མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨེ་རན་གྱི་རྡུལ་མཚོན་ལ་ཨེ་ཛི་རལ་གྱི་འཇིཊ་སྣང་དང་ཨ་རིའི་ལངས་ཕྱོཊ།

བོད་ཀྱི་དུས་བབ།
༢༠༡༢/༠༣/༠༩
Share on FacebookShare on TwitterShare on EmailShare on Whatsapp

ཨེ་རན་གཞུང་གི་རྡུལ་ཕྲན་ལས་གཞིར་རྒྱལ་སྤྱིའི་གནོན་ཤུགས་སྣ་ཚོགས་སྤྲོད་བཞིན་ཡོད་ལ། ཉེ་ལམ་ཨེ་ཛི་རལ་གྱིས་ཨ་རི་དང་མཉམ་འབྲེལ་ཐོག་ཨེ་རན་ལ་དམག་འཁྲུག་རྒྱག་རྒྱུའི་བསམ་ཚུལ་བསྟན་ཡོད་ཀྱང་། ཨ་རིའི་སྲིད་འཛིན་ཨོ་བྷ་མས་དེལ་མོས་མཐུན་མ་བྱས་པར་གླེང་སློང་སྣ་ཚོགས་བྱུང་ཡོད།

ཟླ་འདིའི་ཕྱི་ཚེས་ ༥ ཉིན་ཨེ་ཛི་རལ་(Israel) གྱི་སྲིད་བློན་བྷན་ཇཱ་མེན་ (Benjamin Netanyahu) ཨ་རིར་ཕྱིན་ཏེ། ཕོ་བྲང་དཀར་པོའི་ནང་སྲིད་འཛིན་ཨོ་བྷ་མ་དང་ཐུག་འཕྲད་ཐོག ཨེ་རན་གྱི་རྡུལ་མཚོན་བཟོ་སྐྲུན་ལས་གཞི་དེ་གཅིག་ནས་རྒྱལ་སྤྱིའི་གྲོས་དོན་རྩིས་མེད་དང་། གཉིས་ནས་ཨེ་ཛི་རལ་རྒྱལ་ཁོངས་བདེ་འཇགས་ལ་འབྲེལ་བ་ཆེན་པོ་ཡོད་སྟབས། ཨེ་ཛི་རལ་གྱིས་ཨེ་རན་ལ་དམག་འཁྲུག་རྒྱག་འཆར་ཡོད་པར་ཨ་རིས་གཞུང་གིས་ལངས་ཕྱོགས་གང་འདྲ་འཛིན་མིན་ཐད་གྲོས་བསྡུར་བྱས་ཡོད་ཀྱང་། སྲིད་འཛིན་ཨོ་བྷ་མས་ཨེ་རན་གྱི་རྡུལ་མཚོན་ལས་གཞི་རྒྱ་སྐྱེད་བྱེད་བཞིན་པ་ནི་ངོས་ལེན་བྱ་ཐབས་མེད་པ་ཞིག་ཡིན་ཡང་། ཨ་རིའི་གཞུང་གིས་གནད་དོན་དེའི་ཐད་དམག་འཁྲུག་རྒྱག་མ་དགོས་པར་སེལ་ཐུབ་པར་ཡིད་ཆེས་བྱེད་ཀྱི་ཡོད་ཚུལ་བརྗོད་ཡོད།

ཨེ་ཛི་རལ་གྱི་སྲིད་བློན་བྷན་ཇཱ་མེན་གྱིས་ཨོ་བྷ་མའི་ལངས་ཕྱོགས་ལ་ཉན་རྗེས། རང་ཉིད་ཨེ་ཛི་རལ་གྱི་སྲིད་བློན་ཞིག་གི་ངོས་ནས་རྒྱལ་ཁབ་ཀྱི་ལས་དབང་ལ་འགན་འཁུར་དགོས་པས། རྒྱལ་ཁོངས་བདེ་འཇགས་དང་ལྷག་པར་དུ་ཕྱི་ཕྱོགས་ཀྱི་དྲག་ཤུགས་ལ་ཁ་གཏད་གཅོག་པའི་ནུས་པ་དང་སྟོབས་ཤུགས་དང་གྲ་སྒྲིག་དགོས་ཚུལ་བརྗོད་དེ། ཨ་རིས་ཁོང་ཚོའི་ལངས་ཕྱོགས་ལ་དམག་དོན་རྒྱབ་སྐྱོར་མ་བྱས་ཀྱང་། ཨེ་ཛི་རལ་གྱིས་ཨེ་རན་སྟེང་དམག་འཁྲུག་རྒྱག་རྒྱུའི་གྲ་སྒྲིག་དང་ཆོད་སེམས་བརྟེན་པོ་ཡོད་པ་བསྟན་ཡོད། སི་ཨན་ཨན་(CNN) གྱི་སྲིད་དོན་དབྱེ་ཞིབ་པ་བྷི་ལེ་ཛར་(Wolf Blitzer) གྱིས་དཔྱད་གཏམ་ཞིག་སྤེལ་བའི་ནང་། ཨེ་ཛི་རལ་གྱིས་ཨེ་རན་ལ་དམག་འཁྲུག་སློང་རྒྱུ་ཡིན་པར་བསྒྲགས་པ་དེ་ནི་གནོན་ཤུགས་སྤྲད་པ་ཞིག་ལས་དྲག་རྒོལ་བྱ་རྒྱུའི་བསམ་བློ་མེད་པ་དང་། གལ་སྲིད་དམག་འཁྲུག་རྒྱག་འཆར་ཡོད་ཚེ། ༢༠༠༧ ལོར་ཨེ་ཛི་རལ་གྱིས་སེ་རི་ཡའི་རྡུལ་མཚོན་རྟེན་གཞིར་གཏོར་རྒོལ་བཏང་བ་དང་། ༡༩༨༡ ལོར་ཨེ་རག་ནང་གི་རྡུལ་མཚོན་རྟེན་གཞིར་གཏོར་རྒོལ་བྱས་པ་ལྟར། གྲག་མེད་འགུལ་མེད་ངང་དྲག་རྒོལ་མི་བྱེད་པར་ཁྱབ་བསྒྲགས་བྱས་ཏེ་དགྲ་བོར་འདྲོག་སློང་ངེས་སྐོར་བརྗོད་ཡོད།

ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་ཨེ་ཛི་རལ་གྱི་སྲིད་བློན་བྷན་ཇཱ་མེན་གཉིས་ཀྱི་ཐུག་འཕྲད་སྐབས། རྒྱལ་སྤྱིའི་ཐོག་ནས་དོ་སྣང་ཤུགས་ཆེན་བྱས་ཡོད་ཅིང་། དེ་ནི་གཅིག་ནས་དཀྱིལ་ཤར་ཡུལ་གྲུའི་ནང་དམག་འཁྲུག་གསར་པ་སློང་མིན་གྱི་གནད་དོན་ཞིག་ཆགས་ཡོད་པ་དང་། གཉིས་ནི་ཨ་རིའི་སྲིད་འཛིན་འོས་བསྡུའི་རྒྱལ་ཕམ་ཐག་གཅོད་དང་འབྲེལ་བ་ཡོད་པ། གསུམ་ནས་ཨ་རིས་ད་སྔ་ཨེ་ཛི་རལ་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་ཡོད་ཚལ་བསྒྲགས་པ་དོན་ལ་གནས་མིན་སོགས་ལ་ཐུག་ཡོད། ཕྱི་ཚེས་ ༦ ཉིན་ཨ་རིའི་བདེ་འཇགས་ལས་ཁུངས་ཀྱི་དྲུང་ཆེ་པཱ་ནེ་ཊཱ་(Leon Panetta) ཡིས “དམག་འཁྲུག་ནི་ལས་དོན་གཞན་ཚང་མར་གྲུབ་འབྲས་མ་སོན་པའི་གདམ་ཀ་མཐའ་མ་དེ་རེད། ཡིན་ཡང་ང་ཚོས་ནོར་འཁྲུལ་མ་ཤོར་བ་བྱ་དགོས། འོན་ཀྱང་། གདམ་ཀ་དེ་ལས་ལྷག་མེད་པར་གྱུར་ཚེ་ང་ཚོས་ལག་བསྟར་བྱ་ངེས་རེད”ཅེས་བརྗོད་ཡོད།

ཨོ་བྷ་མས་ཨེ་ཛི་རལ་ལ་རྒྱབ་ལངས་ཐོག་ཨེ་རན་སྟེང་དམག་འཁྲུག་རྒྱག་རྒྱུར་གཡོལ་ཐབས་བྱེད་ཀྱི་ཡོད་པའི་ཐད། ཆབ་སྲིད་དཔྱད་བརྗོད་པ་ཁག་ཅིག་གིས་ ༢༠༠༨ ལོར་ཨོ་བྷ་མས་བྷུ་ཤི་སྲིད་གཞུང་གིས་ཨེ་རག་ལ་དམག་འཁྲུག་བརྒྱབ་པའི་སྲིད་ཇུས་དེར་ངོ་རྒོལ་བྱས་སྟབས། ཁོང་དམངས་གཙོ་ཚོགས་པའི་འོས་མི་ལས་རྒྱལ་ཁ་ཐོབ་ཡོད་པ་ལྟར། ཐེངས་འདིར་ཡང་ཁོང་གིས་བསྐྱར་དུ་ལོ་གསུམ་གོང་གི་རང་ཉིད་ལ་རྒྱལ་ཁ་ཐོབ་པའི་ཐབས་ཤེས་དེ་ཨེ་རན་སྟེང་ལག་བསྟར་བྱེད་ཀྱི་ཡོད་པར་གླེང་ལ། ད་ལོའི་ཨ་རིའི་སྲིད་འཛིན་འོས་བསྡུའི་ཁྲོད། སྤྱི་མཐུན་ཚོགས་པའི་འོས་མིའི་རྩེ་ཕུད་དུ་སླེབས་མཁན་སན་ཊོ་རུམ་(Rick Santorum) དང་། རོམ་ནེ་(Mitt Romney) གཉིས་ཀྱིས་ཨོ་བྷ་མས་ཨེ་རན་རྡུལ་མཚོན་མཚམས་འཇོག་གི་གནད་དོན་ཐད་བཟུང་བའི་སྲིད་ཇུས་ནུས་མེད་ཅིག་ཡིན་པའི་སྐྱོན་བརྗོད་བྱས་ཡོད་ལ། སྤྱི་མཐུན་ཚོགས་པའི་མགོ་ཁྲིད་མེག་ཀཱོན་ནེལ་(Mitch McConnell) གྱིས། ཨེ་རན་ལ་ཁ་གཏད་གཅོག་རྒྱུར་དྲག་ཤུགས་བེད་སྤྱོད་བྱ་རྒྱུར་གྲོས་ཚོགས་ཀྱིས་ཆོག་མཆན་སྤྲོད་དགོས་པའི་སྐུལ་འདེད་ཞུས་པ་ལྟར། གྲོས་ཚོགས་ནང་གླེང་སློང་ཤུགས་ཆེན་བྱུང་ཡོད།

ཉེ་སྔོན་ཕྱི་ཟླ་ ༢ ཚེས་ ༡༤  ཉིན་ཨེ་རན་རྒྱལ་ཡོངས་བདེ་འཇགས་ལྷན་ཁང་གི་མགོ་གཙོ་ཇཱ་ལེ་ལེ་ (Saeed Jalili)ཡིས་རྒྱལ་སྤྱིའི་སྲིད་གཞུང་དག་དང་ལྷན་དུ་རྡུལ་མཚོན་ལས་གཞི་ཚུད་པའི་གནད་དོན་ཁག་ལ་བསྐྱར་དུ་གྲོས་མོལ་བྱ་འདོད་ཡོད་ལུགས་བརྗོད་པར། ཡུ་རོབ་མཐུན་ཚོགས་ཀྱི་ཕྱི་སྲིད་ལྷན་ཁང་གི་ཚོགས་གཙོ་ལྕམ་ཨ་ཤི་ཊོན་(Catherine Ashton) གྱིས། རྒྱལ་ཚོགས་གཏན་འཇགས་རྒྱུན་ལས་ལྔ་(ཨ་རི་དང་རཱ་ཤི་ཡ། རྒྱ་ནག ཧྥ་རན་སི། དབྱིན་ཇི། )དང་འཇར་མན་བཅས་ཀྱི་ཚབ་བྱས་ཏེ། ཨེ་རན་གྱི་རྡུལ་མཚོན་གནད་དོན་ཐད་གྲོས་མོལ་བྱ་འདོད་ཡོད་ལ། དེ་ལ་ཨེ་རན་ཕྱོགས་ནས་ཁ་ཞེ་གཉིས་མེད་ཐོག་གྲོས་མོལ་བརྒྱུད་མཇུག་འབྲས་ཡག་པོ་ཞིག་ཡོང་རྒྱུར་རེ་བ་བྱེད་ཀྱི་ཡོད་པར་བརྗོད་ཡོད།

ཆབ་སྲིད་དབྱེ་ཞིབ་པ་ཁག་ཅིག་གིས་ཨེ་རན་དང་མཉམ་དུ་གྲོས་མོལ་བྱ་རྒྱུར་སྟོབས་ཆེན་རྒྱལ་ཁབ་ ༦ གིས་མོས་མཐུན་བྱས་པ་དེ་ཕྱོགས་གཅིག་ནས་བཟང་ཕྱོགས་ཀྱི་གོམ་སྟབས་གཅིག་ཡིན་ཡང་། ཕྱོགས་གཞན་ཞིག་ནས་རྒྱལ་ཁབ་ཁག་ཅིག་གི་ལངས་ཕྱོགས་བརྟན་པོ་མེད་སྟབས། དངོས་གཞིའི་གྲོས་མོལ་སྐབས་ཨེ་རན་ལ་དམག་འཁྲུག་བཤམ་རྒྱུའི་རླུང་ཡམས་དེ་རྒྱ་ཡན་དུ་གཏོང་ཐབས་བྱེད་སྲིད་པའི་ཚོད་དཔག་བྱས་ཡོད་ལ། དེ་བཞིན་ཡུ་རོབ་བདེ་འཇགས་གནད་དོན་ཐད་ཀྱི་ཆེད་མཁས་པ་དང་། འཇར་མན་ཕྱི་འབྲེལ་ལྷན་ཁང་གི་སྐུ་ཞབས་རའེ་ཀེ་(Henning Riecke) ཡིས་ཀྱང་ “སོ་སོའི་དགྲ་བོ་ཁ་འཐོར་དུ་གཏོང་རྒྱུར་ཐབས་མཁས་ཀྱི་སྒོ་ནས། ཕ་རོལ་བོའི་ཤོག་ཁག་གི་མི་སྣ་འགར་རེར་འཆམ་པོ་དང་མཐུན་ལམ་བྱ་རྒྱུ་ནི་དེ་འདྲའི་དཀའ་ལས་ཁག་པོ་ཞིག་མ་རེད་”ཅེས་བརྗོད་ཡོད་པ་རེད།

༢༠༠༣ ལོར་ཨེ་རན་རྡུལ་མཚོན་ལས་གཞིའི་ཐད་ཧྥ་རན་སི་དང་འཇར་མན། དབྱིན་ཇི་གསུམ་གྱིས་སྐད་ཆ་བཤད་ཡོད་པ་དང་། ༢༠༠༦ ལོར་བསྐྱར་དུ་གོང་གི་རྒྱལ་ཁབ་གསུམ་གྱི་སྟེང་ཨ་རི་དང་རྒྱ་ནག རཱ་ཤི་ཡ་གསུམ་མཉམ་ཞུགས་ཐོག་གྲོས་མོལ་བྱས་ཡོད། དེ་བཞིན་ ༢༠༡༠ དང་ ༢༠༡༡ བཅས་ནང་རིམ་པར་གྲོས་མོལ་བྱུང་ཡོད་ཀྱང་གྲུབ་འབྲས་བྱུང་མེད།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Some Chinese students celebrate graduation in New York. Photo: IC
Mobile App

རྒྱ་ནག་དང་འབྲེལ་འདྲིས་ཡོད་པའི་ཨ་རིའི་སློབ་ཆེན་ཁག་ལ་རོགས་དངུལ་སྤྲོད་ལེན་མི་ཆོག་པའི་ཁྲིམས་འཆར་བཏོན།

ཆུ་ཚོད་ ༩ སྔོན་ལ།
Volker Türk, High Commissioner for Human Rights, welcomes the journalist at the Palais Wilson. 17 October 2022. UN photo by Violaine Martin
Mobile App

གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྩིས་མེད་གཏོང་བའི་སྲིད་ཇུས་རྣམས་མཚམས་འཇོག་དགོས་པ་ནན་བརྗོད་གནང་།

ཆུ་ཚོད་ ༡༢ སྔོན་ལ།
མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་རིང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས། དྲ་ལམ་གྱི་པར། ༢༠༢༦།༦།༡༨
Mobile App

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༢
རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་དམག་དོན་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ ཡི་ལས་རྟགས། ༢༠༢༦།༦།༢༢ པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།

༢༠༢༦/༠༦/༢༢
Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༦/༢༢
ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese