མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་མིའི་ལས་ཁུངས་ཤིག་ལ་འབར་རྫས་གཡུཊ་ཏེ་སྐུ་གྲོངས་པ་རེད་ཟེར།

བོད་ཀྱི་དུས་བབ།
༢༠༡༢/༠༢/༢༨
Share on FacebookShare on TwitterShare on EmailShare on Whatsapp


གཟའ་པ་སངས་ཉིན་ཁམས་སྡེ་དགེ་རྫོང་གཉན་སྒོར་ཞང་རེག་པ་གྲོང་ཚོའི་
བཀྲ་ཤིས་ཞུ་བ་ཞིག་གིས་རྒྱ་མིའི་ལས་ཁུངས་ཤིག་ལ་འབར་རྫས་གཡུགས་ཏེ་འདས་གྲོངས་སུ་ཕྱིན་འདུག

ཁ་སང་ཁམས་སྡེ་དགེ་ཕྱོགས་ཀྱི་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་ཞིག་ཐོན་པ་དེ་ནི། མེར་བསྲེགས་བཏང་བ་མ་ཡིན་པར། འབར་རྫས་འགས་འཐོར་གྱིས་འདས་གྲོངས་སུ་ཕྱིན་པ་ཞིག་ཡིན་འདུག ཕྱི་ཚེས་ ༢༤ ཉིན་གྱི་ཐོ་རངས་ཆུ་ཚོད་ ༣ དང་སྐར་མ་ ༥༠ ཙམ་ལ་ཁམས་སྡེ་དགེ་རྫོང་དབོན་ཐོག་ཞང་འགྱུར་མདའ་གྲོང་ཚོའི་རང་ལོ་ ༣༢ ཡིན་པའི་ཟླ་སེ་འམ། མིང་གཞན་ལ་བཀྲ་ཤིས་སུ་འབོད་པའི་བོད་མི་ཞིག་གིས། གཉན་སྒོར་ཞང་རེག་པ་གྲོང་ཚོ་དང་ཝ་པཱ་གྲོང་ཚོ་གཉིས་ཀྱི་བར་དུ་ཡོད་པའི་རྒྱ་མིའི་ལས་ཁུངས་ཤིག་ལ་འབར་རྫས་གཡུགས་ཏེ། ལས་ཁུངས་ལ་གཏོར་སྐྱོན་ཚབས་ཆེན་བཏང་ཡོད་འདུག་ལ། དེ་དང་མཉམ་དུ་ཁོ་རང་ཡང་རྐྱེན་ལམ་དུ་ཕྱིན་ཡོད་འདུག སྐབས་དེར་སྡེ་དགེ་རྫོང་ཉེན་རྟོག་པས་ཁོང་གི་ཕུང་བོ་རྫོང་ཐོག་ཏུ་འཁྱེར་ཡོད་པ་དང་། ཁ་སང་ཕྱི་ཚེས་ ༢༧ ཉིན་གྱི་ཞོགས་པར་རྒྱ་དམག་གི་དམ་དྲག་འོག་མ་ཎི་ཀེ་མགོ་ཞེས་པའི་ས་གནས་སུ་ཕུང་བོ་མེར་བསྲེགས་བཏང་ཡོད་འདུག

ཁ་སང་སྔ་དྲོར་གསར་འགོད་པས་ངྷ་སར་གནས་སྡོད་ཕ་ཡུལ་སྡེ་དགེ་ནས་ཡིན་པའི་དཔའ་ཆེན་ལྷུན་འགྲུབ་ལགས་སུ་བཅར་འདྲི་ཞུས་པར། “ ཚེས་ ༢༧ ཉིན་གྱི་ཞོགས་པ་སྔ་བོ་ཐའེ་ཝན་དུ་ཡོད་པའི་ཕ་ཡུལ་གཅིག་པའི་གྲྭ་བ་ཞིག་གིས། ཟླ་སེ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་འདུག་ཅེས་ལབ་སོང་། ཕ་ཡུལ་སྡེ་དགེ་ཕྱོགས་སུ་ཁ་པར་མཐུད་ཐུབ་གྱི་མི་འདུག གནས་ཚུལ་གསལ་བོ་མིན་ཡང་མི་ཅིག་གིས་ངོ་རྒོལ་བྱས་ཏེ་གྲོངས་ཡོད་པ་བརྒྱ་ཆ་བརྒྱ་རེད། གནས་ཚུལ་ཛ་དྲག་ཡིན་སྟབས་ངས་ལམ་སང་གསར་ལམ་ཁག་ལ་བཤད་པ་ཡིན། དེའི་རྗེས་རྒྱ་ནག་ནང་ཡོད་པ་ཞིག་ལ་ཁ་པར་མཐུད་ཐུབ་སྟེ་གནས་ཚུལ་ཅུང་གསལ་བོ་ཆགས་སོང་། ཟླ་སེ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བ་མིན་པར།  རེག་པ་གྲོང་ཚོའི་རྒྱ་མིའི་ལས་ཁུངས་ཤིག་ལ་འབར་རྫས་གཡུགས་ཏེ་ཁོ་རང་ཡང་མཉམ་དུ་གྲོངས་འདུག དེ་དུས་ཁོང་གི་ལག་ཏུ་འགྱིག་དམ་ཆེན་པོ་ཞིག་གི་ནང་དུ་ས་སྣུམ་བཟུང་འདུག་ཟེར། དེ་ནི་ཁོང་གིས་རྒྱ་མིིའི་ལས་ཁུངས་ལ་འབར་རྫས་གཡུགས་རྗེས་རང་གི་ལུས་ལ་ས་སྣུམ་གཤོ་སྟེ་མེར་བསྲེགས་གཏོང་རྒྱུའི་འཆར་གཞི་བསྒྲིགས་ཡོད་ས་རེད”ཅེས་བརྗོད་བྱུང་།

སྦིར་ཤེས་རབ་གླིང་གི་གྲྭ་བསོད་ནམས་ཆོས་ལྡན་ལགས་ཀྱིས་གསར་འགོད་པར་བརྗོད་དོན། “ སྐུ་གྲོངས་མཁན་ཁོ་རང་དང་ང་རང་གཉིས་གྲོང་ཚོ་གཅིག་པ་རེད། སྤུན་ཉེའི་འབྲེལ་བའང་ཕྲན་བུ་ཡོད་པ་རེད། སྔོན་མ་ཁོའི་མིང་ལ་ཟླ་སེ་ཟེར་གྱི་ཡོད། ཁོ་གཉན་སྒོར་ཞང་རེག་པ་གྲོང་ཚོར་མག་པར་ཕྱིན་རྗེས་མིང་ལ་བཀྲ་ཤིས་ཟེར་གྱི་ཡོད་ས་རེད། ཕྱི་ཚེས་ ༢༤ ཉིན་ཁོས་འབར་རྫས་དང་ས་སྣུམ་གྲ་སྒྲིག་གིས་རྒྱ་མི་གཏན་སྡོད་བྱེད་སའི་ལས་ཁུངས་ཡོད་ས་དེར་ཕྱིན་ཏེ། འབར་རྫས་གཏོར་ཏེ་རྒྱ་མིའི་ལས་ཁུངས་གཏོར་ཡོད་ས་རེད། དེ་དང་མཉམ་དུ་ཁོ་རང་ཡང་གྲོངས་འདུག ལས་ཁུངས་དེར་གཏོར་ཅི་ཙམ་བཟོས་ཡོད་མེད་ཤེས་ཐུབ་མ་སོང་། དེའི་རྗེས་སྡེ་དགེ་རྫོང་གི་ཉེན་རྟོག་པ་མང་པོ་འབྱོར་ཏེ་ཁོང་གི་ཕུང་བོ་བཙན་འཁྱེར་བྱས་འདུག རྗེས་སུ་ང་ཚོའི་ནང་མི་སྤུན་ཉེ་སྐོར་ཞིག་ཕར་ཕྱིན་ཏེ་ཕུང་པོ་ཚུར་ལེན་ཐབས་བྱས་ཀྱང་སྤྲད་མི་འདུག ” ཅེས་བརྗོད་བྱུང་།  

དེ་རིང་གསར་འགོད་པས་བསྐྱར་དུ་རྫོང་གསར་བཤད་གྲྭའི་གྲྭ་ངག་དབང་བཟང་པོ་ལགས་སུ། དེའི་རྗེས་སུ་གནས་ཚུལ་ག་རེ་བྱུང་ཡོད་མེད་དྲིས་པར་ཁོང་གིས་ “ ཁས་ཉིན་བཀྲ་ཤིས་འདས་གྲོངས་སུ་ཕྱིན་རྗེས། རྒྱ་མིའི་ཉེན་རྟོག་པས་བཙན་འཕྲོག་བྱས་ཡོད་ཀྱང་། རྗེས་སུ་དགོན་པའི་མཁན་པོ་གཙོས་པའི་གྲྭ་བ་ ༦ དང་ཁོང་གི་ཉེ་འབྲེལ་བཅས་མི་ ༡༡ ཉེན་རྟོག་ལས་ཁུངས་སུ་ཕྱིན་སྐབས། བཀྲ་ཤིས་ཀྱིས་ཕུང་བོ་བདག་པོ་རྒྱག་ཆོག་ཀྱང་། ཕྱིར་གྲོང་ཚོའི་ནང་དུ་འཁྱེར་མི་ཆོག་པའི་བཙན་བཀའ་བཏང་ཡོད་སྟབས། ཁ་སང་ཕྱི་ཚེས་ ༢༧ ཉིན་གྱི་སྔ་དྲོར་སྡེ་དགེ་རྫོང་དང་གཉན་སྒོར་ཞིང་གཉིས་ཀྱི་བར་དུ་ཡོད་པའི་མ་ཎི་ཀེ་མགོ་ཟེར་བའི་ས་དེར་བཀྲ་ཤིས་ལགས་ཀྱི་ཕུང་པོ་མེར་བསྲེགས་གཏོང་དགོས་བྱུང་འདུག སྐུ་ཕུང་ཞུགས་འབུལ་སྐབས་མཐའ་འཁོར་དུ་རྒྱ་ནག་གི་དམག་མིས་བསྐོར་ནས་བསྡད་འདུག་ཟེར” ཅེས་བརྗོད་བྱུང་།

ཁོས་མུ་མཐུད་དུ་བརྗོད་པར། “ ནམ་རྒྱུན་ཁོ་རང་མི་དྲང་མོ་ཞིག་ཡོད་པ་རེད། ཁོས་འབར་རྫས་གཡུགས་སའི་ལས་ཁུངས་དེ་རྒྱ་གཞུང་གིས་རེག་པ་གྲོང་ཚོ་དང་ཝ་པཱ་གྲོང་ཚོ་གཉིས་ལ་ལྟ་རྟོག་བྱེད་པར་ཆེད་དུ་བཙུགས་པའི་ལས་ཁུངས་ཞིག་རེད། ལས་ཁུངས་དེ་གསར་རྒྱག་བྱེད་སྐབས་ས་གནས་མི་མང་གིས་མོས་མཐུན་མེད་པའི་རྣམ་འགྱུར་ཤུགས་ཆེན་བསྟན་ཡང་། ས་གནས་མང་ཚོགས་ཀྱི་སྐད་ཆར་སྣང་མེད་བྱས་ཏེ་བཙན་ཤེད་ཀྱིས་ལས་ཁུངས་དེ་བརྒྱབ་འདུག ཐེངས་འདིར་ཁོང་གིས་ལས་ཁུངས་དེ་གཏོར་ཆེད་འབར་རྫས་གཡུགས་ཡོད་ཀྱང་། འབར་རྫས་ཀྱི་ཤུགས་ཚད་ཀྱིས་ཁོ་རང་གི་མགོ་དང་ལུས་པོ་ཡང་དུམ་བུར་བཏང་འདུག་ཟེར། ” ཅེས་བརྗོད་བྱུང་།  

ཟླ་སེ་འམ་མིང་གཞན་ལ་བཀྲ་ཤིས་ཞེས་པ་ཁོང་ནི་ཁམས་སྡེ་དགེ་དབོན་ཐོག་ཞང་འགྱུར་མདའ་གྲོང་ཚོར་སྐྱེས་ཤིང་། ཕ་མིང་ལ་རྡོ་བ་དང་མ་མིང་ལ་པད་མ་དབང་མོ་ཟེར་གྱི་ཡོད་འདུག ཁོང་རང་ལོ་ ༡༧ ཙམ་ལ་གཉན་སྒོར་ཞང་རེག་པ་གྲོང་ཚོའི་བུ་མོ་ཡ་སྐྱིད་ཞུ་བ་ཞིག་གི་མག་པར་ཕྱིན་ཡོད་པ་དང་། ད་ཆར་ཁོང་ལ་ཕྲུ་གུ་བུ་མོ་གཉིས་ཡོད་པ་ལས་ཆེ་བའི་མིང་ལ་སྐལ་བཟང་དབང་མོ་ཟེར་ཞིང་རང་ལོ་ ༡༡ ཡིན་འདུག་ལ། བུ་མོ་ཆུང་བའི་མིང་ཤེས་རྟོགས་མ་ཐུབ་ཀྱང་ད་ལྟ་ལོ་ ༥ ལ་སོན་ཙམ་ཡིན་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

ཆུ་ཚོད་ ༢༠ སྔོན་ལ།
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

ཆུ་ཚོད་ ༢༣ སྔོན་ལ།
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༢༤ སྔོན་ལ།
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

མཆན། 19

  1. དུག་མདའ། says:
    ལོ་ 14 སྔོན།

    དེ་རིང་བར་དུ་གོ་མ་སོང་། སྐྱིད་ད་ཧོ་ད། ཁ་ཆེའི་སྔོན་ནས་བོད་པ་སྡར་མའི་ངོ་ཚ་དེ་འཕྱི་ཙམ་བྱས་པ་རེད། ང་སྐྲག་ཤོད་སྐྱག་ཤོར་དག་ལ་སྟོན་པས་བྱམས་སྙིང་བརྗེ་དང་ལས་རྒྱུ་འབྲས་ཀྱིས་སེམས་གསོ་གནང་ཡོད་པས་ཡིན་འདོགས་ཀྱིས་སྡོད་ཆོག་མོད། ཚུད་མཇེ་བཅད་པའི་ལན་དུ་ཕར་རྣ་བཅད་བའི་བཟོད་པ་ཆེན་མོ་འཚེ་བ་ཡིན་མིན་གྱི་བགྲོ་གླེང་བྱེད་པ་ངོ་ཚ། ང་ལྟར་ཤི་རོ་ཡིན་ན་ངག་བསྡམས་ཤེས་ན་མི་མཛེས་སམ།

    Reply
  2. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    ཟླ་སེ་བདེ་བར་ཅན་ལ་སྐྱེ་བར་ཤོག ཨོཾ་མ་ཎི་པདྨེ་ཧུཾཿཨོཾ་མ་ཎི་པདྨེ་ཧུཾཿཨོཾ་མ་ཎི་པདྨེ་ཧུཾཿཨོཾ་མ་ཎི་པདྨེ་ཧུཾཿཨོཾ་མ་ཎི་པདྨེ་ཧུཾཿཨོཾ་མ་ཎི་པདྨེ་ཧུཾཿཨོཾ་མ་ཎི་པདྨེ་ཧུཾཿཨོཾ་མ་ཎི་པདྨེ་ཧུཾཿཨོཾ་མ་ཎི་པདྨེ་ཧུཾཿ

    Reply
  3. བསྟན འཛིན་ཆོས་རྒྱལ says:
    ལོ་ 14 སྔོན།

    ཝ་རྔ་མ་ཤ་ལེ་བྲོས་པ་ལས།།སྟག་འཛུམ་དྲུག་ཉི་ལེ་ཤི་ན་བཟང་།། དཔའ་རྒོད་མཆོག་གུས་འདུལ་རྗེས་སུ་ཡིད་རངས་ཞུ།། རྒྱ་གུང་ཕྲན་བསད་ན་སྡུག་པ་མེད།།རྒྱ་བོད་སྤོར་གསད་ན་དྲག་སྤྱོད་མིན།།ལགས་སོ་ལགས་སོ་དཔའ་རྒོད་དག

    Reply
  4. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    འབར་རྫས་གཡུགས་པ་ཙམ་གྱིས་འཚེ་བའི་ལས་སུ་འགྲོ་ན་ཧ་ཅང་ཐལ་དྲག་པ་རེད། གཙོ་བོ་སེམས་ཅན་གྱི་འཚེ་སྲོག་ལ་གནོད་སྐྱོན་བཏང་ཡོད་ན་འཚེ་བའི་ངོ་བོར་ངོས་འཛིན་འོས་པ་ཡིན། དཔའ་བོ་ཟླ་སྲས་མཆོག་གིས་ཞོགས་པ་སྔ་པོ་ཆུ་ཚོད་གསུམ་པ་ནས་འགད་རྫས་སྤར་དོན་དེས་སྲོག་གཅོད་འཚེ་བའི་ལས་བྱེད་འདོད་མེད་པ་དེ་བདེན་དཔང་བྱེད་ཐུབ་པ་ཞིག་རེད་དོ།།
    གལ་སྲིད་འབར་རྫས་ས་སྟོང་ཞིག་ལ་གཡུག་ནའང་འཚེ་བའི་གྲས་ལ་འཇོག་འོས་སམ། ཁང་པ་ཁ་ཤས་ཤིག་དང་ཡང་ན་བཅའ་དངོས་འགའ་ཤས་གཏོར་ན་འཚེ་བར་རྩི་མི་རུང་ངོ་། 

    Reply
  5. ཨ་ར་དཀར་པོ says:
    ལོ་ 14 སྔོན།

    མི་མེད་ཁང་སྟོང་ཞིག་གཏོར་བ་འཚེ་བའི་ལས་ཤིག་ཡིན་དོགས་མེད། དཔའ་བོའི་མཛད་རྗེས་ལ་བསྔགས་བརྗོད་ཞུ། བརྡ་ལན་ཡག་པོ་ཞིག་སྤྲད་འདུག

    Reply
  6. རིན་ཆེན་གྲགས་པ། says:
    ལོ་ 14 སྔོན།

    དཔའ་རྒོལ་ཁོང་ལ་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན།ཡག་པོ་འདུག་དགྲ་ཤ་ལེན་རྒྱུ་ནི་བོད་མི་རིགས་ཀྱི་ཐུན་མོང་གི་འདུ་ཤེས་ཤིག་ཏུ་ཆགས་ཡོད།རྒྱ་ནག་གཞུང་གིས་སྲིད་ཇུས་ལ་བསྐྱར་ཞིབ་དང་བསྐྱར་བཅོས་བྱེད་དགོས་པའི་དུས་ལ་བབ་ཡོད་པ་མ་གཏོགས་འདི་ནི་གཉའ་གནོན་ལས་འུ་ཐུག་ཐབས་ཟད་ལས་བྱུང་བ་ཞིག་ཡིན་པ་ལས་གཞན་མ་རེད།
    དྲ་འབུ་དག་གིས་འདྲ་མིན་ལབ་ན་ཡག་པོ་མཏོང་མ་སོང་།

    Reply
  7. མང་ཐོས། says:
    ལོ་ 14 སྔོན།

    དཔའ་བོ་འདིས་མ་འོང་པར་ང་ཚོས་ཀྱང་རྒྱལ་སྤྱིའི་དྲག་རྒོལ་ཚོ་ཇི་བཞིན་བྱེད་ཐུབ་པ་དང་། བྱེད་འདོད་ཡོད་པའི་རྣམ་འགྱུར་གསལ་བོ་བསྟན་འདུག

    Reply
  8. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 14 སྔོན།

    ཟླ་ཟེ་ལགས་ཀྱིས་ཁང་པ་སྟོང་བ་ཞིག་གཏོར་ན་དེ་དྲག་པོ་རེད་ཅེས་ཁ་ཚོད་གཅོད་མཁན་དག་ནི་ངས་བལྟས་ན་ཅུང་སྔ་དྲགས་པ་རེད། ཟླ་སེ་ལགས་ཀྱིས་ཀྱང་སྔ་གཞུག་གང་སར་དགོངས་བཞེས་ཀྱིས་མཚན་གུང་ནང་ན་རྒྱ་མི་བོད་མི་སུ་ཡང་མེད་པའི་སྐབས་ལ་ཁང་བ་དེ་གཏོར་འདུག དེའི་ཕྱིར་འདི་ནི་དྲག་པོའི་ལས་འགུལ་གྱི་གྲལ་དུ་ནམ་ཡང་འགྲོ་ཐབས་མི་འདུག་སྙམ། ཚོར་མེད་སྲོག་མེད་ཀྱིས་ཁང་བ་ཞིག་གཏོར་བ་དེ་ནི་འཚེ་བཅས་དྲག་ལས་ཞིག་ལ་གཞར་ཡང་འགྲོ་ཐབས་མེད་པས། ་དྲ་གྲོགས་ཚོས་གླེང་ཕྱོགས་ལ་གཟབ་ནན་ཞུ་དགོས། ངས་བལྟས་ན་འདི་ནི་འཚེ་བ་མེད་པའི་ལས་འགུལ་ཞིག་ཡིན་པ་མ་ཟད། རྒྱ་ནག་ཉེན་བརྡ་ཞིག་བཏང་བའང་ལགས་པས། དཔའ་བོ་ཁོང་ལ་རྗེས་སུ་ཡི་རངས་དང་། ཁོང་གིོ་བྱེད་ཐབས་ལ་བསྔགས་བརྗོད་ཞུ་འདོད་བྱུང་སོང་།

    Reply
  9. གསེར་འབྲུག་སྡེར་ལྔ་ says:
    ལོ་ 14 སྔོན།

    དཔའ་བོའི་མཛད་རྗེས་ལ་བསྔགས་བརྗོད་ཞུ། རྒྱ་མི་འདི་ཚོ་གཅིག་ལས་མིན་ན་ཡང་ཉུང་རུ་གཏོང་དགོས་ངེས་རེད། དེ་མིན་དགེ་སྡིག་བཤན་འབྱེད་གཤིན་རྗེ་ཆོས་རྒྱལ་ལ་ཡང་ཁུ་ཚུར་ཞིག་བརྡེག་འདོད་བྱུང་། ལས་འགུལ་ནང་སྐར་ཆའི་དུས་ཡུན་ཙམ་ཡང་ཞུགས་མྱོང་མེད་པའི་མལ་ས་དྲོན་མོའི་ནང་ནས་གཅིག་གཅིག་མེག་མེག་སྡུག་སྡུག་ལབ་མཁན་ང་དང་ང་འདྲ་བ་ཚོའི་ཞལ་ལ་སྐྱག་པས་མཆོད།

    Reply
  10. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    འཁོན་སེམས་དང་བཅས་པའི་ངོ་རྒོལ་འདི་རིགས་ཅིས་ཀྱང་འབྱུང་སྲིད། འདིས་ཉེན་བརྡ་ཞིག་གཏོང་གིན་ཡོད། འདི་གཏོར་བཅོམ་ལ་གཏོགས་ན་ཡང་ཧ་ཅང་ཆུང་ངུ་ཞིག་རེད། ཡང་གཅིག་བཤད་ན་འདི་ཡང་རང་སྲོག་བློས་གཏོང་གི་བྱེད་ཐབས་རིགས་ཤིག་རེད། གང་ལྟར་རང་སྲོག་རང་གཅོད་ཀྱིས་ངོ་རྒོལ་གྱི་རྣམ་འགྱུར་ཤུགས་ཆེན་བསྟན་ཡོད་པ་ཙམ་ལས་གཞན་སྲོག་ལ་རྒོལ་བའི་དྲག་སྤྱོད་པའི་རིགས་ལ་མི་གཏོགས།

    Reply
  11. འཇམ་བཟང་། says:
    ལོ་ 14 སྔོན།

    གངས་ཅན་པའི་ཕོ་རྒོད་ཟླ་སེ་ལ། ཡུལ་གྱར་བ་ངས་སྙིང་དབུས་ནས་གུས་བཏུད་ཞུ།
    ཁྱེད་འདྲ་བའི་ཕོ་རྒོད་ཁ་ཤས་ད་དུང་ཡོང་དགོས་ངེས་རེད།
    རྒྱ་དམར་ཀྱིས། དམར་སྒར་དང་། དངུལ་ཁང་། ཟམ་ཆེན་ཁག། ཆུ་གློག་ས་ཚུགས་ཆེ་ཁག། རྣམ་ཐང་། མེ་འཁོར་ནང་བཅས་སུ་ངེས་པར་ཅན་དུ། འབར་རྫས་ཀྱི་གཏོར་དགོས། ད་དུང་དཔོན་ངན་རེ་གཉིས་ཡང་། ལྐོག་བསད་བྱེད་དགོས་ངེས་རེད། དེ་ནས་རྒྱ་དམར་ཀྱིས་ག་རེ་བྱས་སོང་བལྟ་ཡོང་།

    Reply
  12. གླག་སྨྱོན། says:
    ལོ་ 14 སྔོན།

    ཚེ་སྲོག་བློས་གཏོང་བྱས་པ་འདི་མི་རིགས་ཀྱི་ཆེད་དུ་ཡིན་པས་སྙིང་ནས་གུས་འདུ་ཞུ་གཞིན་ཡོད། ཡིན་ཡང་རྣམ་པ་དྲག་ལས་ཡིན་པས་ན་རྒྱ་དམར་སྲིད་གཞུང་ལ་ཁེ་ཚོང་རག་པ་རེད།

    Reply
  13. རྐྱང་ཕྲུག ཁེར་རྐྱང་གི་ཆིག་ལབ། says:
    ལོ་ 14 སྔོན།

    ད་ཡིན་ན་བོད་ནང་གི་བོད་པ་ཚོའི་སྙིང་སྟོབས་དེ་ཇེ་ཆེ་ནས་ཇེ་ཆེ་རེད། ངོ་མས་སྐྲག་ནི་ཟིག་རེད། ལས་འགུལ་འདི་འདྲ་ནི་དྲག་པོ་རེད། འོན་ཀྱང་མཐར་ཐུག་ལམ་ཁ་འདི་འདྲ་ཞིག་ལས་མ་རག་ན་ཅི་བྱེད། ང་ཚོས་གྲ་སྒྲིག་ཡག་གཙོག་གཉིས་མ་བྱས་ན་དཀའ་ས་རེད་འདོད་ཀི

    Reply
  14. ནོར། says:
    ལོ་ 14 སྔོན།

    ཟླ་སེ་ལགས་ཀྱི་མཛད་རྗེས་ལ་སྙིང་ཐག་པ་ནས་གུས་འདུད་དང་ཐུགས་རྗེ་ཆེ་ཞུ། དེ་མིན་བདེ་ས་སྐྱིད་ས་ཤིག་ནས་ཟས་ཐུན་གཅིག་ཀྱང་གཅོད་མི་ཐུབ་པའི་ང་དང་ང་འདྲ་བའི་བཀྲ་ཤིས་སོགས་ལ་སྐྱག་པ་ཟོ་ཟེར་འདོད་བྱུང་།

    Reply
  15. སངྒེ ། says:
    ལོ་ 14 སྔོན།

    ང་ཚོས་ཁོང་ལ་གུས་རྩི་དང་། བྱེད་ཐབས་ལ་རྗེས་སུ་དེ་འདྲ་མི་ཡོང་བའི་འབོད་སྐུལ་ནན་མོ་བྱས་ན་འགྲིག་གི གཞན་ལས་འགུལ་འདི་དང་འདི་འདྲ་ལ་སྐུལ་མ་གང་ནས་ཐེབས་དང་། ཇི་ལྟར་ཐེབས་ཀྱིན་ཡོད་པའི་ཕྱོགས་སུ་ང་ཚོ་བཙན་བྱོལ་བ་ཚོས་བསམ་གཞིགས་བྱ་དགོས་སའང་ཡོད་སྲི

    Reply
  16. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    སྤྱིར་འབར་རྫས་བེད་སྤྱད་ནས་འགོག་རྒོལ་བྱེད་པ་ནི་དྲག་པོའི་ཐབས་ལམ་ཞིག་ཡིན་པ་ནི་བདེན་པ་རེད། དེ་ང་ཚོས་ངོས་ལེན་བྱེད་དགོས་པ་ཡིན། ཁ་ཆེ་བ་ཞིག་གིས་ལས་འགུལ་འདི་འདྲ་སྤེལ་སྐབས་དྲག་པོའི་ལས་ཡིན་དགོས་ལ་བོད་མི་ཞིག་གིས་སྤེལ་སྐབས་མ་རེད་ཟེར་ན་དྲང་པོའི་སྐད་ཆ་མིན།

    བཀྲ་ཤིས་ཟེར་བ་ཁོང་ད་ལྟ་ཁམས་གསུམ་འགྲོ་བ་རིགས་དྲུག་གང་དུ་གནས་ཡོད་ན་ཡང་མྱུར་དུ་སྤྱན་རས་གཟིགས་ཀྱི་ཞིང་དུ་སླར་ཡང་སྐྱེ་བའི་སྨོན་འདུན་ཞུ།

    Reply
  17. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 14 སྔོན།

    ཨོྃ་མ་ཎི་པདྨེ་ཧྰུཾ། བོད་ཁ་བ་ཅན་གྱི་ཆེད་དུ་གཅེས་པའི་ཚེ་སྲོག་བློས་བཏང་བ་ནི་བློ་ཡུལ་ལས་བརྒལ་ཞིང་གཟི་བརྗིད་ལྡན་པ་ཉག་གཅིག་རེད་དེ། ད་དུང་ལམ་ཁ་འདི་ཅུང་སྔ་དྲགས་འདུག ཁྱེད་ཀྱི་སེམས་ཁོང་ན་བཟོད་དཀའ་བའི་སྙིང་ནད་དང་གནོན་དཀའ་ཤ་འཁོན་ཡོད་པས་ཁྱེད་ལ་དངོས་གནས་ཁེགས་མི་འདུག་མོད། ད་དུང་འདི་ནི་ཅུང་སྔ་དྲགས་འདུག དངོས་གནས་སྔ་དྲགས་འདུག
    གོང་ན་མཆན་སྤེལ་བ་ཞིག་གིས་རྒྱལ་བ་རིན་པོ་ཆེའི་ཐུགས་དགོངས་དང་འགལ་རབས་ཀྱི་མཆན་ཞིག་སྤེལ་འདུག དེ་དངོས་གནས་ཡག་པོ་མི་འདུག མེར་སྲོག་གཏོང་མཁན་རྣམས་དང་ཁོང་གི་བློས་གཏོང་འདྲ་འདྲ་རེད་ལ། མི་རིགས་ཀྱི་དོན་ཆེན་བསམ་པའང་འདྲ་འདྲ་རེད། དེའི་ཕྱིར། འདི་ལ་རྒྱལ་བ་རིན་པོ་ཆེའི་དགོངས་པའི་ཚད་གཞི་འཇལ་ན་དངོས་གནས་ཡག་པོ་མི་འདུག

    དེའི་ཕྱིར་དྲ་བདག་གིས་མཆན་དེ་འདྲ་འོང་ན་མི་འགོད་རྒྱུ་གལ་ཆེན་རེད་ལ། གོང་གི་དེའང་བསུབ་རྒྱུ་གལ་ཆེན་རེད།

    Reply
  18. ཤིང་ལོ། says:
    ལོ་ 14 སྔོན།

    ཚུར་རང་ཉིད་སྲེག་ཐུབ་མཁན་ཞིག་གི་བློ་སྟོབས་ལ་འགྲན་ཟླ་མེད་ཅིང་དཔའ་རྩལ་ལ་ཞུམ་པ་བྲལ། ཡིན་ནའང་། ད་བར་རྒྱ་གཞུང་ལ་ཞི་འབོད་ངང་རེ་བ་བྱས་ཏེ་ཡོང་བའི་མི་རིགས་འདིས། རྒྱ་ནག་གིས་བོད་མི་འབུམ་ཚོ་མང་པོ་བསད་པའི་ལོ་རྒྱུས་མཁྱེན་གྱི་ཡོད་རུང་། རང་གི་དཔའ་རྩལ་དེ་རྒྱ་ཕྱོགས་སུ་ནམ་ཡང་སྐོར་མྱོང་མེད། ད་དུང་རྒྱ་ནག་གི་གདུག་རྩུབ་ཉིན་རེ་ནས་ཅེ་ཆེར་འགྲོ་སྐབས་རང་ཉིད་མ་ཤི་སྔོན་དུ་གཞན་ཞིག་གསོད་པའི་ཐབས་ལམ་མི་ཡོང་ངམ་བསམ་པའི་སེམས་ཁྲལ་སུ་ལའང་ཡོད་པས། རྒྱ་ནག་གི་དཔོན་རིགས་ཚོས་ངེས་པར་རྩེད་མོ་རྩེད་མི་རུང་བར་བསམ་བློ་ནན་མོ་གཏོང་དགོས།

    Reply
  19. བཀྲ་ཤིས། says:
    ལོ་ 14 སྔོན།

    ཟླ་སེ་ལ་མ་ཎི་འདོན།
    ལས་འགུལ་འཚེ་བ་མེད་པ་སྤེལ་དགོས། འཚེ་བ་བྱས་ན་༸གོང་ས་མཆོག་གི་དགོངས་གཞི་དང་ཡང་མི་མཐུན། བོད་པའི་གནས་བབ་དང་མི་མཐུན།
    ཕྱིན་ཆད་ལས་འགུལ་ག་རེ་སྤེལ་ན་ཡང་འཚེ་བ་མེད་པ་གལ་ཆེ་ནི་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese