མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་སྐྱོང་གནས་བབ་རྒྱུས་ལོན།

བོད་ཀྱི་དུས་བབ།
༢༠༡༢/༠༣/༠༡
Share on FacebookShare on TwitterShare on EmailShare on Whatsapp

བཀའ་ཁྲི་མཆོག་ཨི་ཊ་ལིའི་རང་སྐྱོང་མངའ་ཁུལ་གཉིས་ལ་ཕེབས་ཏེ། ཁུལ་དེའི་དབུ་ཁྲི་རྣམ་པར་མཇལ་འཕྲད་ཀྱིས་རང་སྐྱོང་གནས་བབ་སྐོར་རྒྱུས་ལོན་གནང་འདུག

ཉིན་འདི་འགའི་རིང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་ཨི་ཊ་ལིར་གཟིགས་སྐོར་གནང་བཞིན་ཡོད་པ་ལྟར། ཕྱི་ཟླ་ ༢ ཚེས་ ༢༧ ཉིན་བཀའ་ཁྲི་མཆོག་ཨི་ཊ་ལིའི་རང་སྐྱོང་མངའ་ཁུལ་ལྷོ་ཊི་རོལ་ (South Tyrol) དང་། ཊེ་རེན་ཊོར་ (Trento) གཉིས་སུ་ཕེབས་ཏེ། ཁུལ་དེའི་གྲོང་ཁྱེར་སྤྱི་ཁྱབ་དང་གྲོས་ཚོགས་འཐུས་མི་ཁག་ལ་ཐུག་འཕྲད་ཀྱིས་རང་སྐྱོང་གནས་བབ་སྐོར་རྒྱུས་ལོན་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་གནང་འདུག

ལྷོ་ཊི་རོལ་བོད་དོན་རྒྱབ་སྐྱོར་ཚོགས་པའི་གོ་སྒྲིག་འོག ཕྱི་ཚེས་ ༢༧ ཉིན་གྱི་སྔ་དྲོར་བཀའ་ཁྲི་མཆོག་གིས་ས་གནས་མང་ཚོགས་བརྒྱ་ཕྲག་བརྒལ་བར། ༸གོང་ས་མཆོག་གིས་བོད་མིའི་ཆབ་སྲིད་འགན་དབང་མང་ཚོགས་ཀྱིས་བདམས་པའི་མགོ་ཁྲིད་ཚོར་རྩིས་སྤྲོད་གནང་ཕྱོགས་དང་། བོད་ནང་རང་ལུས་མེར་བསྲེགས་གཏོང་བཞིན་པའི་ལས་འགུལ་གྱི་ངོ་བོ། རྒྱ་གཞུང་གིས་བོད་མིར་མུ་མཐུད་དྲག་གནོན་བྱེད་བཞིན་པའི་གནས་སྟངས། བོད་ནང་རྒྱ་གཞུང་གིས་ཕྱི་རྒྱལ་གསར་འགོད་པ་དང་ཡུལ་སྐོར་སྤྲོ་འཆམ་པ་བཀག་འགོག བོད་ནང་དྲག་ཆས་དམག་མི་སྟོང་ཕྲག་མང་པོ་འཕར་སྣོན་དང་འགྲེམས་འཇོག  ༢༠༠༩ ལོ་ནས་ད་བར་བོད་མི་ ༢༣ གྱིས་རང་ལུས་མེར་བསྲེགས་བཏང་ཚུལ་སོགས་བརྗོད་དེ། “ ང་རང་བོད་མིའི་ཆབ་སྲིད་ཀྱི་མགོ་ཁྲིད་ཅིག་ཡིན་པའི་ཆ་ནས་གང་ཐུབ་ཅི་ཐུབ་ཀྱིས་བོད་ནང་ཞི་བདེ་རང་དབང་དང་། ༸གོང་ས་མཆོག་བོད་ལ་མྱུར་དུ་གདན་འདྲེན་ཞུ་རྒྱུར་འབད་བརྩོན་བྱེད་བཞིན་ཡོད ” ཅེས་གསུངས་འདུག

ཕྱི་ཚེས་ ༢༨ ཉིན་དབུ་ཁྲིད་རྣམ་གཉིས་མཇལ་འཕྲད་སྐབས་ལྷོ་ཊི་རོལ་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་མོ་རོ་མི་ནི་ཊི་ (Mauro Minniti) ལགས་ཀྱིས། “ བཀའ་ཁྲི་མཆོག་ཁུལ་འདིར་ཕེབས་ཏེ་བོད་མིའི་དཀའ་སྡུག་མང་ཚོགས་ལ་ཁ་གསལ་འགྲེལ་བརྗོད་གནང་རྒྱུ་ཤིན་ཏུ་གལ་ཆེན་ཡིན་པ་དང་། ལྷོ་ཊི་རོལ་གཞུང་མང་གཉིས་ཀྱིས་ད་ལྟའི་བོད་ནང་གི་དཀའ་སྡུག་གསལ་པོ་ཤེས་ཀྱི་ཡོད་ལ། དེའི་ཐོག་སེམས་འཚབ་ཆེན་པོ་བྱེད་ཀྱི་ཡོད ” ཅེས་བརྗོད་ཡོད།

ཉིན་རྒྱབ་བཀའ་ཁྲི་མཆོག་གིས་ཊེ་རེན་ཊོ་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་ལོ་རེན་ཛོ་ཌེ་ལཱ་ (Lorenzo Dellai) ལགས་སུ་ཐུག་འཕྲད་སྐབས། རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་ལོ་རེན་ཛོ་ཌེ་ལཱ་ལགས་ཀྱིས་བཀའ་ཁྲི་མཆོག་ལ་མང་གཙོའི་འོས་འདེམས་ཐོག་རྒྱལ་ཁ་ཐོབ་པར་འཚམས་འདྲི་གནང་རྗེས། “ ཁོང་གི་སྲིད་གཞུང་གིས་མ་འོངས་པར་བོད་དོན་ཐོག་སྔར་ལས་རྒྱབ་སྐྱོར་གནང་རྒྱུ་ཡིན” ཞེས་བརྗོད་འདུག མཇལ་འཕྲད་གྲུབ་རྗེས་བཀའ་ཁྲི་མཆོག་གིས་བོད་ཀྱི་པར་རིས་འགྲེམས་སྟོན་གྱི་དབུ་འབྱེད་གཏམ་བཤད་ཅིག་ཀྱང་གནང་ཡོད།

སྐབས་དེར་བཀའ་ཁྲི་མཆོག་གིས་ཊེ་རོན་ཊོ་གཙུག་ལག་སློབ་ཁང་དུ། མང་ཚོགས་ལ་༼རང་སྐྱོང་དང་བོད༽ཅེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་སྟེ། “ བོད་མི་ཚོས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་འོག བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གནས་བབ་ཅིག་རྩོད་ལེན་བྱེད་བཞིན་ཡོད།རྒྱ་གཞུང་གིས་ཧོང་ཀོང་དང་ཨོ་མིན་༼མ་ཁའོ༽གཉིས་ལ་རང་སྐྱོང་སྤྲད་ཡོད་ལ། ཐེ་ཝན་ལའང་རང་སྐྱོང་སྤྲོད་རྒྱུར་གྲ་སྒྲིག་བྱེད་ཀྱིན་ཡོད་ནའང་། རྒྱ་གཞུང་གིས་བོད་པ་ནི་རྒྱ་རིགས་མིན་སྟབས་རང་སྐྱོང་སྤྲོད་ཀྱི་ཡོད་པ་མ་རེད ” ཅེས་གསུངས་འདུག བཀའ་ཁྲི་མཆོག་མཱ་ལིན་གྲོང་ཁྱེར་དུ་མ་ཐོན་གོང་། ཁུལ་དེར་གནས་སྡོད་བོད་རིགས་ཚོར་བོད་ནང་གི་ཛ་དྲག་གནས་སྟངས་དང་བོད་དོན་ལས་འགུལ་གང་ཐུབ་སྤེལ་དགོས་པའི་འབོད་སྐུལ་བཅས་གནང་འདུག

གསར་འགོད་པ། དཔལ་ལྡན།  

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་ཞི་བདེའི་གོམ་བགྲོད་ཀྱིས་བསམ་ཤེས་དང་བྱམས་བརྩེ་བཅས་ཀྱི་ས་བོན་འདེབས་པར་རོགས་རམ་བྱས་ཡོད་པའི་ཐུགས་སྨོན་མཛད་འདུག

ཆུ་ཚོད་ ༡ སྔོན་ལ།
བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་ཨ་ཉག་སེང་སྒྲ་ལགས། འདི་གར་མཁོ་སྤྲོད་གནང་བའི་པར།
Mobile App

ཨ་ཉག་སེང་སྒྲའི་མིག་དང་མཁལ་མ་ནད་པ་ཆགས་འདུག 

ཆུ་ཚོད་ ༥ སྔོན་ལ།
tt
Mobile App

ཤེས་ཡོན་ལྷན་ཚོགས་ཐེངས་བཅུ་གསུམ་པ་འཚོགས།

ཆུ་ཚོད་ ༢༢ སྔོན་ལ།
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་ (Geneva Forum 2026) ཀྱི་མཇུག་སྡོམ་མཛད་སྒོ་སྐབས། པར་བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས། ༢༠༢༦།༢།༡༠
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་སྟེང་༧གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་བ་ནས་མེད་པ་གསལ་འདེབས་གནང་།

༢༠༢༦/༠༢/༡༡
༧སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་མཆོག་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་སོགས་ས་གནས་བོད་མི་རྣམས་ཀྱིས་ཞི་བདེའི་གོམ་བགྲོད་པ་རྣམ་པར་ཕེབས་བསུ་ཞུས། རྭ་རྒྱ་ཐེག་ཆེན་ནང་བསྟན་རིག་གཞུང་གླིང་གི་ངོ་དེབ་ཀྱི་པར།
Mobile App

ཨ་རིའི་ནང་གི་ཞི་བདེའི་གོམ་བགྲོད་པ་རྣམས་ལ་༧གོང་ས་མཆོག་ནས་གསུང་འཕྲིན་ཞིག་བསྩལ་གནང་ཡོད་འདུག

༢༠༢༦/༠༢/༡༠
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༢།༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད།

༢༠༢༦/༠༢/༡༠

མཆན། 3

  1. སྐར་མདའ། says:
    ལོ་ 14 སྔོན།

    བཀའ་ཁྲིས་ཀྲུའུ་ཝེ་ཆོན་གྱི་སྐད་ཆ་ལ་ཅི་ཞིག་བསམ་གྱིན་ཡོད་དམ་སྙམ། རང་སྐྱོང་གི་གནས་བབ་ལ་རྒྱུས་ལོན་གསལ་པོ་ཡོད་ཤག་གིས་བོད་འདི་རྒྱ་ནག་དང་མཉམ་གནས་སམ་མི་རིགས་ས་གནས་རང་སྐྱོང་གི་དགོས་འདུན་བཏོན་ནས་བསྡད་ཡོད་པ་མིན་ནམ། བཀའ་ཁྲི་རྒྱ་ནག་གི་ཨོ་སྦ་མ་བྱ་འདོད་པའི་རྩ་བ་དེ་ཡང་ལངས་ཕྱོགས་འདི་ལ་ཐུག་ཡོད་པ་རེད།

    Reply
  2. སྐར་ཁྲི་བཙན། says:
    ལོ་ 14 སྔོན།

    བཀའ་ཁྲི་མཆོག་གིས་མཛད་འཕྲིན་ལེགས་འགྲུབ་ཡོང་བཞིན་པར་བཀྲ་ཤིས་བདེ་ལེགས་དང་ཆབས་ཅིག བདེ་སྲུང་སྐུ་ངོ་མཆོག་གིས་ཀྱང་བཀའ་ཁྲི་མཆོག་གི་སྐུ་སྲུང་ཐད་ལ་ཐུགས་ཁུར་མང་ཞིག་གནང་བར་མཁྱེན། རྒྱ་གུང་ཁྲན་ལ་གཡོ་སྒྱུ་ཆེ་བ་མིག་མཐོང་ལག་ཟིན་ཡིན་པས། བཀའ་ཁྲི་མཆོག་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དཔོན་རིགས་ཚོས་མཐོང་ངམ་གདེང་འཇོག་ག་ཚོད་ཆེ་རུ་ཕྱིན་ན། དེ་ཚོད་ཀྱིས་བཀའ་ཁྲི་མཆོག་གི་སྐུ་སྲོག་ལ་བར་ཆད་ཆེ་བར་འདོད་པས། ཆུ་མ་ཡོང་སྔོན་གྱི་རགས་བཞིན། མ་མཐའ་ཡང་ཁོང་ལ་སྐུ་སྲུང་གཉིས་དང་གསུམ་ལས་མི་ཉུང་ཞིག་ངེས་པར་དགོས་ངེས་རེད་འདོད་ཀྱིན་ལགས།
    སློབ་སྦྱོང་གི་ཚད་མཐོན་པོ་དང་ལྷག་བསམ་ཡོད་མཁན་དེ་མིན་ལྟེ་གནས་འདྲ་མིན་ནས་དམག་སྦྱོང་ཐོབ་མཁན་ཞིག་སྐུ་སྲུང་མཁན་གང་ཞིག་གི་རྩ་བའི་ཆ་རྐྱེན་ཡིན་སྲིད་མོད། གུས་པས་གཞིག་ན་སྐུ་སྲུང་ཡུལ་གང་གི་ཆེད་དུ་རང་སྲོག་བློས་གཏོང་ཐུབ་པའི་སྙིང་སྟོབས་དང་དེ་ལ་དཔག་པའི་སྦྱོང་བརྡར་ཐོབ་མཁན་ཞིག་ངེས་པར་དུ་དགོས་ངེས་པར་འདོད།

    Reply
  3. ཤིང་ལོ། says:
    ལོ་ 14 སྔོན།

    “ ང་རང་བོད་མིའི་ཆབ་སྲིད་ཀྱི་མགོ་ཁྲིད་ཅིག་ཡིན་པའི་ཆ་ནས་གང་ཐུབ་ཅི་ཐུབ་ཀྱིས་བོད་ནང་ཞི་བདེ་རང་དབང་དང་། ༸གོང་ས་མཆོག་བོད་ལ་མྱུར་དུ་གདན་འདྲེན་ཞུ་རྒྱུར་འབད་བརྩོན་བྱེད་བཞིན་ཡོད ”བཀའ་ཁྲི་ལགས་ལ་གུས་བཀུར་དང་། བོད་མི་འདས་ཟིན་པ་ཡོངས་ཀྱི་རྣམ་ཤེས་མང་བོ་དང་། ད་ཡོད་གཞིས་ལུས་སྤུན་ཟླ་ཡོངས་ཀྱིས་རྨི་ལམ་ནང་དུའང་གཙོ་བོ་ཁྱེད་རང་རྨི་བཞིན་ཡོད། སོང་ཙང་། སྐུ་ཉིད་ཀྱི་བདེ་འཇགས་ལའང་གང་ས་གང་དུ་ཕེབས་ཀྱང་གཟབ་རོགས་གནོངས། ཐུགས་རྗེ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese