མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལེགས་བྱང་སྤེལ་རེས་ཀྱིས་འཛམ་གླིང་ལ་ཞབས་འདེཊ་ཞུ་དགོས།

བོད་ཀྱི་དུས་བབ།
༢༠༡༢/༠༣/༠༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོ་ས་རཱ་མཐོ་སློབ་ནང་། དྷ་ས་རིག་སློབ་དང་ཨེ་མོ་རི་མཐོ་སློབ་དབར་ཤེས་ཡོན་འབྲེལ་བ་བྱུང་ནས་ལོ་ངོ་ ༡༢ འཁོར་བའི་དུས་དྲན་མཛད་སྒོ་ཞིག་ཚོགས་ཏེ། མ་འོངས་པར་ཤར་ནུབ་རིག་གནས་ཀྱི་ལེགས་བྱང་སྤེལ་རེས་ཀྱིས་འཛམ་གླིང་ལ་ཞབས་འདེགས་ཞུ་ཐབས་སྐོར་གྱི་གཏམ་བཤད་གནང་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ སྟེང་། ས་རཱ་བོད་ཀྱི་མཐོ་རིམ་རིག་གནས་སློབ་གཉེར་ཁང་གི་ཚོགས་ཁང་དུ། དྷ་ས་རིགས་སློབ་དང་ཨེ་མོ་རི་མཐོ་སློབ་དབར་ཤེས་ཡོན་གྱི་འབྲེལ་བ་བྱུང་ནས་ལོ་ངོ་ ༡༢ འཁོར་བའི་དུས་དྲན་མཛད་སྒོ་ཞིག་ཚོགས་སོང་། མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་ཨེ་མོ་རི་མཐོ་སློབ་ཀྱི་དབུ་འཛིན་ཇེམ་སི་ཝ་ནིར་(James Wagner)ལགས་རྣམ་གཉིས་གཙོས། བཙན་བྱོལ་བོད་མིའི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་གནད་ཡོད་མི་སྣ། ཨེ་མོ་རི་མཐོ་སློབ་ཀྱི་འབྲེལ་ཡོད་དགེ་སློབ་ཉི་ཤུ་ལྷག་དང་།  ས་རཱ་མཐོ་སློབ་ཀྱི་དགེ་སློབ་ལས་བྱེད་བཅས་སེར་སྐྱ་ ༤༠༠ ལྷག་མཉམ་ཞུགས་གནང་འདུག 

མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོ་རྣམ་གཉིས་ཀྱིས་སྣང་གསལ་མར་མེ་ཞལ་འབྱེད་དང་། མཚན་ཉིད་གྲྭ་ཚང་གི་དགེ་འདུན་པ་རྣམས་ཀྱིས་རྟེན་འབྲེལ་ཆེད་སྐྱབས་འགྲོའི་ཁྲུས་གསོལ་དང་སྨོན་ལམ་གསུངས་རྗེས། རིགས་སློབ་དབུ་འཛིན་དགེ་བཤེས་སྐལ་བཟང་དགྲ་འདུལ་ལགས་ཀྱིས་ཨེ་མོ་རི་མཐོ་སློབ་འགན་འཛིན་གཙོས་མཛད་སྒོར་ཕེབས་མཁན་ཡོངས་ལ་འཚམས་འདྲི་དང་སྦྲགས། ས་རཱ་མཐོ་སློབ་དང་ཨེ་མོ་རི་མཐོ་སློབ་བར་གྱི་རིག་གནས་བརྗེ་ལེན་གྱི་ལས་འཆར་འདི་བརྒྱུད་དེ། ཨེ་མོ་རི་མཐོ་སློབ་ཀྱི་སློབ་མ་ཚོར་བོད་ཀྱི་རིག་གནས་ལ་ཞིབ་འཇུག་དང་། བོད་ཀྱི་སྐད་ཡིག་སློབ་སྦྱོང་གི་མཐུན་རྐྱེན་སྐྲུན་བཞིན་པ་ལྟར། ཨེ་མོ་རི་མཐོ་སློབ་ངོས་ནས་ཀྱང་ལས་འཆར་འདི་བོད་ཀྱི་རིག་གནས་སློབ་སྦྱོང་གི་གོ་སྐབས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ༢༠༠༧ ལོར་༸གོང་ས་མཆོག་དང་ཨེ་མོ་རིའི་མཐོ་སློབ་མགོ་འཁྲིད་རྣམ་པར་མཇལ་འཕྲད་གནང་པ་ནས་བཟུང་། ལས་འཆར་འདི་སྔར་ལས་གྲ་ཇེ་རྒྱས་སུ་སོང་སྟེ་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་ནུབ་ཕྱོགས་དེང་རབས་ཚན་རིགས་བར་ཉམས་མྱོང་བརྗེ་ལེན་གྱི་སྐལ་བཟང་བྱུང་ཡོད་ཚུལ་བརྗོད་བྱུང་།  

ཨེ་མོ་རི་མཐོ་སློབ་ཀྱི་མཁས་དབང་བྷོ་བྷེ་ཕོལ་(Dr.Bobby Paul)ལགས་ཀྱིས་ཤར་ནུབ་རིག་གནས་མཉམ་འབྲེལ་ཐོག་འཛམ་གླིང་ལ་ཞབས་འདེགས་སྒྲུབ་དགོས་པའི་སྐོར་བརྗོད་དོན། “༧གོང་ས་མཆོག་གི་དབུ་ཁྲིད་འོག་ཡོད་པའི་སློབ་གླིང་འདིའི་ལས་གཞིའི་ཆ་ཤས་ཤིག་ཏུ་གྱུར་པར་དགའ་སྤོབས་ཡོད་ལ། ཨེ་མོ་རི་མཐོ་སློབ་ཀྱིས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཐད་ཆོད་སེམས་བརྟན་པོ་བཟུང་ཡོད། དེའི་རྒྱུ་མཚན་ནི། གཅིག་ནས་རྒྱ་གར་ནང་སྐྱབས་བཅོལ་དུ་སླེབས་པའི་བོད་རིགས་ཚོའི་ཉིན་རེའི་འཚོ་བ་དང་། མི་ཚེ་སྐྱེལ་སྟངས་ནི་བོད་ཀྱི་རིག་གཞུང་དང་ཐད་ཀར་འབྲེལ་བསྡད་ཡོད་ལ།  གཉིས་ནས། བོད་མི་ཚོ་ནི་འདས་པའི་ལོ་ངོ་མང་པོའི་རིང་ནས་དར་ཡོང་པའི་རིག་གནས་དཔལ་ཡོན་ལ་བདག་པོ་རྒྱག་མཁན་ཞིག་ཡིན་པ་དང་། ལྷག་པར་དུ་བོད་ཀྱི་རིག་གཞུང་སྤྱི་དང་བོད་རྒྱུད་ནང་བསྟན་ཆོས་ལུགས་ནི་བོད་ཙམ་མ་ཡིན་པར། དེང་སྐབས་འཛམ་གླིང་ཁྱོན་ཡོངས་ཀྱི་སྤྱི་ནོར་ཞིག་ཆགས་ཡོད་སྟབས། ནུབ་ཕྱོགས་སུ་དར་པའི་ཚན་རིག་ནི་ནུབ་ཕྱོགས་པ་གཅིག་པུར་དབང་པ་ཞིག་དང་། ཤར་ཕྱོགས་པའི་རིག་གཞུང་དང་བོད་རྒྱུད་ནང་བསྟན་ཆོས་ལུགས་ནི་བོད་གཅིག་པུར་འགན་འཁྲི་ཡོད་པ་ཞིག་མ་ཡིན་པར། འགྲོ་བ་མིའི་རིགས་ཀྱི་ད་ལྟ་དང་མ་འོངས་པའི་ཆེད་དུ་མཉམ་འབྲེལ་གྱི་ཐོག་ནས་ཕན་ཚུན་ལྟ་གྲུབ་བརྗེ་ལེན་དང་། ལེགས་བྱང་སྤེལ་རེས་བྱས་ཏེ་འཛམ་གླིང་ལ་ཞབས་འདེགས་ཞུ་ཐུབ་པ་ཞིག་བྱ་དགོས།” ཞེས་བརྗོད་དེ།  འདས་པའི་ལོ་བརྒྱ་ཕྲག་མང་པོའི་རིང་ཆོས་ལུགས་དང་ཚན་རིག་གི་ལྟ་གྲུབ་འགལ་ཟླར་ལྷག་ཡོད་ཀྱང་། ད་ཆར་ཕྱོགས་ཡོངས་ནས་ཕན་ཚུན་ལ་རྒྱུས་ལོན་དང་སློབ་སྦྱོང་བྱེད་མགོ་ཚུགས་ཡོད་པ་མ་ཟད།  བཙན་བྱོན་བོད་མིའི་སྤྱི་ཚོགས་ནང་བོད་རང་གི་སྲོལ་རྒྱུན་རིག་གནས་ཡོད་པའི་སྟེང་ལ། དེང་རབས་ནུབ་ཕྱོགས་པའི་ལམ་སྲོལ་ཡང་ཕྱོགས་ཡོངས་ནས་དར་བཞིན་པ་དང་། སཱ་ར་མཐོ་སློབ་དང་ཨ་རིའི་ཨེ་མོ་རི་མཐོ་སློབ་བར་གྱི་རིག་གཞུང་བརྗེ་ལེན་གྱི་ལས་གཞི་འདིའི་དམིགས་ཡུལ་ཡང་། ད་ལྟ་དང་མ་འོངས་པའི་དུས་སྐབས་ནང་ཕྱོགས་གཉིས་ཀྱི་སློབ་ཕྲུག་ཚོས་ཕན་ཚུན་གྱི་རིག་གཞུང་དང་སྲོལ་རྒྱུན་ལ་སློབ་སྦྱོང་བྱས་ཏེ། ལྟ་གྲུབ་གཉིས་ཀྱི་བར་དགེ་སྤེལ་ཉེས་འགོག་གི་ལམ་ནས།  འཛམ་གླིང་སྤྱི་དང་འགྲོ་བ་མིའི་སྤྱི་ཚོགས་ལ་དགོས་ཕན་ལྡན་པའི་ལམ་ཕྱོགས་གསར་པ་ཞིག་ལེགས་འགྲུབ་བྱ་དགོས་རྒྱུ་དེ་ཡིན་པར་བརྗོད་སོང་།

དེ་རྗེས། ཨེ་མོ་རི་མཐོ་སློབ་ཀྱི་དབུ་འཛིན་ཇེམ་སི་ཝ་ནིར་ལགས་གཏམ་བཤད་གནང་དོན།  “ཨེ་མོ་རེ་དང་བོད་ཀྱི་ཤེས་ཡོན་སྡེ་ཚན་ཁག་བར་རིག་གཞུང་བརྗེ་ལེན་གྱི་བརྒྱུད་རིམ་ནང་། ༧གོང་ས་མཆོག་གི་ལམ་སྟོན་འོག་འདས་པའི་དུས་ཡུན་ནང་ཨེ་མོ་རི་སློབ་གླིང་གི་སློབ་ཕྲུག་ཚོར་བོད་ཀྱི་རིག་གཞུང་སློབ་གཉེར་ཐད། ས་རཱ་མཐོ་སློབ་དང་བོད་གཞུང་དཔེ་མཛོད་ཁང་། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་སོགས་ཀྱིས་རོགས་ཕན་ཆེན་པོ་བྱུང་ཡོད།  ཨེ་མོ་རི་མཐོ་སློབ་ཀྱིས་འགྲོ་བ་མིའི་རིགས་ཀྱི་འཇིག་རྟེན་ལ་ཁ་ཕྱོགས་ཏེ།  སློབ་སྦྱོང་ལ་ལམ་སྟོན་དང་མཐུན་རྐྱེན་སྦྱོར་གྱི་ཡོད་པའི་ཁུལ་རེད། འོན་ཀྱང་། བོད་ཀྱི་སྤྱི་ཚོགས་དང་ཨེ་མོ་རི་མཐོ་སློབ་བར་རིག་གཞུང་བརྗེ་ལེན་གྱི་ལས་གཞི་མགོ་ཚུགས་པ་ནས་བཟུང་།  ང་ཚོར་ངེས་ཤེས་དང་དྲན་སྐུལ་གསལ་བོ་ཞིག་ཐེབས་སུ་བཅུག་སོང་། དེ་ནི་ཨེ་མོ་རེ་མཐོ་སློབ་ནང་ཚན་རིག་དང་ཁྲིམས་ལུགས། སྨན་གྱི་སློབ་སྦྱོང་། སྤྱི་ཚོགས་རིགས་གནས། ས་ཁམས་སོགས་རིག་ཚན་འདྲ་མིན་ཐོག་གནས་རིམ་ཅི་འདྲ་ཞིག་ཐོན་པ་ཡིན་ནའང་འདྲ།  གཞི་རྩའི་དམིགས་ཡུལ་ནི་ང་ཚོས་མིའི་རིགས་ཀྱི་འཇིག་རྟེན་ལ་ཕན་འབྲས་འཐོན་པའི་ཁ་ཕྱོགས་ཤིག་ཟིན་ཐུབ་ཡོད་མེད་དེ་རེད། མིའི་རིགས་ཀྱི་འཇིག་རྟེན་ལ་ཕན་རླབས་བསྐྲུན་རྒྱུ་དེ་ནི་ཚན་རིགས་སོགས་ལག་རྩལ་དང་ཤེས་བྱ་ཙམ་ཁོ་ནས་བསྒྲུབ་ཐུབ་ཀྱི་མེད་པར།  གཙོ་བོ་བྱམས་སྙིང་རྗེ་དང་བརྩེ་བ་སོགས་མིའི་སེམས་རྒྱུད་ལ་རག་ལས་ཡོད་སྟབས། མིའི་རིགས་ཀྱི་སེམས་རྒྱུད་དམ་སེམས་ཀྱི་ཚན་རིག་སྟེ་བོད་རྒྱུད་ནང་བསྟན་ཆོས་ལུགས་དང་།  བོད་ཀྱི་རིག་གཞུང་འདིས་ང་ཚོ་ལ་དོན་དངོས་ཐོག་མིའི་རིགས་ཀྱི་འཇིག་རྟེན་ལ་ཁ་ཕྱོགས་རྒྱུར་དྲན་སྐུལ་དང་ངེས་ཤེས་ཟབ་མོ་ཞིག་སྤྲད་ཡོད།” ཅེས་བརྗོད་སོང་། 

མཇུག་མཐར། སྤྱི་འཐུས་ཚོགས་གཙོ་མཆོག་གིས་ད་ལྟའི་ཆར་བོད་ཀྱི་རིག་གནས་དེ་གཞན་དབང་འོག་ཉམ་ཉེས་འགྲོ་བཞིན་པའི་ཛ་དྲག་གནས་སྟངས་སྐོར་གསུངས་དོན། “ང་རང་རྒྱ་གར་དུ་སྐྱེས་པའི་བོད་པ་ཞིག་ཡིན་ལ། མཚམས་རེར་ངས་སོ་སོའི་ཕྱི་ལོགས་བོད་པ་དང་བསམ་བློ་རྒྱ་གར་བ་ཡིན་ཟེར་གྱིན་ཡོད། རྒྱ་གར་གྱི་རིག་གནས་དཔལ་ཡོན་དུས་རབས་ ༧ ནང་བོད་དུ་དར་བ་ནས།  ཕྱོགས་ཡོངས་ནས་བོད་མིའི་འཚོ་བ་སྐྱེལ་སྟངས་ལ་འགྱུར་བ་ཐེབས་པ་རེད། འབྱུང་ཁུངས་རྒྱ་གར་ཡིན་པའི་རིག་གནས་དཔལ་ཡོན་དེར་བོད་མིས་སྲུང་སྐྱོབ་དང་བདག་པོ་ཡག་པོ་བརྒྱབ་ཡོད། ཡིན་ནའང་། ད་ལྟའི་ཆར་བོད་ནང་དུ་བོད་པའི་སྐད་ཡིག་རིག་གཞུང་དང་། ནང་ཆོས་ཉམས་ལེན་སོགས་ཀྱི་ཐད་གཞན་དབང་འོག་ཉམས་ཉེས་ཆེན་པོ་འགྲོ་བཞིན་ཡོད།” བརྗོད་དེ། རྒྱ་ནག་གཞུང་གིས་བོད་ནང་དུ་ཡང་ཞིང་འབྲོག་ས་ཁུལ་གྲོང་ཁྱེར་དུ་སྒྱུར་ཐབས་ཀྱི་འཛུགས་སྐྲུན་སྣ་ཚོགས་བྱས་ཏེ། རྒྱ་རིགས་མང་པོ་བོད་ནང་གནས་སྤོར་གྱིས་ད་ལྟ་བོད་ནང་དུ་བོད་མི་གྲངས་ཉུང་ཅན་དུ་གྱུར་ཡོད་ལ། ལོ་ངོ་མང་པོའི་ལོ་རྒྱུས་རིག་གནས་ཡོད་པའི་དགོན་སྡེ་ཁག་གཏོར་བཤིག་གཏོང་བཞིན་ཡོད། ཡིན་ནའང་། བོད་མིའི་རིག་གཞུང་ལས་བསྐྱེད་པའི་བསམ་བློའི་ཚེ་སྲོག་ལ་དབང་སྒྱུར་དང་གཏོར་བརླག་གཏོང་མི་ཐུབ་པའི་སྐོར་སོགས་གསུངས་སོང་།

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༤ སྔོན་ལ།
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩

མཆན། 5

  1. ཟླ་བ་གཞོན་ནུ། says:
    ལོ་ 14 སྔོན།

    ལེགས་བྱང་ཟེར་བ་འདི་བཙན་བྱོལ་བོད་གཞུང་གི་མཁས་མིང་འཛིན་པ་དག་གིས་བྱ་བ་ལམ་ལ་སོང་ནས་མིང་མཛོད་ལས་སྤོས་ཡོད། (ཡིན་ནའང་ཁོང་ཚོར་ཁག་མེད)
    སྐྱབས་རྗེ་ཟམ་གདོང་རིན་པོ་ཆེས་ལེགས་སྦྱར་དང་རྒྱ་སྐད་ལ་ཁུངས་གཏུགས་ཁུལ་གྱིས་རིག་གཞུང་ལ་ལེགས་བྱང་ཞེས་བཅོས་ཀྱང་། བཀྲལ་ཉེས་ནས་ཉེས་བྱང་ཟེར་བ་ཞིག་ཀྱང་ཞོར་ལ་བསླེབས་ཡོད། འགྲེལ་གྱིན་འགྲེལ་གྱིན་ཁོང་ཡང་འཁྲུགས་ཡོད།
    ཉན་མཁན་རྣམས་ཀྱིས་དེ་བློར་མ་བབས་པས་མིང་མཛོད་ལས་སྤོས་པ་འདྲ།

    Reply
  2. དྲང་བདེན་གྱི་སློང་མོ་བ། says:
    ལོ་ 14 སྔོན།

    འདི་འདྲའི་ནུས་པ་ལྡན་པའི་ཕྱག་ལས་མང་ཙམ་སྤེལ་ཐུབ་ན་མ་འོངས་བོད་ཀྱི་སྐད་ཡིག་མི་རིགས་དང་བཅས་པ་ཤི་སྲོན་ལས་སྐྱབས་པའི་ཐར་ལམ་ཞིག་མཐོང་སོང་། ཚོགས་སྡེའི་དབུས་སྤྱི་མཐུས་རྣམས་པའི་སྤྱན་ལ་གྲུབ་འབྲས་ཀྱི་བབ་ཆགས་དམིགས་བསལ་ཞིག་ཡོད་པ་སྦྱིན་འདུག་པ་མ་ཚད་དེ་འདྲའི་ལས་གཞི་ལ་དགོས་ངེས་ཀྱི་རྒྱབ་སྐྱོར་གནང་རྒྱུ་ཐུགས་དོགས་མི་དགོས་པ་འདུག། ཚོགས་སྡེ་འདི་ལྟར་བུའི་གུ་ཡངས་ཀྱི་ཚོགས་སྡེ་ཞིག་སུ་འབྱེད་ཐུབ་ན་དེ་ནི་དུས་རབས་ཀྱི་སྦྱིན་པའི་དངོས་གྲུབ་རང་རེད་།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ལེགས་བྱང་ངམ། ལེགས་གཞུང་སྤེལ་རེས་ལ། དགའ་བསུ་ཡོད་ལགས།

    Reply
  4. དབུས་སྟོད་ཀྱི་སྐྱ་རེང་། says:
    ལོ་ 14 སྔོན།

    བཞུགས་སྒར་རིགས་ལམ་སློབ་གཉེར་ཁང་གི་མ་ལག་གཉིས་ཀྱི་ལེགས་སྤེལ་ཉེས་འགོག་མཛད་བཟང་ལ་སྙིང་དབུས་ནས་ཡིད་རང་དང་གོང་འཕེལ་ཡོང་བའི་སྨོན་འདུན་ཞུ། དེ་དང་ལྷན་དུ་གསར་འགོད་པ་ཚེ་རིང་རྒྱལ་ལགས་སུ་གཞེན་སྐུལ་དུ་རིགས་སློབ་དབུ་དགེ་ནི་དགེ་བཤེས་དམ་ཆོས་ལགས་ཡིན་པ་གོ་ཐོས་བྱུང་བས་དེ་དོན་ཡིད་འཇགས་དང་བཅས་འཚམས་འདྲི་བཀྲིས་བདེ་ལེགས་བརྒྱན་ཏེ།།

    Reply
  5. ཤིང་ལོ། says:
    ལོ་ 14 སྔོན།

    ལེགས་བྱང་རྗེ་ན་རང་ཉིད་མ་བརྗེ་ཤིག།
    རིག་གཞུང་རྗེ་ན་བསམ་བློ་མ་བརྗེ་ཤིག།
    འགྲོ་འདུག་རྗེ་ན་གོམས་གཤིས་མ་བརྗེ་ཤིག།
    མདོར་ན་ཡག་པོ་སྡུག་ལ་མ་བརྗེ་ཤིག།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese