མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཁྲིས་གཟེངས་རྟགས་བཞེས།

བོད་ཀྱི་དུས་བབ།
༢༠༡༢/༠༣/༠༣
Share on FacebookShare on TwitterShare on EmailShare on Whatsapp

བཀའ་བློན་ཁྲི་བློ་པ་བཟང་སེང་གེ་མཆོག་གིས་ཨེར་ལཎ་ཌི་ཁྲིར་ནེ་ཁྲེ་མཐོ་སློབ་ཀྱིས་ཕུལ་བའི་གཏམ་བཤད་ཕུལ་བྱུང་གི་གསེར་གྱི་གཟེངས་རྟགས་འབུལ་བཞེས་གནང་འདུག 

ཉེ་ཆར་ཨར་ལེན་ཌི་རྒྱལ་ས་ཌེབ་ལིན་ (Dublin) དུ་ཡོད་པའི་ཁྲིར་ནེ་ཁྲེ་མཐོ་སློབ་ (Trinity College Historical Society of Trinity College ) ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་ལ་གཟེངས་རྟགས་འབུལ་རྒྱུའི་གསལ་བསྒྲགས་གནང་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་  ༡ ཉིན་བཀའ་ཁྲི་མཆོག་གིས་གཞུང་འབྲེལ་ཕྱོགས་བསྐྱོད་དང་སྟབས་བསྟུན་ཏེ། མཐོ་སློབ་དེས་ཕུལ་བའི་མང་ཚོགས་ལ་གཏམ་བཤད་ཀྱི་ཕུལ་བྱུང་གསེར་གྱི་གཟེངས་རྟགས་ཞེས་པ་འབུལ་བཞེས་གནང་འདུག

གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་ཐོག་བསྟི་གནས་ཁང་གི་འགན་འཛིན་ཇོན་ཨན་ལན་ལགས་ཀྱིས། ཐེངས་འདིའི་གཟེངས་རྟགས་དེ་བཀའ་ཁྲི་མཆོག་ལ་ཕུལ་དོན། ཁོང་གིས་བོད་ཀྱི་བདེན་པའི་འཐབ་རྩོད་ཀྱི་མགྲིན་ཚབ་དང་སྣེ་ཁྲིད་པའི་ཕྱག་ལས་གནང་བཞིན་པ་ལ་བརྟེན་ནས་གཟེངས་རྟགས་ཕུལ་ཡོད་པའི་གཏམ་བཤད་གནང་ཡོད་པ་དང་། བཀའ་ཁྲི་མཆོག་གིས་ཀྱང་། ཁོང་གིས་མཐོ་སློབ་དེས་ཆེ་བསྟོད་གསེར་གྱི་གཟེངས་རྟགས་དེ་བོད་མིའི་སྐུ་ཚབ་ཀྱི་ངོ་བོའི་ཐོག་ནས་ངོས་ལེན་བྱེད་ཀྱི་ཡོད་པའི་གཏམ་བཤད་གནང་བ་མ་ཟད། མཐོ་སློབ་དེེའི་གནད་ཡོད་མི་སྣ་ཁག་གི་དྲི་བར་ལན་འདེབས་ཀྱང་གནང་ཡོད་འདུག  ཨེར་ལེཎ་ཌི་ཁྲིར་ནེ་ཁྲེ་མཐོ་སློབ་ཀྱི་ལོ་རྒྱུས་ཚོགས་པ་ (C H S ) དེ་ནི། འཛམ་གླིང་ནང་བགྲོ་གླེང་གོ་སྒྲིག་ཞུ་མཁན་གྱི་ཚོགས་པ་རྙིང་ཤོས་ཤིག་དང་ད་ལྟའི་ཆར་མཐོ་སློབ་དེའི་གཏམ་གླེང་དང་བགྲོ་གླེང་གནང་ཡུལ་གྱི་བསྟི་གནས་གཙོ་བོ་དེ་ཆགས་ཡོད་པ་དང་། འདས་པའི་དུས་སུ་མཐོ་སློབ་ཁང་དེས་སྔ་ཕྱི་གཏམ་བཤད་ཕུལ་བྱུང་གི་གཟེངས་རྟགས་དེ། དབྱིན་ཡུལ་གྱི་སྲིད་བློན་ཟུར་པ་ཇོན་མེ་ཇོར་ (John Major) མཆོག་དང་ནོ་སྦེལ་ཞི་བདེ་གཟེངས་རྟགས་བཞེས་མྱོང་མཁན་འབར་མའི་དམངས་གཙོ་ཚོགས་པའི་མགོ་གཙོ་ལྕམ་ཨང་སིན་སུ་ཀེ་ (Aung Sna Su kyi)   ནོ་སྦེལ་ཞི་བདེ་གཟེངས་རྟགས་བཞེས་མྱོང་མཁན་ལྷོ་ཨ་ཧྥི་རི་ཁའི་ཡེ་ཤུ་ཆོས་དཔོན་ཌེ་སི་མོན་ཊའུ་ཊའུ་ (ArchbishopDesmond Tutu)  ཨེར་ལཎ་ཌིའི་ཆབ་སྲིད་དབུ་ཁྲིད་ཟུར་པ་ ཨལ་བྷེལ་ཁྲི་རེ་ནོལ་ཌེ་སི (Albert Reynolds) བཅས་ལ་ཕུལ་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Photo Credit: tibet.net
Mobile App

སྐབས་བཅུ་བདུན་པའི་བཀའ་ཤག་གི་བཀའ་བློན་གསར་པ་དྲུག་གིས་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༡ སྔོན་ལ།
TTT
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོ་ཉིན་གཉིས་རིང་འཚོག་མགོ་བཙུགས།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

བོད་ཡིག་གི་ཚེག་དང་ཚེག་ཚབ་བཅད་སྟོང་གི་ནུས་པ་གླེང་བ།

༢༠༢༦/༠༦/༠༡
སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་ལས་འཁུར་དམ་འབུལ་ཞུ་བཞིན་པ། ༢༠༢༦།༦།༡ དུས་བབ་གསར་ཁང་གི་པར།
Mobile App

སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༡
Front Slider

སྐབས་བཅོ་བརྒྱད་པའི་ཚོགས་གཙོ་སྦྲེལ་པོའི་དམ་འབུལ།

༢༠༢༦/༠༦/༠༡
Mobile App

སྒྲོལ་མ་ཚེ་རིང་ལགས་བོད་མི་མང་སྤྱི་འཐུས་ཀྱི་བུད་མེད་ཚོགས་གཙོ་དང་པོར་འོས་འདེམས་བྱུང་།

༢༠༢༦/༠༥/༣༡

མཆན། 9

  1. བཛྲ་སུ་མ་ཏི། says:
    ལོ་ 14 སྔོན།

    བཀྲ་ཤིས་བདེ་ལེགས་ཞུ། འོན་ཀྱང་གཟེངས་རྟགས་དེ་ག་རེ་ཡིན་ཞེས་ཕུལ་བ་རེད་དམ། རྒྱུ་མཚན་གང་ལ་བསྟེན་ནས་ཕུལ་བ་རེད།

    Reply
  2. སངྒེ ། says:
    ལོ་ 14 སྔོན།

    ངོ་མ་བོད་ཆས་གྱོན་ཏེ་འདི་ལྟར་རྒྱལ་སྤྱིའི་ལྡང་ཆའི་སྒང་ལ་ཕེབས་སྐབས་སེམས་རྩ་དྲོ་ནི་ཞིག་རེད་པས་བཀའ་ཁྲི་མཆོག་ལ་ཐུགས་རྗེ་ཆེ་ཞུ། གཞན་བོད་ནང་གི་ཞི་རྒོལ་ཁག་ལ་དཔག་སྟེ་འཆར་གཞི་དང་ནུས་པ་ལྡན་པའི་ལས་སུ་བྱ་བ་གང་ཡོད་གང་མགྱོགས་གནང་རོགས་ཞེས་ཀྱང་འབོད་སྐུལ་ཞུ་རྒྱུ།

    Reply
  3. མགོ་ལོག་ཟླ་བྷེ། says:
    ལོ་ 14 སྔོན།

    མི་ལ་ཡོད་ན་སྨོན་རྒྱུ་དང་།རང་ལ་ཡོད་ན་ངོམ་རྒྱུ ། བཀའ་ཁྲི་མཆོག་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ ། རང་གི་དབུ་ཁྲིད་རང་གིས་བཀུར ། རང་མི་རྡོག་རྩ་གཅིག་སྒྲིལ་བྱེད ། དེ་ནི་བླ་མའི་དགོངས་གཞི་དང་། ཞིང་གཤེགས་དཔའ་བོ་དཔའ་མོ་ཚོའི །མཐའ་མའི་ཞལ་ཆེམས་ཡང་ཡིན་ནོ ། །

    Reply
  4. རྒྱ་རྙི། says:
    ལོ་ 14 སྔོན།

    བཀའ་བློན་ཁྲི་པར་གཟེངས་རྟགས་ཕུལ་བ་དང་བཞེས་པ་འགྲིག་འདུག བརྡ་ལན་དང་རྣམ་འགྱུར་གྱི་ངོས་ནས་བལྟས་ན་འགྲེལ་བཤད་ཆེན་པོ་ཞིག་རེད།
    ཡིན་ནའང་དེ་ནི་ཕྱིས་རྗེས་ཀྱི་གཟེངས་བསྟོད་དང་གཟེངས་རྟགས་གང་ཡང་མ་རེད། སྐུལ་འདེད་དང་དྲན་གསོའི་གཟེངས་རྟགས་ཤིག་རེད། འདི་ནི་ཡ་མཚན་གང་ཡང་མ་རེད།
    ཕྱོགས་གཞན་ཞིག་ནས་བལྟས་ན་བཀའ་བློན་ཁྲི་པ་དང་སྲིད་འཛིན་ཨོ་བྷ་མ་གཉིས་ལ་འདྲ་ས་མང་པོ་ཞིག་འདུག ཨོ་བྷ་མས་ཀྱང་མང་པོ་ཞིག་བཤད་པ་དེ་ལག་ལེན་དུ་འཁེལ་མ་ཐུབ་པ་དང་། དཔལ་འབྱོར་ཉམས་ཆག་གི་གནས་བབ་འོག་བསྐྱར་ཏུ་སྲིད་འཛིན་ལ་སླེབས་མིན་ཐད་ཀྱང་སེམས་ཁྲལ་ཆེན་པོ་བྱེད་དགོས་པའི་གནས་བབ་ཅིག་ཆགས་ཡོད།
    བཀའ་བློན་ཁྲི་པས་ཀྱང་མང་པོ་ཞིག་ཁས་ལེན་བྱས་པ་ལས་ད་སྔར་ལག་ལེན་གང་ཡང་ཐུབ་མེད། ཐ་ན་གསར་འབྱོར་ཚོའི་སྐྱབས་བཅོལ་ལག་འཁྱེར་གྱི་དཀའ་ངལ་སེལ་ཐབས་ཀྱི་ནུས་པ་ཙམ་ཡང་ཐོན་མེད།
    དཔེ་སྟོན་སློབ་གྲྭ་ཉམས་ཆགས་ཀྱི་མགོ་ཚུགས་ཡོད་པ་མ་ཟད་བོད་མིའི་སྒྲིགའཛུགས་ཀྱི་ཤེས་ཡོན་སྲིད་བྱུས་དེ་ངོས་འཛིན་ཁ་གསལ་མེད་པ་ཆགས་ཀྱིན་ཡོད། དེ་བཞིན་བོད་རྒྱའི་བར་གྱི་དབུ་མའི་ལམ་གྱི་སྲིད་བྱུས་ལའང་དམིགས་འབེན་ངེས་ཅན་ཞིག་མེད།
    བཀའ་ཁྲི་ཟླ་སར་སླེབས་ནས་ཉམས་མྱོང་བསགས་པ་དང་། ལས་གཞི་དངོས་ཀྱི་འགོ་བཙུགས་པ་སོགས་བརྩིས་ན་ལོ་གཅིག་ཙམ་འགྲོ་བཞིན་ཡོད།
    འཁྱར་འཁྱོར་དང་ཟ་ཟིའི་ངང་ནས་དུས་ཚོད་རྫོགས་འགྲོ་བར་ཉེན་ཁ་ཆེ་བའི་ཕྱིའི་འགྲོ་བསྐྱོད་དང་ནང་གི་འཛིན་སྐྱོང་གཉིས་ཀ་གལ་ཆེ་ཡིན་པས་གནས་བབ་འདི་དཔལ་ལྡན་བཀའ་ཁྲི་མཆོག་གིས་དྲན་ཤེས་གནང་ཐུབ་པའི་རེ་བ་ཡོད།

    Reply
  5. ཨ་མིའི་བུ། says:
    ལོ་ 14 སྔོན།

    བོད་ཀྱི་བཀའ་བློན་ཁྲི་བ་བློ་བཟང་སེང་གེ་མཆོག་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབ་གཅིག་སྐུ་ཉིད་ཀྱི་ཐུགས་བཞེད་མཐའ་དག་ཡོངས་སུ་འགྲུབ་པས་སྨོན་འདུན་ཞུ། ཁྱེད་ལ་གཟེངས་རྟགས་ཐོབ་པ་ནི་ང་ཚོ་བོད་མི་ཡོངས་ཀྱི་གཟི་བརྗིད་དུ་བརྩི་འོས་སོ།

    Reply
  6. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 14 སྔོན།

    རེད། དགའ་འོས་པའི་གཏམ་བཟང་ཞིག་རེད། རྟེན་འབྲེལ་ཞུ། ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་སྔོན་འགྲོ་ཡང་རེད།

    Reply
  7. འཇམ་ཚུལ། says:
    ལོ་ 14 སྔོན།

    དགའ་གུས་ཡི་རང་ངང་ནས་རྟེན་འབྲེལ་དང་བཀྲ་ཤིས་བདེ་ལེགས་ཞུ། འདི་ལྟ་བུ་ནི་ང་ཚོ་གྲངས་ཉུང་མི་རིགས་ཤིག་ལ་མཚོན་ན་རང་མི་རིགས་ཀྱི་རྒྱན་ཆ་དང་གཟི་བརྗིད་རེད།

    Reply
  8. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    རྟེན་འབྲེལ་བཟང་བྱུང་། གནང་མཁན་ལ་བཀའ་དྲིན་ཆེ་ཞེས་ཞུའོ། བོད་དོན་རྒྱལ་ལོ། བཀའ་ཁྲི་བོད་མིའི་སྲིད་སྐྱོང་ཡང་རྒྱལ་འགྱུར་ཅིག དགེའོ།

    Reply
  9. ཤག་སྒང་པ། says:
    ལོ་ 14 སྔོན།

    བཀྲིས་བདེ་ལེགས། བཀྲིས་བདེ་ལེགས། བཀྲིས་བདེ་ལེགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese