ཙམ་མིན་པར་རང་གི་གཅེས་པའི་ལུས་དང་སྲོག་ཀྱང་ཕངས་མེད་དུ་བཏང་སྟེ་རང་ལུས་མེ་རུ་བསྒྲོན་ནས་ཞི་བའི་ངོ་རྒོལ་གྱི་རྣམ་པ་བསྟན་པས་ན། འདི་ན་༼མེ་རྒོལ་༽ཞེས་པའི་ཐ་སྙད་སྦྱར་ན་འགྲིག་གི་མི་འདུག་སྙམ་པ་བསམ་ཚུལ་ཡིན། གཞན་དུ་ན་༼མེ་རྒོལ་༽ཞེས་པའི་ཐ་སྙད་འདི་སྐད་རིགས་དང་ཡིག་རིགས་གཞན་ནས་བོད་བསྒྱུར་བྱས་པའང་ཡིན་སྲིད་མོད། གང་ལྟར་ཐ་སྙད་འདི་བོད་ཡིག་ནང་དུ་བྲིས་ན་ཡག་པོ་རང་མཐོང་མ་སོང་ལགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese