མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཁྲུག་རྩོད་ཀྱི་དུས་ཚོད་ཅིག་ཤར་ངེས་རེད།

བོད་ཀྱི་དུས་བབ།
༢༠༡༢/༠༣/༠༦
Share on FacebookShare on TwitterShare on EmailShare on Whatsapp
ཉེ་ལམ་བོད་ནང་གི་བོད་མི་གཉིས་ཀྱིས་རང་ལུས་མེར་བསྲེགས་བཏང་བའི་སྐབས་དང་བསྟུན་ཏེ། སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་གཞུང་ལ་བོད་མིར་དྲག་གནོན་མཚམས་འཇོག་དགོས་པའི་ནན་སྐུལ་ཞུས་འདུག  

ཟླ་འདིའི་ཕྱི་ཚེས་ ༣ ཉིན་ནས་ཚེས་ ༥ ཉིན་བར། མདོ་སྨད་རྔ་པ་རྫོང་དང་རྨ་ཆུ་རྫོང་གཉིས་སུ་བོད་རིགས་ན་གཞོན་བུད་མེད་གཉིས་ཀྱིས། རྒྱ་གཞུང་གི་དྲག་གནོན་སྲིད་བྱུས་ལ་ངོ་རྒོལ་དང་༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་ཆེད། རང་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་སུ་ཕྱིན་ཡོད་པ་དང་། གནས་སྟངས་དེའི་ཐོག་ཁ་སང་ཕྱི་ཚེས་ ༥ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་གཞུང་ལ་བསྐྱར་དུ་ཛ་དྲག་གི་འབོད་སྐུལ་ཞུས་འདུག

འབོད་སྐུལ་ཞུ་ཡིག་དེའི་ནང་འཁོད་དོན། “ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་ནང་བྱུང་བའི་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་རྣམས། རྒྱ་ནག་གཞུང་དང་རྒྱལ་སྤྱིའི་སྲིད་གཞུང་ཁག་དང་། གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ལ་ཐེངས་མང་ཞུས་ཡོད་ཀྱང་། རྒྱ་གཞུང་གིས་བོད་ནང་གི་བོད་མི་ཚོའི་དགོས་འདུན་ཁག་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་རེ་འདུན་ལ་བསམ་ཞིབ་བྱ་རྒྱུ་ལྟ་ཞོག  དེ་ལས་ལྡོག་སྟེ་ཁུངས་མེད་ལུང་མེད་ཀྱི་འཁྱོག་བཤད་དང་ངན་ཁག་སྣ་ཚོཊ་གཡོགས་ཏེ། བོད་ནང་མུ་མཐུད་དྲག་ཆས་དམག་མི་དང་གོ་མཚོན་འབོར་ཆེན་འགྲེམས་འཇོག་བྱེད་བཞིན་ཡོད། ལྷག་པར་དུ། རྒྱ་ནག་དཔོན་རིགས་ཚོའི་རྗོད་བཞིན་པའི་འཆམ་མཐུན་སྤྱི་ཚོགས་ཟེར་བ་དང་། མི་རིགས་འདྲ་མཉམ་ཟེར་བ་དག་ནི། འཛམ་གླིང་མི་དམངས་རྣམས་ལ་མགོ་སྐོར་གཏོང་ཆེད་ཁོ་ན་རེད། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་མཁྲེགས་བཟུང་སྲིད་བྱུས་ལ་བསྒྱུར་བཅོས་མ་བཏང་བ་ཡིན་ན། ད་དུང་ཡང་བོད་ནང་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་སྣ་ཚོགས་ཤིག་འབྱུང་སྲིད་སྟབས། གནད་དོན་དེའི་འགན་ཡོངས་རྫོགས་རྒྱ་གཞུང་རང་ཉིད་ཀྱིས་འཁུར་དགོས་ཞེས་ཐེངས་མང་ཞུས་པ་ལྟར། ད་དུང་ཡང་ནན་ཏན་གྱིས་འབོད་སྐུལ་ཞུ་རྒྱུ་ཡིན་ ” ཞེས་འཁོད་འདུག  

ཡང་གསལ་བསྒྲགས་དེར་མུ་མཐུད་དུ་འཁོད་དོན། “ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་། མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་བྱེད་མཁན་རྒྱལ་ཁབ་དང་། ཚོགས་སྡེ་ཁག་དང་མང་ཚོགས་བཅས་ཀྱིས། བོད་ནང་སྐྱ་སེར་ཕོ་མོ་དབྱེར་མེད་ཐོག་རང་གི་གཅེས་པའི་བུ་ཕྲུག་དང་། ཕ་མ་དང་གཉེན་ཉེ། རྒྱུ་ནོར་ཡོངས་རྫོགས་རྒྱབ་ཏུ་བསྐྱུར་ཞིང་རང་ལུས་མེར་བསྲེགས་བྱས་ཏེ། ༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས། བོད་མིར་འགྲོ་བ་མིའི་ཐོབ་ཐང་དགོས་ཞེས་པའི་རེ་འདུན་དེ། འགྲོ་བ་མི་ཞིག་གིས་རང་ཉིད་ཀྱི་ཐོབ་ཐང་རྩོད་པའི་ལས་དོན་ཡིན་སྟབས། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་བྱེད་མཁན་གྱི་ཁྲིམས་ལུགས་དང་ཚོགས་སྡེ། རྒྱལ་ཁབ་ཅིག་ཡོད་ན། བོད་ནང་གི་བོད་མི་ཚོའི་རེ་འདུན་དང་ཐོབ་ཐང་བརྩི་སྲུང་བྱ་རྒྱུར་རོགས་རམ་གནང་རོགས་ ” ཞེས་ནན་སྐུལ་ཞུ་རྒྱུ་ཡིན།

མཐའ་མར་གསལ་བསྒྲགས་དེར། “ རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ཀྱི་དྲིལ་བསྒྲགས་ནི་འཁྱོག་བཤད་དང་གཞི་འཛིན་ས་མེད་པ་ཞིག་ཡིན་ལ། རྒྱ་གཞུང་གི་དྲིལ་བསྒྲགས་དངོས་ཡོད་ཡིན་ན་བོད་ནང་ནུབ་ཕྱོགས་གསར་འགོད་པ་དང་། རྒྱལ་སྤྱིའི་ཞིབ་འཇུག་ཚོགས་པ་སོགས་འགྲོ་རྒྱུར་བཀག་འགོག་བྱ་དགོས་དོན་གང་ཡང་མེད། དངོས་ཡོད་གནས་ཚུལ་ཤེས་རྟོགས་ཡོང་ཆེད། གསར་འགོད་པ་དང་ཞིབ་འཇུག་ཚོགས་པ་སོགས་གང་མགྱོགས་གཏོང་ཐབས་བྱ་དགོས། དེ་མིན། འདི་ལྟར་ཞག་འགྱངས་ཉིན་འགྱངས་བྱས་ཏེ་ངན་པ་རྒྱ་ཡན་དུ་བཏང་ན། ཉིན་ཞིག་འཛམ་གླིང་ཡོངས་ལ་འཁྲུག་རྩོད་དང་དྲང་བདེན་མེད་པ། དབང་ཆེན་གྱིས་ནུས་མེད་འབུར་འཇོམས་བྱེད་པའི་དུས་ཚོད་ཅིག་ཤར་མི་སྲིད་པ་མ་རེད།  ” ཅེས་འཁོད་འདུག
༢༠༠༩ ལོ་ནས་ད་བར་བོད་ནང་བོད་མི་སེར་སྐྱ་ཕོ་མོ་ ༢༦ ཙམ་གྱིས་རང་ལུས་མེར་བསྲེགས་བཏང་ཡོད་པའི་ཁྲོད་མི་ ༡༦ འདས་གྲོངས་སུ་ཕྱིན་ཡོད་ལ། བཙན་བྱོལ་དུའང་ད་བར་ཁྱོན་བོད་མི་ ༤ ཙམ་གྱིས་རང་ལུས་མེར་བསྲེགས་བཏང་ཡོད།   

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

སྐར་མ ༣༤ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

མཆན། 4

  1. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    བདེན་པ་ཉིད་རྒྱལ་འགྱུར་ཅིག
    བདེན་པ་ཉིད་རྒྱལ་འགྱུར་ཅིག
    བདེན་པ་ཉིད་རྒྱལ་འགྱུར་ཅིག
    བདེན་པ་ཉིད་རྒྱལ་འགྱུར་ཅིག

    Reply
  2. ཤིང་ལོ། says:
    ལོ་ 14 སྔོན།

    ཆུ་དྭངས་མོ་འོ་མ་དཀར་པོ་ཡིན།།
    ཇ་བཟོས་ན་འགྱུར་འགྲོ་རྒྱ་སྨུག་ཡིན།།
    སྐྱེས་ཕོ་མོའི་སྐྱེ་ཁུངས་སོ་སོ་ཡིན།།
    གཉེན་བསྒྲིགས་ན་ཁྱིམ་ཚང་གཅིག་གི་ཡིན།།

    Reply
  3. བཀྲ་ཤིས། says:
    ལོ་ 14 སྔོན།

    བཀའ་སྤྱི་གཉིས་ཀྱི་ལས་འགུལ་འདི་སླབས་ཆེན་ཞིག་དང་ད་ལྟ་དུས་ཚོད་འདིར་ལས་འགུལ་དེ་འདྲ་ཞིག་ཡོད་དགོས་ངེས་ཀྱི་རེད

    Reply
  4. མགོ་ལོག་ཟླ་བྷེ། says:
    ལོ་ 14 སྔོན།

    རང་གཞུང་བཀའ་སྤྱི་གཉིས་ཀ་རྒྱལ་གྱུར་ཅིག །
    བཀའ་སྤྱིའི་སྟག་སེང་གཉིས་ཀ་རྒྱལ་གྱུར་ཅིག །
    རང་རིགས་གཞི་བྱེས་གཉིས་ཀ་རྒྱལ་གྱུར་ཅིག །
    གཞི་བྱེས་ཆོས་སྲིད་གཉིས་ཀ་རྒྱལ་གྱུར་ཅིག །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese