མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཨ་རིའི་བོད་སྐད་རླུང་འཕྲིན་སྒོ་རྒྱག་འཆར།

བོད་ཀྱི་དུས་བབ།
༢༠༡༢/༠༣/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་རླུང་འཕྲིན་ཁང་གི་འགན་འཛིན་ལྷན་ཚོགས་ཀྱིས་ཨ་རིའི་རླུང་འཕྲིན་གྱི་བོད་སྐད་རླུང་འཕྲིན་སྡེ་ཚན་ཡོངས་སུ་སྒོ་རྒྱག་གཏན་འཁེལ་ཡོད་པར། འབྲེལ་ཡོད་དག་གིས་ཨ་རིའི་གཞུང་གིས་ཐག་གཅོད་དེར་རྒྱབ་སྐྱོར་མི་བྱ་རྒྱུར་འབོད་སྐུལ་ཞུ་བཞིན་ཡོད་འདུག

ཉེ་ལམ་ཨ་རིའི་རླུང་འཕྲིན་ཁང་གི་འགན་འཛིན་ལྷན་ཚོགས་(BBG)ཀྱིས་རླུང་འཕྲིན་ཁང་དེའི་འོག་ཡོད་པའི་བོད་སྐད་བརྙན་འཕྲིན་དང་རླུང་འཕྲིན་གཉིས་ལས། བདུན་ཕྲག་གཅིག་ལ་ཆུ་ཚོད་ ༤༢ ཡོད་པའི་བོད་སྐད་རླུང་འཕྲིན་ལས་རིམ་ཡོངས་སུ་སྒོ་རྒྱག་གཏན་འཁེལ་ཡོད་འདུག དེ་ནི་ཨ་རིའི་དཔལ་འབྱོར་གྱི་ཉམ་ཉེས་དང་བསྟུན་རླུང་འཕྲིན་ཁང་དེའི་ ༢༠༡༣ ལོའི་སྔོན་རྩིས་ཐད། རླུང་འཕྲིན་ཁང་དེའི་འོག་ཏུ་ཡོད་པའི་བོད་སྐད་རླུང་འཕྲིན་སྡེ་ཚན་དང་། དེ་བཞིན་སྐད་རིགས་གཞན་དག་ཁག་ཅིག་གི་རླུང་འཕྲིན་སྡེ་ཚན་བཅས་སྒོ་རྒྱག་གཏན་འཁེལ་ཡོད་པ་རེད། ཨ་རིའི་རླུང་འཕྲིན་ཁང་གི་ཐག་གཅོད་དེའི་མཐའ་མའི་ཐག་གཅོད་ནི་ཨ་རིའི་གྲོས་ཚོགས་སུ་བགྲོ་གླེང་ཐོག་གཏན་འབེབ་བྱ་དགོས་པ་ཞིག་ཆགས་ཡོད།

མི་འགྱང་པར་ཨ་རིའི་གྲོས་ཚོགས་ནང་གོང་གི་ཨ་རིའི་རླུང་འཕྲིན་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཐག་གཅོད་དེར་གྲོས་བསྡུར་བྱ་རྒྱུ་ཡིན་སྟབས། ད་ཆར་ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གྱི་སྡེ་ཚན་ཁག་དང་། རང་དབང་ཅན་གྱི་གསར་ལམ་ཁག བོད་དོན་རྒྱབ་སྐྱོར་བ་བཅས་ཀྱི་ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་། དེ་བཞིན་འབྲེལ་ཡོད་ལས་ཁུངས་དང་དཔོན་རིགས་ཁག ལྷག་པར་དུ་ཨ་རིའི་གྲོས་ཚོགས་འཐུས་མི་བཅས་ལ་ཡོངས་གྲགས་སྙན་ཞུ་ཕུལ་ཏེ། ཨ་རིའི་རླུང་འཕྲིན་ཁང་བཙུགས་པའི་དམིགས་ཡུལ་ནི། འཛམ་གླིང་ནང་དུ་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་། དམངས་གཙོ་སོགས་ཀྱི་གོ་རྟོགས་སྤེལ་རྒྱུ་དང་། སྨྲ་བརྗོད་རང་དབང་སོགས་གསར་འགྱུར་བརྒྱུད་ལམ་རྒྱ་སྐྱེད་བྱ་ཆེད་ཡིན་པ་ལྟར། ད་ཆར་རྒྱ་ནག་གི་དབང་སྒྱུར་འོག་རྒྱ་རིགས་མི་མང་དང་། ལྷག་པར་དུ་བོད་མི་ཚོར་ཨ་རིའི་རླུང་འཕྲིན་དང་བརྙན་འཕྲིན་ནི་བོད་ཕྱི་ནང་དང་། རྒྱལ་སྤྱིའི་གནས་ཚུལ་ཤེས་རྟོགས་བྱ་ཡུལ་གལ་ཆེ་ཤོས་ཤིག་ཆགས་ཡོད་པ་ལྟར། རླུང་འཕྲིན་ཁང་དེའི་བོད་སྐད་སྡེ་ཚན་མུ་མཐུད་འཇོག་ཐུབ་པར་རྒྱབ་སྐྱོར་ཡོང་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག་ལ། དེ་བཞིན་ཨ་རིའི་མི་སེར་ཆགས་ཟིན་པའི་བོད་རིགས་ཚོས་ཀྱང་གྲོས་ཚོགས་འཐུས་མི་ཚོར་གནད་དོན་དེའི་ཐད་འབོད་སྐུལ་ཞུ་དགོས་པར་སྐུལ་འདེད་བྱེད་ཀྱི་ཡོད་འདུག

ད་ལྟའི་ཆར་ཨ་རིའི་རླུང་འཕྲིན་ཁང་གི་གཙོ་གཉེར་འོག་སྐད་རིགས་ ༤༤ ཙམ་གྱི་ནང་རླུང་འཕྲིན་དང་བརྙན་འཕྲིན། དྲ་གནས་སོགས་གཉེར་བཞིན་ཡོད་པ་དང་། ཨ་རིའི་རླུང་འཕྲིན་ཁང་གི་འགྲོ་གྲོན་ཐད་གྲོས་ཚོགས་ཀྱིས་བཏོན་པའི་ ༢༠༡༠ ལོའི་སྙན་ཐོ་ལྟར་ན། ༢༠༡༠ ལོའི་ཨ་རིའི་རླུང་འཕྲིན་ཁང་གི་སྤྱི་ཡོངས་ཀྱི་འགྲོ་གྲོན་ཨ་སྒོར་ས་ཡ་ ༢༠༠ ལྷག་ཙམ་ཡིན་འདུག ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་རླུང་འཕྲིན་སྡེ་ཚན་འདི་ ༡༩༩༠ ལོར་ཐག་གཅོད་དང་ ༡༩༩༡ ལོ་ནས་ལས་གཞི་མགོ་འཛུགས་བྱས་པ་ཞིག་ཡིན།

གསར་འགོད་པ། བནྡེ་སྐྱབས།

མཆན། 23

  1. བློ་བཟང་ཕུན་ཚོགས། says:
    ལོ་ 11 སྔོན།

    དུས་རབས་འདིའི་གསར་འགྱུར་བརྒྱུན་ལམ་ཁག་ནི་མི་མང་གིས་འཛམ་གླིང་ལྟ་ས་དང་ཉན་ས་ཡིན་པས་མེད་ན་མི་འགྲིག དེས་བཞིན་དུ་གཞན་གྱི་རོགས་སྐྱོབས་འོག་ན་གནས་པའི་བོད་པའི་གསར་འགྱུར་ལས་རིགས་དག་ནི། བོད་པའི་དངོས་ཡོད་དཀའ་སྡུག་ཕྱི་ལ་བསྒྲགས་མཁན་དང་། ཕྱི་བསྡོད་བོད་པའི་གནས་ཚུལ་གཙོས་ཕྱི་རོལ་གྱི་གནས་སྟངས་ཚང་མ་ནང་ལ་མཁོ་འགྲུབ་བྱེད་མཁན་གྱི་ཕོ་ཉ་ཉག་གཅིག་ཡིན། མ་ཟད་གཞི་བྱེས་གཉིས་ཀྱི་འབྲེལ་ཐག་ཀྱང་འདི་ཚོ་ཡིན་པར་འདོད་པས། ཁྱོད་ཨ་རི་རྒ་པོ་དག་གིས་ཐུགས་རྗེ་སྤྱན་གྱིས་གཟིགས་རོགས་ཞུ་ཞུ་ཞུ་ཞུ་ཞུ་ཞུ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

    Reply
  2. རྟ་མགྲིན། says:
    ལོ་ 11 སྔོན།

    གནས་ཚུལ་འདི་དེ་ཙམ་ཁ་གསལ་ཞིག་མ་རེད། ད་ལྟའི་ཆར་ཨ་རིའི་རླུང་འཕྲིན་ཁང་གི་གཙོ་གཉེར་འོག་སྐད་རིགས་ ༤༤ ཙམ་གྱི་ནང་རླུང་འཕྲིན་དང་བརྙན་འཕྲིན། དྲ་གནས་སོགས་གཉེར་བཞིན་ཡོད་སྐོར་གསལ་བ་ལས། ཨ་རིའི་རླུང་འཕྲིན་འགན་འཛིན་ལྷན་ཚོགས་ཀྱི་ཐག་གཅོད་འོག་གོང་གསལ་ཁྲོད་ཅི་ཙམ་ཞིག་སྒོ་བརྒྱག་རྒྱུ་ཡིན་མིན་དང་། དེ་དག་དངོས་ནས་ཨ་རིའི་ནོར་སྲིད་དཀའ་གྱི་ཡིན་མིན་དེ་གསལ་བོར་འགྲེལ་བརྗོད་དགོས། ཁ་སྔོན་ཨ་རིའི་གཞུང་གིས་ང་ཚོས་ཅི་ཞིག་གིས་རོགས་སྐྱོར་དགོས་ཀྱང་བྱེད་ངེས་ཞེས་བོད་དོན་ཉམས་ཞིབ་དེ་སྐད་བཀའ་ཁྲིས་གསུངས་པ་མིན་ནམ།

    Reply
  3. རྣོ་ངར་རང་འབར། says:
    ལོ་ 11 སྔོན།

    དང་པོ་ཨ་རིའི་རླུང་འཕྲིན་ཁང་དུ་བོད་སྐད་ཚན་པ་ཅི་ལྟར་འགོ་ཚུགས་མིན་དེ་མི་མང་གིས་མཁྱེན་ཐུབ་ན་ཡག་གི་རེད། དེ་སྒེར་གཞུང་གང་གི་བརྒྱུད་ལམ་ནས་གསར་གཏོད་བྱ་ཐུབ་འདུག་དེ་གལ་ཆེན་ཞིག་རེད།
    གལ་སྲིད་སྒེར་ནས་དེ་ལྟར་གསར་གཏོད་གནང་བ་ཡིན་ནའང་། འདི་ལ་རང་གཞུང་གིས་རྒྱབ་སྐྱོར་གང་ཡོང་གནང་དགོས་ཀྱི་རེད། དེའང་གཙོ་བོ་དཔལ་འབྱོར་གྱི་ཐོག་ནས་ཡིན་ན་ཡག་པོ་འདུག དེ་དང་མཉམ་དུ་བོད་མི་མང་གིས་ད་བར་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགྱུར་དང་བགྲོ་གླེང་གནང་ཕྱོགས་ལ་ལྟོས་པ་རེད། ལྟོས་པས་བསམ་ཚུལ་ཡང་མང་པོ་བྱུང་ཡོད་པ་རེད། གལ་སྲིད་འདི་བོད་མི་མང་གཞུང་། དེ་བཞིན་གཞུང་འབྲེལ་མ་ཡིན་པ་བཅས་ཀྱིས་གཅིག་གྱུར་ཐོག་རྒྱབ་སྐྱོར་ཅིག་གནང་དགོས་ཤར་ཚེ། རྒྱབ་སྐྱོར་གནང་ཞོར་དུ་ཆ་རྐྱེན་གཅིག་ཀྱང་བཀོད་དགོས་ཀྱི་འདུག
    དེ་ནི་ལས་བྱེད་ཀྱི་སྤུས་ཀ་ཇེ་བཟང་དུ་གཏོང་བ་དང་། རྒྱལ་སྤྱི། བཙན་བྱོལ། རྒྱ་ནག་དང་བོད་ནང་བཅས་ལ་རྒྱུས་མངའ་ཟབ་མཁན་གྱི་བགྲོ་གླེང་མདོ་འཛིན་པ་འཇོག་དགོས་ཀྱི་འདུག་ལ། བགྲོ་གླེང་སྐབས་དྲི་བས་དུས་ཚོད་ཚང་མ་འཕྲོ་བརླག་དུ་གཏོང་བའི་མདོ་འཛིན་པ་རྒན་པ་ཕོ་མོ་རེ་འགའ་སློབ་སྟོན་པར་བཞག་ནས་དེའི་ཚབ་དུ་གཞོན་སྐྱེས་སྨྲ་ལྕེ་དག་མོ། གོང་གི་ཆ་རྐྱེན་དག་ཚང་བ། ཞལ་བཞིན་མཛེས་བ་སོགས་འཇོག་ཐུབ་ན་ཅི་ནས་ཀྱང་དགེ་མཚན་ཞིག་འདུག
    དེ་ནས་ད་དུང་མང་ཡང་དུས་ཚོད་མེད་པས་རྗེས་སུ་རིམ་པར་མོལ་ཆོགགགགགག

    Reply
  4. ལུང་རྟོགས། says:
    ལོ་ 11 སྔོན།

    ཨ་རིའི་རླུང་འཕྲིན་འདི་ནི་བོད་ནང་གི་བོད་མིའི་འཛམ་གླིང་ལ་ཉན་པའི་རྣ་བ་ཡིན་པས་གཏན་ནས་སྒོ་རྒྱབ་མི་ཉན།

    Reply
  5. སྟག་ཚང་རིག་རྒོད་། says:
    ལོ་ 11 སྔོན།

    ཨ་རི་གཞུང་ལ་ངོོ་རྒོལ་བྱེད་དགོས་པ་རེ་ཡིག་གང་མང་ཕུལ་དགོས་པ་དང་མཚན་རྟགས་བསྡུ་རུབ་བྱས་ནས་འབུལ་དགོས་པ་རེད་།

    Reply
  6. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    ངོ་རྒོལ་གྱི་ངོ་བོ་དང་། བྱེད་ས། བྱེད་དགོས་དོན། བྱེད་དུས་སོགས་ནི་མ་ནོར་བ་རེད། འོན་ཀྱང་། ཁོང་གསུམ་གྱི་ཚེ་སྲོག་ལ་མ་གནོད་པ་བྱེད་རྒྱུ་དེ་ནི་ངས་འབོད་བསྐུལ་ཡིན་ལགས། དགེའོ། དགེའོ། དགེའོ། །

    Reply
  7. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    ཀརྡོ་གཉེར་ཕྱག་པ་ལགས།

    གནས་སྐབས་རིང་། ང་ཚོས་མཆན་སྒོ་ཕྱེས་གི་མིན། དེ་དོན་དགོངས་འཇགས་གནང་རོགས།

    Reply
  8. བཀྲ་ཤིས། says:
    ལོ་ 11 སྔོན།

    ཨ་རིའི་རླུང་འཕྲིན་ཁང་མེད་ན་འགྲིག་ས་རེད། དེ་ལ་ཉན་མཁན་ཡོད་ནི་མ་རེད། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཉན་ཡོད་རེད།

    Reply
  9. འདྲེ་མེ་འབུད། says:
    ལོ་ 11 སྔོན།

    ཉིས་སྟོང་བརྒྱད་ལོར་རླུང་འཕྲིན་ཁང་འདིའི་སྒོ་རྒྱག་པའམ་མི་སྣ་ཉུང་འཕྲི་བྱེད་པའི་གཏམ་ཡན་ཞིག་ཁྱབ་པ་རེད། དེ་ནི་ལོ་དེའི་ཞི་རྒོལ་ཆེན་མོས་སྐྱབས་པ་རེད། ཡང་བསྐྱར་གླེང་སློང་བྱུང་བ་འདི་ནི་བཟང་རྟགས་ཤིག་མ་རེད། ཚང་མས་ཡིག་ཐོག་ནས་བསམ་ཚུལ་རེ་སྤེལ་ན་ལེགས་པར་སྙམ།

    Reply
  10. སངྒེ ། says:
    ལོ་ 11 སྔོན།

    ངས་ནི་འདི་ཚང་གི་རླུང་འཕྲིན་ལ་ཕལ་ཆེར་ཚར་གཅིག་ཀྱང་ཉན་མ་མྱོང། དེ་བས་ཕན་ཐོགས་ཅི་ཙམ་ཡོད་མི་ཤེས། བརྙན་འཕྲིན་ནི་གཞིས་བྱེས་གཉིས་གང་ལ་མཚོན་ནའང་སྤྱིར་འཛམ་གླིང་གི་གནས་ཚུལ་དང་། ལྷག་དོན་བོད་ཀྱི་གནས་ཚུལ་ཁག་ལ་ལྟ་ཉན་བྱ་ས་གཙོ་བོ་དེ་ཡིན་པས་རབ་བྱུང་ན་དེ་ད་དུང་ཡར་རྒྱས་སུ་གཏོང་ཐུབ་ན་དགོས་ཕན་ཧ་ཅང་ཆེ་སྙམ། བདུན་ཕྲག་གཅིག་གི་ནང་ཉིན་བཞི་ལ་གཏོང་ཐུབ་རྒྱུར་འབད་བརྩོན་གནང་རོགས་ཞུ།

    Reply
  11. འཁྱམས་པོ། says:
    ལོ་ 11 སྔོན།

    ཨ་ཤི་རེ་གོ་་་་་ ད་དུང་ཡང་བོད་པ་ཚོས་ཨ་རུའི་གཞུང་ལ་རེ་པ་ཤི་མི་འདུག་་་
    ནམ་ཞིག་ལ་བོད་པ་ཚང་གཉིད་ལས་སད་རྒྱུ་ཡིན་ནམ་ཡང་ན་གཉིད་སད་རྒྱུ་ཞིག་ཡོད་དམ།
    ཨ་རུས་དྲུག་ཅུ་རེད་གྲངས་ལ་བོད་བེད་སྤྱོད་བཏང་ཚར་པ་རེད་ད་ནི་སྐབས་ཐོག་རེར་གང་འཚམ་གྱིས་གླེང་མཁོ་པ་ཙམ་ལས་ཚར་སོང་པ་རེད།
    འགྲོ་བ་མིའི་ཐོབ་ཐང་ཞེས་པ་དེ་ཆབ་སྲིད་སྐད་ཆ་ཙམ་རེད་་་་་་་

    Reply
  12. རང་སྟོན། says:
    ལོ་ 11 སྔོན།

    དྲ་གྲོགས་ཚེ་རིང་ལགས་་་་་་ཨ་རིའི་བོད་ཀྱི་རླུང་འཕྲིན་ཁང་གི་སྒོ་རྒྱག་གི་ཡིན་ཟེར་བ་མ་གཏོགས་བརྙན་འཕྲིན་ཁང་གི་སྒོ་རྒྱག་གི་ཡིན་ཟེར་གྱིན་མི་འདུག བརྙན་འཕྲིན་ཁང་གི་སྒོ་རྒྱག་མིན་ལ་ཡིད་འཇོག་མ་གནང་རོགས། ཁང་ཁ་ཉི་མ་མ་ཤར་སྔོན་ལ་ཁྱོད་སྐྱ་ཀས་སེམས་ཁུར་བྱེད་དགོས་ནི་མ་རེད།

    Reply
  13. རྒྱང་མིག says:
    ལོ་ 11 སྔོན།

    ད་ལྟ་བར་དུ་སྒོ་མ་རྒྱབ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གཞན་གང་ཡང་ཞུ་རྒྱུའི་ཐོབ་ཐང་ཡོད་པ་མ་རེད། རང་ས་རང་དབང་ཤོར་ནས་གཞན་ལ་སུན་པོ་བཟོ་བ་ལུགས་མཐུན་མིན། གཙོ་བ་རང་ས་ནས་རང་དབང་ཅན་གྱི་རླུང་འཕྲིན་དང་བརྙན་འཕྲིན་འཛུགས་པར་འབད་བརྩོན་བྱེད་རྒྱུ་དེ་རང་གི་ཐོབ་ཐང་ཀྱང་ཡིན་པས་ཚང་མས་ཧུར་བརྩོན་བྱེད་རོགས།

    Reply
  14. དྲང་བདེན་གྱི་སློང་མོ་བ། says:
    ལོ་ 11 སྔོན།

    ཨ་རིའི་རླུང་འཕྲིན་ཁང་སྒོ་རྒྱབ་ན་ཨ་རིའི་དཔལ་འབྱོར་ན་ཕན་ན་མ་འགྲིག་པ་གལ་མི་འདུག། ཕྱོགས་ཡོངས་ནས་བལྟས་ན་ཨ་རི་ཉམས་ན་དགྲ་བོ་རྒྱ་ནག་དར་གྱི་རེད་། དེ་དུས་ནས་བོད་ནམ་ཡང་ཕམ་པ་རེད་། གང་ལྟར་འཐབ་རྩོད་དེར་ཞུགས་དགོས་པ་ལས་ག་དུས་ཡིན་ངོ་རྒོལ་གནང་ན་འོས་འཚམས་ཆགས་ཀྱི་མི་འདུག། ནམ་ཞིག་འཛམ་གླིང་ཐོག་བོད་པས་ངོ་རྒོལ་ཅེས་དོན་ག་རེ་བྱུང་ན་ངོ་རྒོལ་མཁན་གྲལ་ཏུ་རྩིས་ནས་ཛ་དྲག་གི་གནས་སྟངས་མང་པོ་ཞིག་ཡལ་འགྲོ་སྲིད་པ་རེད་།

    Reply
  15. ཚེ་རིང། says:
    ལོ་ 11 སྔོན།

    རླུང་འཕྲིན་དང་བོད་སྐད་བརྙན་འཕྲིན་དེ་བོད་པ་ལ་མཚོན་ན་གལ་ཆེན་པོ་རེད་འདུག སྔོན་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ཡང་སྒོ་རྒྱག་གྲབས་བྱས་ཀྱང་། མང་པོ་ཞིག་གིས་འབོད་སྐུལ་སྐྱབས་འཇུག་ཞུས་སྒོ་མ་བརྒྱབ་པ་རེད། དེ་བརྟེན་ད་ཐེངས་ཀྱང་ཨ་རིའི་རླུང་འཕྲིན་སྒོ་མ་རྒྱག་རོགས་ཞེས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཨ་རིའི་གཞུང་དང་གྲོས་ཚོགས་ལ་འབོད་སྐུལ་ཞུ་རྒྱུ་གལ་ཆེ།
    དེ་མིན་རྣམ་རྒྱལ་ཤ་སྟི་རི་དང་། ཚེ་རིང་སྐྱིད་གཉིས་ཀྱིས་གཙོ་སྐྱོང་འོག་ཕྱོགས་ལྷུང་རང་བཞིན་ཅན་དེ་ཚོ་མེད་ན་ཡག་པ་ལས་། སྐྱོན་མི་འདུག

    Reply
  16. རང་སྟོན། says:
    ལོ་ 11 སྔོན།

    ཨ་རི་བས་དཔལ་འབྱོར་གྱི་གྱོང་གུན་འདི་འདྲ་ཞིག་ཀྱང་བཟོད་མི་ཐུབ་པ་དེ་དངོས་ནས་ཡ་མཚན་རེད། གལ་སྲིད་བོད་ཀྱི་རླུང་འཕྲིན་སོགས་རེ་འགའ་སྒོ་རྒྱབ་པ་ཙམ་གྱིས་ཨ་རི་བའི་དཔལ་འབྱོར་གྱི་གནས་བབ་ཇེ་བཟང་ནས་ཇེ་རྒྱས་སུ་འགྲོ་རྒྱུར་ཕན་ཐོགས་སྲིད་དམ། གལ་སྲིད་ཕན་ཐོག་པའི་དབང་དུ་བཏང་ན་ཡང་ཨ་རི་བས་དཔལ་འབྱོར་ལ་ཁ་གཏད་དེ་དོན་དངོས་ཀྱི་གནས་ལུགས་ལ་རྒྱབ་གཏད་ནས་དྲང་བདེན་གྱི་མགོ་བོ་དཔལ་འབྱོར་གྱིས་འཇོམས་མི་སྲིད། བོད་སྐད་རླུང་འཕྲིན་ཀྱི་ཚེ་སྲོག་དེ་ངེས་བར་དུ་སྲིང་དགོས་ བོད་རང་བཙན་མ་ཐོབ་བར་དུ།

    Reply
  17. འབྲོག་པ་རྣལ་མ། says:
    ལོ་ 11 སྔོན།

    ཨ་རི་གཞུང་གི་ཁ་ཞེ་གཉིས་མེད་ཐོག་ནས་བོད་པ་ལ་རྒྱབ་སྐྱོར་མེད་པ་མངོན་པ་རེད། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་སྐྲ་སེར་སྤྲེས་བུའི་རིགས་ལ་དོགས་ཟོན་གྱིས་གསུངས་པ་དུས་ལ་བབས་པ་རེད།

    Reply
  18. ཤིང་ལོ། says:
    ལོ་ 11 སྔོན།

    ཆེ་ཆུང་ལ་མི་ལྟོས་པའི་འཛམ་གླིང་ཐོག་གི་སྐད་དང་རིག་གཞུང་ནི་མི་སྡེ་དེ་དང་དེ། འཚོ་བྱེད་ཀྱི་ལག་ཆ་དང་རེ་ས་གལ་ཆེན་ཞིག་ཡིན་པ་སྨོས་མེད་དང་། འདིའི་སྟེང་ནས་དཔལ་འབྱོར་ལ་གྱོང་གུད་ཡོད་ཀྱང་བཟོད་དགོས་པ་ཞིག་འདུག
    འདི་ཕལ་ཆེར་རྒྱ་ནག་གི་བྱེད་ལས་ཡིན་རྒྱུ་རེད་བསམ་ལ། དེ་ཡིན་ན་ཨ་རིས་བྱེད་མི་བྱེད་དང་། རྗེས་ཕྱོགས་རྒྱ་ནག་གིས་ཅི་ཞིག་བྱས་ལབ་ན་ཨ་རིས་བྱེད་རྒྱུ་ཡིན་ནམ།

    Reply
  19. thapkegyatso says:
    ལོ་ 11 སྔོན།

    ཨ་རིར་གནས་བཅས་པའི་བོད་སྐད་བརྙན་འཕྲིན་དང་རླུང་འཕྲིན་སྤྱི་ཡོངས་ནས་སྒོ་བརྒྱབ་ན་བོད་བྱིངས་ལ་གྱོང་ཆེན་པོ་རེད།དེ་མུ་མཐུད་དུ་གནས་པ་ལ་བོད་ཀྱིས་ཐབས་ལམ་རྩལ་ཏུ་འདོན་དགོས་པ་ལགས།འོན་ཀྱང་ཨམ་སྐད་ལྟ་བུ་ཁ་ཤས་ལ་བསམ་བློ་གཏོང་ས་ཞིག་བཞག་ན་ནུས་ཤུགས་འདོན་པ་ལ་ཏག་ཏག་ཕན་ངེས།

    Reply
  20. འཇམ་བཟང་། says:
    ལོ་ 11 སྔོན།

    ཡ་ཡ། ད་ཡིན་ན་སྟོབས་ཆེན་རྒྱལ་ཁག་ཨ་རི་ཡང་། རྒྱ་ནག་ཀྱི་འོག་ཏུ་འགྲོ་ཚར་བ་འདྲ། གང་ལྟར་བཤད་ཀྱང་རུང་། མ་བཤད་ཀྱང་རུང་། ཨ་རི་ཡིས་བོད་ལ་འཛིན་པའི་སྲིད་ཇུས་དེ་གང་འདྲ་ཡིན་མིན་ཤེས་འོང་།

    Reply
  21. དབུས་སྟོད་ཀྱི་སྐྱ་རེང་། says:
    ལོ་ 11 སྔོན།

    ཨ་རིའི་བོད་སྐད་སྡེ་ཚན་གྱི་གསར་འགྱུར་བརྒྱུད་ལམ་དེ་དོན་ལ་སྒོ་བརྒྱབ་འདོད་མེད་པའི་ཡིད་བྱེད་ཡོད་ལ་རེ་བའང་ཡོད། གལ་ཏེ་ཨ་རིའི་དཔལ་འབྱོར་ཉམས་གུད་ཀྱི་གླེང་གཞིའི་འོག་དེ་མེད་པ་བཟོས་ན་དེ་ནི་ཡིད་བརྟོན་བྱེད་འོས་པའི་བོད་མིའི་དབང་པོ་ལེགས་པོ་ཞིག་མེད་པ་བཟོས་ཏེ་རྒྱ་གཞུང་ལ་ལག་རྟགས་སྤྲད་པ་དང་གཉིས་སུ་མ་མཆིས་ཤིང་དེ་ནི་ཐབས་སྡུག་གི་བྱ་བ་ཞིག་དང་ངོ་ཚ་དགོས་པ་ཞིིག་རེད།

    Reply
  22. གཉའ་འབྲོང་ཐུ་བུ། says:
    ལོ་ 11 སྔོན།

    བོད་པ་ཚོར་མགོ་གང་ལ་བཞག་ན་དོང་ཞིག་འདུག རླུང་འཕྲིན་འདི་བོད་ཀྱི་གནས་སྟངས་ངོ་མ་འཛམ་གླིང་མི་མང་གི་མདུན་སར་སྐྱེལ་ཐུབ་པའི་བརྒྱུད་ལམ་ཡག་པོ་ཞིག་ཆགས་ཡོད་པ་རེད། གཙོ་བོ་འདི་སྒོ་རྒྱག་དགོས་པའི་རྒྱུ་རྐྱེན་ངོ་མ་དེ་གསལ་བོ་ཤེས་རྒྱུ་དང་། འདིའི་སྟེང་ནས་ཨ་རི་གཞུང་གིས་བོད་ཐོག་འཛིན་པའི་རྣམ་འགྱུར་ཡང་གསལ་བོ་ཤེས་ཡོང་སྙམ།

    Reply
  23. རིག་པའི་རལ་གྲི says:
    ལོ་ 11 སྔོན།

    ཨ་རིའི་དཔལ་འབྱོར་གྱིས་མ་འདངས་ནས་བརྒྱུད་ལམ་འདི་སྒོ་རྒྱེབ་བརྩིས་བྱེད་པའི་གནས་ཚུལ་འདི་ནི། རྒྱའི་སྲིད་བློན་གཞོན་པའི་ཨ་རིས་བལྟ་བསྐོར་གྱི་ཚོང་ཆེ་ཤོས་ཀྱི་གནས་ཚུལ་ཞིག་སུ་དོགས། གང་ལྟར་ཨ་རིས་སུ་ཡོད་པའི་བོད་པ་ཡོངས་ཀྱིས་འགན་ལེན་གཙང་མ་བཞེས་ནས་སྐད་འབོད་བྱེད་དགོས་ན་འདྲ། ངུ་འབོད་དགོས་ནའང་འདྲ། བརྒྱུད་ལམ་འདི་སྒོ་རྒྱབ་མ་ཤོར་བ་བྱེད་རྒྱུ་ནི། བོད་མི ཡོངས་ལ་ཡོད་པའི་ལས་འགན་གལ་ཆེན་ཞིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist