མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་ཚོགས་སྒོ་ཁར་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ལས་འགུལ་སྤེལ་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༢/༢༥
Share on FacebookShare on TwitterShare on EmailShare on Whatsapp

ལོ་སར་ཚེས་ ༡ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྣེ་ཁྲིད་འོག   ཨ་རིའི་ནེའུ་ཡོག་ཏུ་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒོ་ཁར་བོད་མི་གསུམ་གྱིས་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ལས་འགུལ་སྤེལ་འདུག

བོད་ཆུ་འབྲུག་ལོའི་ལོ་སར་ཚེས་ ༡ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྣེ་ཁྲིད་འོག ཨ་རིའི་ནེའུ་ཡོག་ཏུ་རྟེན་གཞི་བྱས་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒོ་ཁར་བོད་མི་གསུམ་གྱིས་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ལས་འགུལ་སྤེལ་འདུག ལས་འགུལ་ཁྲོད་ཞུགས་མཁན་བོད་མི་གསུམ་ནི་རྒྱ་གར་ལྷོ་ཕྱོགས་སེ་ར་དགོན་གྱི་རང་ལོ་ ༣༢ ཡིན་པའི་སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་མཆོག་དང་། ཨ་རིའི་གཏན་སྡོད་རང་ལོ་ ༥༩ ཡིན་པའི་རྡོ་རྗེ་རྒྱལ་པོ་ལགས། རྒྱ་གར་ཧ་བྷ་པོ་ས་གནས་གཞོན་ནུའི་ཚོགས་ཟུར་རང་ལོ་ ༣༩ ཡིན་པའི་ཡེ་ཤེས་བསྟན་འཛིན་ལགས་བཅས་ཡིན་འདུག

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས། ལས་འགུལ་དབུ་འཛུགས་སྐབས་གསར་ལམ་ཁག་ཏུ་རྒྱལ་ཚོགས་སྒོ་ཁར་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ལས་འགུལ་སྤེལ་དགོས་དོན་སྐོར་བརྗོད་དོན། “དུས་ཚོད་ངེས་མེད་ཀྱི་ཟས་བཅད་ལས་འགུལ་སྤེལ་དགོས་པའི་དམིགས་ཡུལ་གཙོ་བོ་ནི། བོད་ནང་དུ་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་ཀྱིས་བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་ཆེད་དུ་སྐུ་ལས་མེར་བསྲེགས་བཏང་བར་གདུང་སེམས་མཉམ་སྐྱེད་དང་། བོད་ནང་དུ་བོད་མི་ཞི་བའི་ངོ་རྒོལ་བ་རྣམས་དམར་གསོད་གཏོང་བཞིན་པའི་ཛ་དྲག་གི་གནས་སྟངས་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཐེ་གཏོགས་དང་འབོད་སྐུལ་གནང་དགོས་པའི་དགོས་འདུན་འདོན་གྱིན་ཡོད།” ཅེས་བརྗོད་འདུག 

དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་སྐབས་མཉམ་འབྲེལ་རྒྱལ་ཚོགས་ལ་ཛ་དྲག་གི་དགོས་འདུན་དོན་ཚན་ལྔ་བཏོན་ཡོད་པ་ནི། གཅིག བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་ཤེས་རྟོགས་སླད་ཞིབ་འཇུག་ཚོགས་ཆུང་འཕྲལ་དུ་བོད་ནང་གཏོང་དགོས། གཉིས། རྒྱ་གཞུང་ནས་བོད་ནང་དྲག་གནོན་བྱེད་བཞིན་པ་འཕྲལ་དུ་མཚམས་འཇོག་དགོས་པའི་གནོན་ཤུགས་སྤྲོད་དགོས། གསུམ། བོད་ནང་གི་ཛ་དྲག་གནས་སྟངས་གསལ་རྟོགས་སླད་རྒྱལ་སྤྱིའི་གསར་འགོད་པ་གཏོང་དགོས་པར་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས། བཞི། ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རྣམ་གཉིས་གཙོས་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་གྲོལ་དགོས་པའི་གནོན་ཤུགས་སྤྲོད་དགོས། ལྔ། བོད་ནང་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་འཕྲལ་དུ་མཚམས་འཇོག་དགོས་པ་བཅས་ཡིན་འདུག 

དེ་བཞིན། ཐེངས་འདིའི་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ལས་འགུལ་བརྒྱུད། རྒྱ་གཞུང་གིས་བོད་ནང་མི་རིགས་རྩ་མེད་བཟོ་བཞིན་པའི་ལས་འགུལ་མཚམས་འཇོག་ཆེད། རྒྱལ་སྤྱིའི་དབུ་ཁྲིད་དང་གཞུང་ཁག་གིས་ཐད་ཀར་རྒྱ་གཞུང་གི་མགོ་ཁྲིད་ཚོར་བཀའ་མོལ་གནང་དགོས་པའི་འབོད་སྐུལ་ཀྱང་ཞུས་འདུག 

 

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

ཆུ་ཚོད་ ༡ སྔོན་ལ།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

ཆུ་ཚོད་ ༢༣ སྔོན་ལ།
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡
ཆོས་རིག་བཀའ་བློན་མཆོག་གིས་འཚམས་གཟིགས་གནང་བཞིན་པ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཆོས་རིག་བཀའ་བློན་གྱི་རྒྱ་གར་བྱང་ཤར་ཁུལ་གྱི་འཚམས་གཟིགས་ཐེངས་དང་པོ་ལེགས་པར་གྲུབ།

༢༠༢༦/༠༩/༠༡
Russian President Vladimir Putin and Chinese President Xi Jinping  in Bishkek, Kyrgyzstan, on Monday. | SPUTNIK / VIA REUTERS
གསར་འགྱུར།

ཧྲང་ཧེ་མཉམ་འབྲེལ་ལྷན་ཚོགས་ཐོག་ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཐུག

༢༠༢༦/༠༩/༠༡

མཆན། 9

  1. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ཁ་བརྡར།
    ༡༽ མགོན་པོ་ཕྱག་གཉིས་པ་ནས།
    སྤྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༢༧ གི་ཆུ་ཚོད་ ༡༠ སྐར་མ་ ༥༢
    ༡༩༥༩།༡༩༦༡།༡༩༦༥ ལོ་སོ་སོར་གྲོས་ཆོད་ཐེངས་གསུམ་བཞག་པའི་ནང༌། བོད་མི་མང་གི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་གིས་མཚོན་ཁོང་ཚོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང༌། རང་དབང་བཙན་འཕྲོག་བྱེད་པའི་བྱ་སྤྱོད་མཐའ་དག་མཚམས་འཇོག་བྱེད་དགོས་ཞེས་པའི་ནང་གི
    རང་ཐག་རང་གཅོད་ཟེར་བ་དེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་ནང་དངོས་སུ་བཀོད་ཡོད་པའི་ཚིག་ཅིག་རེད། ང་ཚོས་ཁྲིམས་ཐོག་ནས་རང་གི་ཐོབ་ཐང་རྩོད་དགོས་ན་རང་ཐག་རང་གཅོད་ཟེར་བའི་ཡིག་འབྲུ་འདི་བཞི་རྩ་ཆེན་ཡིན་པ་ཤེས་དགོས་པ་རེད།

    Reply
  2. ཀླུ་སྨྱོན། says:
    ལོ་ 15 སྔོན།

    རྒྱལ་ཚོགས་དང་དོམ་ཚང་གཅིག་པ་རེད། དགུན་ཁར་གཉིད་ནས་འདུག་གི་རེད།

    Reply
  3. རིན་ཆེན་གྲགས་པ། says:
    ལོ་ 15 སྔོན།

    ༧སྐྱབས་རྗེ་དམ་པ་ཤིང་བཟའ་རིན་པོ་ཆེ་ཚང་གི་སྐུ་ཕྲེང་ན་རིམ་གྱི་ལོ་རྒྱུས་ནང་ཆོས་ཕྱོགས་ལ་མཛད་རྗེས་བླ་མེད་བཞག་ཡོད་པ་མ་ཟད། སྐུ་ཕྲེང་འདི་བ་ཚང་ལ་མཚོན་ན་འང་དམིགས་བསལ་བོད་སྤྱི་བའི་བདེ་སྡུག་དང་ཆབ་སྲིད་ལ་ཐུགས་སྣང་ཆེར་བཞེས་མཛད་པ་ནི་གུས་བཀུར་དང་ཡི་རང་ཞུ་འོས་པ་ཞིག་རེད། ཁོང་ཚང་དང་ལྷན་བཞུགས་སྐུ་ཞབས་རྡོ་རྗེ་རྒྱལ་བོ་དང་ཡེ་ཤེས་བསྟན་འཛིན་རྣམ་པ་གསུམ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཞུ་བ་དང་།ལོ་རྒྱུས་ཀྱིས་ཁྱེད་ཚོ་ཟིན་ཐོར་བཀོད་་ཡོང་བའི་ཡིད་ཆེས་བརྟན་པོ་ཡོད།

    Reply
  4. ཤིང་ལོ། says:
    ལོ་ 15 སྔོན།

    ཕྱི་རྒྱལ་ཁག་ཏུ་ཕེབས་ནས་འདི་ལྟར་གནང་ན། ཁོང་ཚོས་ང་ཚོ་བོད་མི་ཚོ་ཅི་ཞིག་གི་ཆེད་དུ་གང་ས་གང་དུ་ཁ་འཐོར་ནས་འགྲོ་བཞིན་པ་ཤེས་ལ། དེ་ནས་ཁོང་ཚོར་གོ་རྟོགས་ཡོད་པས་མུ་འཐུད་ནས་རྒྱབ་སྐྱོར་གནང་གི་རེད། སོང་ཙང་ལས་འགུལ་བ་ཚོར་ཐུགས་རྗེ་ཆེ། སྤྱི་ཚོགས་རྙིང་བའི་སྐབས་བླ་མ་ཚོ་ཟས་བཅད་ལ་བཞུགས་ཟེར་ན། ཐུགས་བརྒྱལ་བཞེངས་ནས་གྲོངས་ཀྱི་རེད་ལ། རང་རང་གི་ཐུགས་ལའང་ཤི་དགོས་ན་སྔོན་ལ་མང་ཚོགས་ཤི་དགོས་ཟེར་གྱི་རེད། དེང་སང་གི་བླ་མ་༸ཤིང་བཟའ་རིན་པོ་ཆེ་ལྟ་བུ་དངོས་གནས་བོད་དོན་སླད་སྐུ་ངལ་མང་བོ་གནང་མཁན་ཚོར་དེ་ལས་ཀྱང་རྗེས་སུ་ཡི་རང་དང་བསྔགས་བརྗོད་ཞུ། དངོས་གནས་བོད་འདི་ལ་ཡག་པོ་ཞིག་མ་བྱུང་ན་བླ་མ་ཚོས་དཀོར་ནག་བཞེས་འདུག་ས་མེད་པ་མཁྱེན་ན་ཡག་པོ་རེད་པཱ།

    Reply
  5. རྒྱལ་ཁམས་པ། says:
    ལོ་ 15 སྔོན།

    ལས་འགུལ་བ་རྣམས་ལ་བསྔགས་བརྗོད་དང་། གཞིས་བཞུགས་བོད་མི་རྣམས་དང་ཁྱེད་ཚོ་སེམས་ཤུགས་མ་ཆགས་དང་ང་ཚོ་དུས་རྟག་ཏུ་ཁྱེད་ཚོ་དང་མཉམ་དུ་ཡོད།

    Reply
  6. ཨུ་ཚུགས་ཅན། says:
    ལོ་ 15 སྔོན།

    དུས་ངེས་མེད་ཟས་བཅད་གནང་མཁན་ཚོར་སྙིང་ཐག་པ་ནས་བཀའ་དྲིན་ཞུ།

    Reply
  7. རིག་འཛིན། says:
    ལོ་ 15 སྔོན།

    ཕྱི་སྡོད་བོད་མི་ཚོས་སེམས་ཤུགས་དང་འབད་བརྩོན་ལ་ཡིད་རངས་བྱེད་བཞིན་ཡོད།

    Reply
  8. སྐར་མདའ། says:
    ལོ་ 15 སྔོན།

    རྗེས་སུ་ཡི་རངས་ཡོད། རྒྱལ་ཚོགས་ཀྱི་སྒོ་ཁར་དེ་འདྲ་ཞིག་མ་བྱས་ན་རྒྱལ་ཚོགས་ཀྱིས་བོད་མི་མཐོང་ཁོ་ཐག་རེད། རྒྱལ་ཚོགས་ཀྱང་རྒྱ་གཞུང་གིས་བསླུས་ཡོད་ཚོད་རེད་ལ། དེ་བཞིན་དྲུང་ཆེ་སྦན་ཁི་མོན་ཡང་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་བློ་མཐུན་ཆགས་ཡོད་པ་རེད།

    Reply
  9. བསྟན འཛིན་ཆོས་རྒྱལ says:
    ལོ་ 15 སྔོན།

    ལེགས་སོའི་བསྔགས་བརྗོད་དང་མོས་གུས་ཡོད་ལགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese