མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞུང་གི་ལས་བྱེད་ཚོས་མི་མང་ལ་མཐོང་སྤྲོད་རོགས།

བོད་ཀྱི་དུས་བབ།
༢༠༡༢/༠༣/༠༩
Share on FacebookShare on TwitterShare on EmailShare on Whatsapp


ཉེ་ལམ་ངྷ་སར་གནས་སྡོད་ཆོས་འཕེལ་ཚེ་དབང་ལགས་དང་། ངྷ་ས་ས་གནས་མགོ་འཛིན་བསོད་ནམས་རྡོ་རྗེ་ལགས་གཉིས་བར་རྙོག་གླེང་ཞིག་བྱུང་ཡོད་པ་དེ་ཕྱི་ཚེས་ ༤ ཉིན་ངྷ་ས་ས་གནས་འཐུས་ཚོགས་དང་། རང་བདེན་ཚོགས་ཆུང་གཉིས་ཀྱིས་ཐག་གཅོད་གནང་བ་ལྟར་ཕྱོགས་གཉིས་ཀྱིས་དང་ལེན་གནང་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༢  ཉིན་གྱི་སྔ་དྲོར་ངྷ་སར་གནས་སྡོད་བོད་མི་ཆོས་འཕེལ་ཚེ་དབང་ལགས་མི་གཞན་ཞིག་གི་འཛིན་བྱང་(Ration card )ཞེས་པར་རྒྱབ་གཉེར་ལེན་ཆེད། ངྷ་ས་བདེ་དོན་ལས་ཁུངས་སུ་བཅར་ཏེ་ལས་བྱེད་ཡེ་ཤེས་ལགས་སུ། བདེ་དོན་ལས་ཁུངས་ཀྱིས་ཟླ་ ༢ ལྷག་རིང་མི་མང་ལ་མཚན་རྟགས་རྒྱབ་གཉེར་མ་སྤྲད་སྟབས། གལ་སྲིད། མུ་མཐུད་རྒྱབ་གཉེར་མ་སྤྲད་པ་ཡིན་ན་བཀའ་ཤག་ལ་སྙན་གསེང་ཞུ་རྒྱུ་ཡིན་ཞེས་བཤད་སྐབས། ས་གནས་མགོ་འཛིན་བསོད་ནམས་རྡོ་རྗེ་ལགས་དེར་ཕེབས་ཏེ། ལས་དོན་དེར་ཁྱོད་རང་ལ་ཇུས་གཏོགས་མེད། ཁྱོད་རང་ལས་ཁུངས་ནས་ཕྱིར་ཐོན་ཞེས་ལབ་སྐབས། ཆོས་འཕེལ་ཚེ་དབང་ལགས་ཁོང་ཁྲོ་ལངས་ཏེ་ས་གནས་མགོ་འཛིན་གྱི་གདོང་ལ་ཁུ་ཚུར་གཉིས་གཞུས་ཡོད་འདུག གནས་ཚུལ་དེ་བསོད་ནམས་རྡོ་རྗེ་ལགས་ཀྱིས་བདེ་སྲུང་ཡན་ལག་དང་། ངྷ་ས་ཕར་ངོས་ཧྤོར་སི་གྷན་ཇིའི་རྒྱ་གར་སྐོར་སྲུང་ལས་ཁུངས་བཅས་ལ་ཁྲིམས་གཏུག་བྱས་ཡོད་པ་དང་། ཆོས་འཕེལ་ཚེ་དབང་ལགས་ཀྱིས་ཀྱང་ཁྲིམས་གཏུག་བྱ་འཆར་ཡོད་སྐབས། ངྷ་ས་ས་གནས་འཐུས་ཚོགས་དང་རང་བདེན་ཚོགས་ཆུང་གཉིས་ཀྱིས་བར་འདུམ་གནང་ཡོད་འདུག

ཕྱི་ཚེས་ ༣ ཉིན་ས་གནས་འཐུས་ཚོགས་དང་རང་བདེན་ཚོགས་ཆུང་ཐུན་མོང་གིས་གོང་གསལ་རྩོད་ཉོག་དེར་བར་འདུམ་ཆོད་ཡིག་ཅིག་བཞག་ཡོད་པའི་ནང་། ཆོས་འཕེལ་ཚེ་དབང་ལགས་ཀྱིས་ངྷ་ས་ས་གནས་མགོ་འཛིན་བསོད་ནམས་རྡོ་རྗེ་ལགས་སུ་ལག་པ་བརྐྱངས་རྗེས། བསོད་ནམས་རྡོ་རྗེ་ཡིས་རྒྱ་གར་སྐོར་སྲུང་ལས་ཁུངས་ལ་ཞུ་གཏུག་བྱས་ཟིན་ཡང་། ངྷ་ས་ས་གནས་འཐུས་ཚོགས་དང་རང་བདེན་ཚོགས་ཆུང་ཐུན་མོང་གིས་གནས་ཚུལ་དེར་འགན་ལེན་གནང་སྟེ། ཆོས་འཕེལ་ཚེ་དབང་ལགས་ཀྱིས་རང་སྐྱོན་ངོས་ལེན་གནང་དགོས་པ་དང་། ས་མགོ་བསོད་ནམས་རྡོ་རྗེ་ལགས་ཀྱིས་ཀྱང་ཞུ་གཏུག་ཡིག་ཆ་(FIR)དེ་རྒྱ་གར་སྐོར་སྲུང་ལས་ཁུངས་ནས་ཕྱིར་འཐེན་བྱ་དགོས་པའི་འབོད་སྐུལ་ཞུས་པར། ཕྱོགས་གཉིས་ཀས་མོས་མཐུན་གནང་ཡོད་པ་མ་ཟད། གོང་གསལ་ཚོགས་པ་གཉིས་ཀྱི་ཐག་གཅོད་གང་གནང་ལ་དང་ལེན་ཞུ་རྒྱུའི་ཁས་ལེན་ཞུས་ཡོད་སྐོར་བཀོད་འདུག

རྙོག་དྲ་དེའི་ཐད་ས་གནས་འཐུས་ཚོགས་དང་རང་བདེན་ཚོགས་ཆུང་གཉིས་ཀྱིས་ཕྱོགས་ངོས་ནས་འགན་ལེན་ཁག་འཁུར་ཞུ་དགོས་པའི་དོན་ཚན་ ༥ བཀོད་ཡོད་པ་དག་ནི། དང་པོ། དོ་བདག་ཆོས་འཕེལ་ཚེ་དབང་ནས་ས་གནས་འཐུས་ཚོགས་དང་རང་བདེན་ཚོགས་ཆུང་ས་གནས་མགོ་འཛིན་ལས་བྱེད་བརྒྱ་དཔོན་རྣམ་པ་བཅས་ཚང་འཛོམས་ཐོག ༧གོང་ས་མཆོག་གི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེར་སྔོན་ཆད་རྒྱབ་བསྐྱུར་དང་། ཕྱིན་ཆད་དེ་རིགས་མི་ཡོང་བའི་ཁས་ལེན་གྱི་ཕྱག་གསུམ་དང་མཇལ་དར་འབུལ་རྒྱུ། གཉིས་པ། ས་གནས་མགོ་འཛིན་ལ་ལག་པ་བརྐྱངས་པར་དགོངས་སེལ་ཆེད་མཇལ་དར་འབུལ་རྒྱུ། གསུམ་པ། ས་གནས་མགོ་འཛིན་ལས་ཁུངས་དང་ལས་བྱེད་རྣམས་ཀྱི་ཆེ་མཐོང་ཆེད་ཉེས་ཆད་ལ་ཧིན་སྒོར་ ༥༠༠༠ འབུལ་རྒྱུ། བཞི་བ། ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༣ པའི་ཚེས་ ༤ ཉིན་ནས་ལོ་གསུམ་རིང་དོ་བདག་སྒེར་གྱི་ལས་དོན་ཐོག་ས་གནས་མགོ་འཛིན་ལས་ཁུངས་ཀྱིས་མཐུན་སྦྱོར་རྒྱབ་གཉེར་རིགས་འགོག་རྒྱུ་མ་ཟད་དོ་བདག་རང་ཡིག་ཚང་དུ་ངོ་བཅར་མི་ཆོག ཡིན་ན་ཡང་དོ་བདག་གི་བཟའ་ཟླ་བུ་ཕྲུག་རྣམས་ཀྱི་ཆེད་ས་གནས་མགོ་འཛིན་གྱིས་རྒྱབ་གཉེར་དང་། གནད་དོན་གང་གི་ཐོག་ནང་མི་ངོ་བཅར་ཞུས་རིགས་ལ་རོགས་རམ་གནང་རྒྱུ་ལས་བཀག་འགོག་བྱ་མི་ཆོག་པ།  ལྔ་པ། མ་འོངས་པར་གནད་དོན་དེའི་རིགས་མི་འབྱུང་ཆེད་ཆོས་འཕེལ་ཚེ་དབང་གིས་ཁས་ལེན་མཚན་རྟགས་འགོད་རྒྱུ་དང་། གལ་ཏེ་གན་རྒྱའི་ཡི་གེར་བརྩི་བཀུར་མ་ཞུས་ཚེ་སྒྲིག་གསལ་ལྟར། ས་གནས་སྐོར་སྲུང་བར་རྩིས་སྤྲོད་ཞུ་རྒྱུ་ལས་ཚོགས་པ་གཉིས་ནས་ཐེ་གཏོགས་ཞུ་རྒྱུ་མིན། ཞེས་བཀོད་འདུག་ལ། ཕྱི་ཚེས་ ༤ ཉིན་དོ་བདག་ཕྱོགས་གཉིས་ཀྱིས་ཐོག་གཅོད་དེ་ལ་མོས་མཐུན་གནང་སྟེ་རྩོད་ཉོག་འགྲིག་འཇགས་བྱུང་ཡོད་པ་རེད།

ཕྱི་ཚེས་ ༦ ཉིན་གསར་འགོད་པས་ས་གནས་མགོ་འཛིན་བསོད་ནམས་རྡོ་རྗེ་ལགས་སུ། རྩོད་ཉོག་དེའི་འབྱུང་རྐྱེན་ས་གནས་མི་མང་གི་འཛིན་བྱང་ཟླ་གཉིས་ཙམ་ལ་རྒྱབ་གཉེར་སྤྲད་མེད་པ་བདེན་པ་ཡིན་མིན་དྲིས་པར་ཁོང་གིས། “ བདེ་དོན་ལས་ཁུངས་ཀྱི་ངོས་ནས་འདི་ལོའི་ཕྱི་ཟླ་ ༢ པའི་བར་དུ་མི་མང་ལ་རྒྱབ་གཉེར་སྤྲད་ཡོད་ཀྱང་། བསླེབ་ལ་ཉེ་བའི་ས་གནས་འཐུས་ཚོགས་ཐོག་ལས་ཁུངས་ཀྱིས་ཟླ་ ༦ གི་ལས་དོན་དང་རྩིས་ཁྲ་འབུལ་དགོས་སྟབས། ཟླ་འདིའི་ཚེས་ ༡ ནས་ ༡༠ བར་མི་མང་ལ་རྒྱབ་གཉེར་སྤྲོད་རྒྱུ་མིན་པའི་གསལ་བཤད་བྱེད་ཀྱི་ཡོད། ཕྱི་ཚེས་ ༢ ཉིན་ཆོས་འཕེལ་ཚེ་དབང་མི་གཞན་ཞིག་གི་འཛིན་བྱང་ལ་རྒྱབ་གཉེར་ལེན་དུ་ཡོང་སྐབས་འགྲེལ་བཤད་བརྒྱབ་མིན་ལ་མ་ལྟོས་པར་རྙོག་དྲ་དེ་བྱུང་བ་རེད” ཅེས་བརྗོད་བྱུང་།

ཁོང་གིས་མུ་མཐུད་དུ་བརྗོད་རྒྱུར། “ས་གནས་མགོ་འཛིན་ལ་ལག་པ་བརྐྱངས་པ་ད་རེབ་གཅིག་པུ་མ་རེད། སྔོན་མ་འདིའི་རིགས་མང་པོ་བྱུང་འདུག ང་རང་ལ་མཚོན་ན་ཐེངས་གཉིས་པ་ཡིན། གནས་ཚུལ་འདིའི་འབྱུང་རྐྱེན་མཚམས་རེར་ང་ཚོའི་ལས་ཀར་ཡིད་མ་ཚིམ་པ་དང་། སོ་སོའི་ལས་ཀ་མ་འགྲུབ་པ་ལས་འབྱུང་བཞིན་ཡོད་པ་རེད་ལ། མཚམས་རེར་འོས་བསྡུའི་སྐབས་རྒྱབ་སྐྱོར་ཡོད་མེད་ཀྱི་ཐོག་ནས་ཡོང་གི་མེད་འགྲོ་སྙམ་པའི་དོགས་པ་འདུག འོན་ཀྱང་འདིའི་རིགས་ལ་བརྟེན་ནས་སེམས་ཤུགས་ཆག་གི་མེད། མི་མང་གི་ངོས་ནས་ང་ཚོའི་ལས་ཀར་བསམ་འཆར་ཡོད་ན། ས་གནས་འཐུས་ཚོགས་དང་བརྒྱ་དཔོན་སོགས་བརྒྱུད་དེ་ཞུ་དགོས་པ་རེད” ཅེས་བརྗོད་བྱུང་།

ཕྱི་ཚེས་ ༧ ཉིན་གསར་འགོད་པས་ཆོས་འཕེལ་ཚེ་དབང་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས། “ ཉིན་དེར་ང་རང་ཁོང་ཁྲོའི་ཐོག་ནས་ཟུང་དྲུང་གི་གནས་རིམ་ཡོད་པའི་གཞུང་གི་ལས་བྱེད་ཅིག་ལ་ལག་པ་བརྐྱངས་པ་དེ་ངའི་ནོར་འཁྲུལ་རེད། ཡིན་ནའང་རྗེས་སུ་ཁོ་རང་གིས་ཀྱང་ང་ཚོ་བོད་མིར་སྐྱིད་སྡུག་ཞུ་ས་ཞིག་ཡོད་བཞིན་དུ་རྒྱ་གར་ཉེན་རྟོག་པར་ཞུ་གཏུག་སྙན་ཞུ་ཕུལ་འདུག་པ་དེའང་ཏག་ཏག་ཅིག་བསྡད་ཡོད་པ་མ་རེད། གཞུང་གི་ལས་བྱེད་ཅིག་ལ་མཚོན་ན། མི་མང་ལ་མཐོང་སྤྲོད་རྒྱུ་དེ་གལ་ཆེན་པོ་རེད། རང་ཉིད་ལས་བྱེད་ཡིན་ཞེས་མི་མང་གི་འགན་མ་འཁུར་བ་ཡིན་ན། གནས་ཚུལ་འདིའི་རིགས་ད་དུང་འབྱུང་མི་སྲིད་པ་མ་རེད་དྲན་ཡོད” ཅེས་བརྗོད་བྱུང་།

ཆོས་འཕེལ་ཚེ་དབང་ལགས་ཀྱིས་མུ་མཐུད་དུ་བརྗོད་པ་ལྟར་ན། ཁོ་རང་གིས་འདས་པའི་ལོ་ ༨ ལྷག་གི་རིང་བཞུགས་སྒར་ཉེ་ཁུལ་གྱི་མི་མང་ལ་ལག་འཁྱེར་གྱི་ཐད་ནས་རོགས་རམ་བྱས་པ་དང་། ད་དུང་མུ་མཐུད་དུ་གང་ཐུབ་ཅི་ཐུབ་གནང་འདོད་ཡོད་སྐོར་བརྗོད་བྱུང་།  

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

པར། བདག་དབང་། བོད་ཀྱི་དཔེ་མཛོད་ཁང་།
Mobile App

གསར་འགྱུར་མེ་ལོང་ལོ་ ༡༠༠ འཁོར་བའི་རྗེས་དྲན།

ཆུ་ཚོད་ ༢༠ སྔོན་ལ།
FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

༢༠༢༥/༡༠/༡༠
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

༢༠༢༥/༡༠/༡༠
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

༢༠༢༥/༡༠/༡༠
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩

མཆན། 4

  1. Dawai Shonu says:
    ལོ་ 14 སྔོན།

    དྲང་མོ་བཤད་ན་དྷ་ས་ས་གནས་བདེ་དོན་ལས་ཁུངས་ཀྱི་ལས་བྱེད་ཚང་མ་ཐེབས་ཆགས་རྐྱང་རྐྱང་རེད། ཤེས་ཚད་མེད་མཁན་ད་ག་སེ་ལས་ཀ་རག་པ་ཡིན་ཚོད། ཁོང་ཚོ་མི་རྒན་གཞོན་མེད་པར་སྐད་ཆ་རྩུབ་པོ་དང་ངར་པོ་རྐྱང་བཤད འགྲེལ་བཤད་ཡག་པོ་མ་བྱེད་པར་ཕར་རྒྱུགས་ཚུར་རྒྱུགས་སང་ཉིན་ཤོག་གནང་ཉིན་ཤོག་ལབ་ནས་ལས་ཁ་ཁྱོན་ནས་ཡག་པོ་བྱེད་ཀྱི་མིན་འདུག མི་དམངས་ལ་རོགས་པ་རྩ་བ་ནས་གནང་གི་མིན་འདུག ས་གནས་འགོ་འཛིན་ཡིན་ཡང་རང་གི་ལས་བྱེད་ལ་བཀོད་འདོམས་ཡག་པོ་གནང་ཐུབ་ཀྱི་མིན་འདུག ཁོ་རང་ཉིད་ལ་ལས་བྱེད་ཚོས་མཐོང་ཅི་ཡང་སྤྲོད་ཀྱི་མིན་འདུག་ན་བཀོད་འདོམས་གང་འདྲ་སེ་ཡོང་སྲིད།

    Reply
  2. lobsang says:
    ལོ་ 14 སྔོན།

    ཆོས་འཕེལ་ཚེ་དབང་ཟེར་བ་དེས་ས་གནས་འགོ་འཛིན་ལ་ཁུ་ཚུར་གཞུས་པ་ཡག་པོ་མ་རེད། བཟང་ན་ངན་ན་མི་མང་གིས་འདེམས་པའི་ས་གནས་འགོ་འཛིན་ཞིག་ཆགས་བསྡད་ཡོད་པ་རེད། དེ་ལ་བོད་གཞུང་གིས་ཀྱང་རྒྱབ་སྐྱོར་དགོས་པ་རེད། ཡིན་ན་ཡང་དེང་སང་གཞུང་གི་ལས་བྱེད་ཚོས་མི་མང་ལ་ཡ་ལན་ཡག་པོ་གནང་གི་མི་འདུག་ཟེར་བ་དང། གངས་སྐྱིད་ཀྱི་ལས་བྱེད་གསར་བ་ཚོས་ཀྱང་དེ་བཞིན་མི་མང་ལ་ཡ་ལན་ཡག་པོ་གནང་གི་མི་འདུག་ཟེར་བས་དེ་འདྲ་ཡིན་ན་ཐབས་སྐྱོ་བོ་རེད། ཁྱེད་ཚོ་ལ་ང་ཚོས་སྐྱིད་སྡུག་བཤད་ས་མེད་ན་ང་ཚོ་ལ་གཞུང་ཞིག་ཡོད་པའི་དགོས་དོན་མ་འགྲུབ་པ་རེད་སྙམ།

    Reply
  3. མགོ་ལོག་ཟླ་བྷེ། says:
    ལོ་ 14 སྔོན།

    བསོད་ནམས་རྡོ་རྗེ་ནི་བདག་གི་གྲོགས་པོ་ཞིག་ཡིན ། གཞན་པ་དེ་ངོ་ཡང་མི་ཤེས་ཏེ ། སྐད་ཆ་དྲང་མོར་བཤད་ན་བསོད་ནམ་རྡོ་རྗེ་ས་གནས་མགོ་འཛིན་བྱས་རྗེས་ཀྱི་བྱ་བ་ལས་ཕྱོགས་ཐད ། ཕྲན་ལ་ཆ་རྒྱུས་གང་ཡང་མེད ། དེ་སྔོན་ལས་ཁུངས་དེས་དཔྱ་ཁྲལ་ལགས་དེབ་ཀྱི་སྐོར་དང་།རྒྱབ་གཉེར་དགོས་རིགས་སོགས་གང་གི་སྐབས་ཡང་།མི་མང་གི་ལས་དོན་ནར་འགྱང་ཧ་ལས་པ་བྱེད་གི་རེད ། སང་ཉིན་ཤོག་གནང་ཉིན་ཤོག་གཟའ་ཟླ་བར་ཤོག་སོགས་གོམས་ངན་ལ་སོང་འདུག རྒྱང་རིང་གཞིས་ཆགས་ཤིག་ནས་མོའི་བུ་མོའི་ཡིག་ཆ་ཞིག་གི་ཆེད་དུ་ཕེབས་མཁན།རྨོ་མོ་ཞིག་གི་ལས་དོན་འགོར་འགྱང་བྱས་པས་མོ་ངུ་བཞིན་པ་ང་རང་གི་མིག་གིས་མཐོང་སོང་ ། ཅུང་འཕྲོས་ནས་ཞུས་ན།མགོ་སྣེ་ལེན་ཁང་ནས་བཟུང་མཐོ་བཀའ་སྤྱི་གཉིས་ཀྱི་བར་ལ ། གནས་ཚང་གི་ནད་ངན་འགོས་ནས་འགོར་འགྱང་ཉོབ་གསུམ་བྱེད་རྒྱུ་གཤིས་སུ་གྲུབ་འདུག ཉེ་ཆར་ང་ཚོའི་མི་ལ་ཡོད་ན་སྨོན་རྒྱུ །རང་ལ་ཡོད་ན་ངོམ་རྒྱུ །བཀའ་བློན་ཁྲི་བ་མཆོག་དང་། སྤྱི་འཐུས་ཚོགས་གཙོ་མཆོག་རྣམ་གཉིས་ཡུ་རོབ་ལ་ཕེབས་དུས་རང་གིས་རྙེད་དཀའི་གོ་སྐབས་ཉག་གཅིག་པོ་བེད་སྤྱད་ནས ། བཀའ་འདྲི་ཞིག་ཕུལ་བའང་འདིའི་སྐོར་ཡིན། ཡིན་ཡང་རྒྱུན་དུ་ཁ་མཚར་བཤད་པའི་ངན་གོམས་ཀྱིས་དྲི་བ་དེའང་རྩེད་མཚར་ལྟ་བུར་གྱུར་ཡོད་ས་རེད ། མི་མང་གི་དགོད་སྒྲའི་ཁྲོད་ནས་རང་བཞིན་གྱིས་ལྗིད་ཁོག་མེད་པར་གྱུར་སོང་ལ ། ཁོང་རྣམ་གཉིས་ཀྱིས་ཀྱང་སྐུ་རྩེད་ཀྱི་རྣམ་པས་བཀའ་ལན་བསྩལ་སོང་། ངའི་ཕ་ཡུལ་གཅིག་པའི་གྲོགས་པོ་ཞིག་གིས་ང་ལ ། ངས་ཁྱོས་ཆེ་ས་ཞིག་འདྲི་རྒྱུ་རེད་བསམ་ཡོད།ཅི་འདྲའི་དྲི་བ་ཆུང་ཆུང་་གསུངས་སོང་།ངས་ཁོང་ལ །ཕྱི་སྲིད་སོགས་ཆེ་ས་ཚང་མ་གཞན་དག་གིས་བཀའ་འདྲི་བྱས་སོང་། ང་ལ་དེ་ལས་ལྷག་ཅིག་འདྲི་རྒྱུ་མེད ། དེ་བས་འདིའི་རིགས་ནི་ཁོང་རྣམ་པས་ཕྱག་ན་དབང་ཡོད་རྒྱུ ། ཐུགས་ན་ཐབས་ཡོད་རྒྱུ ། ལས་ན་ལམ་ཡོད་རྒྱུའི་སྐོར་ཡིན་པ་དང་། ཐད་ཀར་མི་མང་གི་སྟེང་ལའང་ཕན་ངེས་ཅན་ཞིག་རེད་འདོད ། གཙོ་བོ་མི་མང་གིས་སེམས་ཚོར་ཙམ་མིན་པར ། རྒྱུས་ལོན་བརྒྱུད་ནས་ཤེས་རྟོགས་བྱུང་བའི་ཡར་ཞུ་དག དབུ་ཁྲིད་རྣམ་པས །ཐུགས་ནས་མ་དོར་བར་གནད་དོན་དེས་རིགས་ཡོད་མེད་དང་། ཡོད་ན་ཡོ་བསྲང་གཏོང་བའི་ཐབས་མཛད་རྒྱུ་ནི་གལ་ཆེ་བར་སྣང་བ་ཡིན ། སྔོན་ཁོང་རྣམ་པ་བཀའ་ཁྲིའི་འོས་མི་ལ་བཞེངས་བའི་སྐབས་ཡང་། ཕྲན་གྱིས་བོད་མི་རིགས་ཀྱི་སྲོག་རྩ་རང་གི་སྐད་དང་ཡི་གེ་ཇི་ལྟར་སྲུང་སྐྱོབས་བྱེད་ཕྱོགས་ཀྱི་ཐད་ལ་བཀའ་འདྲི་ཕུལ་བའང་དེ་མཚུངས་ཡིན་ཞེས་བཤད་པ་ཡིན ། འདིར་གསལ་བཤད་བྱེད་རྒྱུ་ཞིག་ལ ། རང་གཞུང་ལ་བཟང་ཕྱོགས་ཀྱི་ཆ་ནི་རི་ལྟར་སྤུང་ཡོད་དེ །དཔེར་ན ། ངོ་ཆེན་ངོ་དམན་མེད་པར་འདྲ་མཉམ ། ཆོལ་ཆོས་ཁྱད་པར་མེད་ནས་འདྲ་མཉམ ། ལྐོག་ཟ་རུལ་སུངས་ཀྱི་དྲི་མི་བྲོ་བ ། ནང་ཁུལ་འཁོན་རྩོད་ཀྱི་སྙིང་མི་ནག་པ ། མཐོ་དམན་བར་ཁྱད་ཀྱི་འགྱིང་མི་ཆེ་བ ། མཐའ་ན་རྒྱན་ཤོག་ཙམ་ཞིག་འཕངས་ཡང་། དྲང་མོ་དྲང་བཞག བླ་མ་དཀོན་མཆོག གཡོ་མེད་ཟོལ་མེད །
    ཕྱི་གསལ་ནང་གསལ་ཧ་ལས་པ་རེད་འདུག དགའ་དགོས་པ་རེད་འདུག བསྟོད་དགོས་པ་རེད་འདུག བཟང་ཆ་དེ་དག་དང་།བྱ་བ་འགོར་འགྱང་ཉོབ་གསུམ་གྱི་སྐྱོན་ཆ་གཉིས་གང་ཆེ་ཟེར་ན ། བརྒྱ་འགྱུར་གྱིས་བཟང་ཆ་ཆེ་ཡང་། སྐྱོན་ཆ་བཅོས་མི་དགོས་པའང་མིན་པར་སེམས་སོ །

    Reply
  4. ཅང་མེད། says:
    ལོ་ 14 སྔོན།

    གཞུང་ཞབས་ལས་བྱེད་བསོད་ནམས་རྡོ་རྗེ་ལགས། ཁྱེད་ཀྱི་བོད་དོན་ཆེད་རང་ལུས་མེ་སྲེག་མ་གཏོང་འཇོག་རོགས།

    གཞེས་ལུས་མི་དམངས་གི་མེ་དཔུང་ཁྲོད་ནས་མི་རིགས་འཐབ་རྩོད་བྱེད་འདུག་ལ།
    བཙན་བྱོལ་མི་དམངས་གི་ཁུར་ཚུར་ཁྲོད་ནས་Ration Cardའཐབ་རྩོད་བྱེད་འདུག་ལ།
    ཀྱེ་མ་ཤ་རུས་གཅིག་པའི་བོད་པ་ཚང། ད་ཇི་ལྟར་བྱེད་ན་དགའ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese