མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གསུམ་བཅུའི་དུས་དྲན་རྗེས་དྲན་བྱེད་སྟངས།

བོད་ཀྱི་དུས་བབ།
༢༠༡༢/༠༣/༠༩
Share on FacebookShare on TwitterShare on EmailShare on Whatsapp

ཨ་འདུས་མིག་ཆུ། ས་རཱ།

 

གསུམ་བཅུའི་འོས་ལངས་ཀྱི་ངོ་བོ་བཤད་པ།

 

གསུམ་བཅུའི་དུས་དྲན་ནི་སྲིད་གཞུང་གི་རྩ་འཛུགས་ཡོད་པ་དང་། ཚོགས་པ་གང་ཞིག་གི་སྒྲིག་འཛུགས་ཡོད་པའི་ཐོག་བྱས་བཞག་པའི་ཞི་བའི་འོས་ལངས་ཆེན་པོ་ཞིག་མ་རེད། དེ་ནི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་ཆག་དང་འཇིག་གི་སྐེ་མཚམས་རང་ལ་ཡོད་པའི་སྐབས་ཏག་ཏག་ལ། མི་དམངས་བྱིངས་ཀྱིས་རྟོགས་པ་སད་ཅིང་། བློ་སྟོབས་རྒྱས་ཏེ་བྱུང་བའི་ཞི་རྒོལ་ཆེན་པོ་ཞིག་རེད། ཞི་བའི་འོས་ལངས་རང་ཡིན་པ་ལས་དྲག་རྒོལ་གྱི་ཐབས་ཤེས་ཀྱི་ལམ་ལ་ཞུགས་པ་ཞིག་མིན་ལ། དམངས་བྱིངས་ཀྱིས་རྒོལ་ཐབས་ཤིག་ཡིན་པ་ལས་སྲིད་གཞུང་ཞིག་གིས་ཇུས་གཏོགས་བྱས་ནས་སྣེ་ཁྲིད་པའི་ཞི་རྒོལ་ཞིག་གཏན་ནས་མིན།

གསུམ་བཅུའི་འོས་ལངས་ཀྱི་མཚོན་དོན།

 

གསུམ་བཅུའི་འོས་ལངས་ཆེན་པོའི་མཚོན་དོན་ནི། རྒྱལ་ཁབ་ཅིག་དང་མི་རིགས་ཤིག་ཆག་འཇིག་གི་གནས་ལ་གྱར་བའི་སྐབས་སུ། རྒྱལ་འབངས་མི་སེར་མཐུན་སྒྲིལ་མཉམ་གནས་དང་། ཕྱར་བ་གྲུ་འདེགས་ཀྱི་ཚུལ་གྱིས་རྒྱལ་ཁབ་སྲུང་སྐྱོབ་དང་། མི་དམངས་མཐུན་སྒྲིལ་དགོས་པའི་བླ་འབོད་བྱས་པ་ཞིག་མཚོན་ཐུབ་ལ། ཡང་ན་རྒྱལ་ཁབ་ཅིག་སྲུང་སྐྱོབ་བྱེད་དགོས་ན། མི་རིགས་ཤིག་གི་བླ་ན་མེད་པ་དང་། གོང་ན་མེད་པའི་དབུ་ཁྲིད་དེ་རང་ཉིད་ཀྱི་ཚེ་སྲོག་ལས་ཀྱང་ལྷག་པར་བརྩི་བའི་རྟོགས་སད་ཀྱི་འོད་སྣང་མཚོན་ཐུབ་པ་མ་ཟད་བོད་རང་ཉིད་ལ་མཚོན་ན། རྒྱལ་གཅེས་དཔའ་བོ་དཔའ་མོ་དག་གིས་རྒྱལ་ཁབ་དང་དབུ་ཁྲིད་འབངས་མི་དང་བཅས་པ་རང་ཉིད་ཀྱི་བླ་སྲོག་གིས་སྐྱོབ་པའི་བློས་གཏོང་གི་བསམ་བློའི་རྒྱ་ཁྱོན་དེའང་མཚོན་ཐུབ། གསུམ་བཅུའི་དུས་དྲན་ནི་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་གྲངས་མེད་ཅིག་གི་ཚེ་སྲོག་མཚོན་ཁ་ནས་ཆས་པ་དང་། ཟུངས་ཁྲག་གི་བཞུར་རྒྱུན་ཐོག་མར་འབབ་སའི་ས་མཚམས་དེ་ཡིན། གསུམ་བཅུའི་དུས་དྲན་ནི། ༡༩༥༩ ལོའི་ཟླ་ ༣ པའི་ཚེས་ ༡༠ ཉིན་ནས་འགོ་བརྩམས་དེ་ད་ལ་ཐུག་གི་བར་རང་དབང་གི་སླད་དུ་ཚེ་སྲོག་ཤོར་སོང་བའི་རྒྱལ་གཅེས་པ་དག་གི་གཟི་བརྗིད་དང་བྱས་རྗེས་དྲན་པའི་ཉི་མ་ཞིག་ཡིན་པ་ལས། ཤག་ན་གློག་བརྙན་ལྟ་བ་དང་། སློབ་སྦྱོང་ཐོས་བསམ་བྱེད་པའི་ཁ་གཡར་ཁག་དཀྲི་བྱེད་པའི་དུས་སྐབས་ཤིག་མ་རེད།

 

གསུམ་བཅུ་དུས་དྲན་གྱི་དོན་སྙིང་།

 

གསུམ་བཅུའི་དུས་དྲན་འདི་ཡོད་པས་འུ་ཚང་ལ་ད་ལྟའི་ཉི་མ་འདི་ཡོད་སོང་བ་རེད། ད་ལྟའི་ཉི་མ་འདི་བཙན་བྱོལ་དུ་གྱར་བའི་ལོ་ཟླ་ཞིག་ཡིན་དུ་ཆིག་ཀྱང་། ད་བར་བོད་པ་ཞེས་པའི་མིང་ཡིག་འདི་ལོ་རྒྱུས་ཀྱི་དེབ་ཐེར་ཁྲོད་གསལ་ལ་མི་གསལ་བའི་གཟུགས་རིས་ཙམ་མ་ཡིན་པར་ས་ཆེན་གྱི་གོ་ལའི་སྟེང་ན། དཔའ་འཛངས་གཉིས་འཛོམས་དང་། ཡ་རབས་ཀུན་སྤྱོད་ཀྱི་ཕྱུག་པའི་མི་རིགས་གསོན་པོ་ཞིག་ཆགས་བསྡད་པའི་གོ་སྐབས་འདི་བྱུང་བ་རེད། འདི་ཡང་ལྔ་དགུའི་ལོ་ནག་གི་ཁྲོད་ན་སྒལ་ཚིགས་དྲང་མོ་ཡོད་པའི་གནའ་མི་རྒན་པོ་དག་གིས་དཔའ་དང་ཇུས་ཀྱིས་བཞེངས་པའི་གྲུབ་དོན་ཉག་གཅིག་ཡིན་ལ། བོད་ཀྱི་དཔའ་བོ་དཔའ་མོ་དག་གི་ཁྲག་དང་རྣག་གིས་བསྐྲུན་པའི་མཐའ་འབྲས་འབའ་ཞིག་གོ།།

 

བོད་གངས་ཅན་པའི་བློ་རིག་གསལ་ལ། སྙིང་སྟོབས་ཀྱི་གོ་ཆ་གྱོན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་དང་། རྒྱལ་ཞེན་ལྡན་ལ་དད་འདུན་གྱི་སེམས་པ་དཀར་བའི་མང་ཚོགས་དཀྱུས་མི་དག་གི་འོས་ལངས་རབ་དང་རིམ་པ་འདི་དག་མེད་སོང་ན། མཉམ་སྦྲེལ་རྒྱལ་ཚོགས་དང་། རྒྱ་ནག་ལ་རེ་བའི་ཞི་མཐུན་གྱི་གྲུབ་དོན་ཞིག་ནམ་ཡང་ཐོབ་སྲིད་པ་ཞིག་མ་རེད།

སང་ཉིན་ང་ཚོ་ལངས་ནས་ངོ་རྒོལ་བྱེད་དགོས་དོན།

ང་ཚོ་ལ་རྐང་པ་ཡོད་པས་འགྲོ་ས་མ་རག་པ་དང་། ཁ་ཡོད་པས་འབོད་སྒྲ་སྒྲོག་ས་ཞིག་མ་རག་པས་མ་རེད། ལྷག་པར་བྱུང་རབས་ལོ་རྒྱུས་ཁྲོད་གསུམ་བཅུ་དུས་དྲན་མི་ཡུལ་དུ་སྐྱེ་འཇུག་མཁན་གྱི་ཐོག་མའི་མི་བུ་རྒན་པོ་དག་དང་། དེ་རྒྱུན་སྐྱོང་བྱེད་པའི་རྒྱལ་གཅེས་པ་དེ་དག་རང་ཁྱིམ་དྲོད་མོར་ལྷོད་ཀྱིས་བསྡད་དེ་དཔེ་ཀློག་དང་། ལོ་རྒྱུས་དེ་དག་གི་གློག་བརྙན་ལ་བལྟས་ནས་འདུག་མ་ཤེས་པ་གཏན་ནས་མ་རེད། ཡང་གཅིག་བཤད་ན། འུ་ཚོ་སྐད་འབོད་ཁྲོམ་སྐོར་ལ་འགྲོ་བ་ནི། འུ་ཚོ་རང་ཉིད་ཀྱི་ཁྱིམ་གཞི་དྲོད་མོ་འདིའི་ཆེད་དུ་ཡིན་པ་ལས་རྒྱལ་སྤྱིའི་མགོ་སེར་མིག་ལྗང་ཅན་དག་གི་ཆེད་དུ་མ་ཡིན། དེ་དག་ཉོབ་སོང་བས་འུ་ཚོ་བླ་འཁྱམ་དགོས་དོན་གཏན་ནས་མེད་ལ། དེ་དག་གི་རྒྱབ་སྐྱོར་མེད་ན་འུ་ཚོ་ཐང་ཆད་དགོས་དོན་གང་ན་ཡོད་ཨང་།།

       

འུ་ཚོས་ད་བར་སློབ་སྦྱོང་ལ་ཁ་གཡར་ནས་ལོ་གཅིག་གི་ཟླ་བ་བཅུ་གཉིས་རིང་སློབ་གྲྭའི་ར་བ་ཁོ་ནར་སྟུག་དྲི་སྐྱིད་ཐག་ཆོད་རེ་བཏང་ནས་བསྡད་པ་རེད་ལ། ཇི་ཡང་མ་བྱས་གང་ཡང་མ་འཇོན་པར་ལག་པ་བྲང་འབྱར་དང་། རྐང་པ་རྡོག་རྡོག་གི་རྣམ་ཐར་བསྐྱངས་ནས་ལོ་ཟླ་བསྐྱལ་ཡོད་ཀྱང་། ལོ་ཟླ་དེ་འདྲའི་རིང་པོ་ཞིག་གི་ནང་མི་རིགས་ལ་ཕན་པའི་སློབ་སྦྱོང་ཕུ་ཐག་ཆོད་པ་ཞིག་བྱེད་ཐུབ་མེད་པས་ན། བླ་ན་འབར་ཞིང་མང་ཚོགས་རང་བཞིན་ཅན་གྱི་ཞི་བའི་འོས་ལངས་ཆེན་པོའམ་དཔའ་བོ་དཔའ་མོ་དག་གི་མཛད་རྗེས་དྲན་པའི་གསེར་པོ་གསེར་ནག་ལྟ་བུའི་གལ་ཆེན་དོན་གྱི་ཉི་མ་འདི།

འུ་ཚོས་སྐད་འབད་ཁྲོམ་སྐོར་གྱིས་སྲུང་བརྩི་བྱེད་དགོས་ལ། ཉི་མ་འདི་ནི་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་གིས་རང་ཉིད་བློ་གཏོང་བྱེད་པའི་ཉིན་མ་གལ་ཆེན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པས་འུ་ཚོ་སང་ཉིན་ཡར་ལངས་རྒྱག་དགོས་ལ། སྐད་འབད་བྱེད་དགོས། སེམས་པ་སྐྱོ་ལྷང་ལྷང་དང་། རྣམ་འགྱུར་སྐྱོ་ལ་གདུང་བའི་ངང་ནས་གཤར་དགོས། འདིས་བོད་པ་ཞེས་པ་ཞིག་གང་ས་གང་ན་འབུར་ནས་ཡོད་པ་ཤེས་པར་བྱེད་དགོས་ལ། བོད་ཞེས་པ་ཞིག་དུས་ནམ་ཡང་འཇིག་པ་མེད་ལ་སུབ་ཏུ་མེད་པའི་བརྡ་སྤྲོད་གསལ་ཐག་ཆོད་པ་ཞིག་གནང་དགོས་ཨང་།

       

སང་ཉིན་ཤག་ན་སྐྱིད་པོ་བྱས་ཏེ་ཉལ་མཁན་ཐམས་ཅད་ལ་བོད་ཀྱི་མིང་ཙམ་ཡོད་ཀྱང་རྩྭ་གཟུགས་ཀྱི་ཕུང་པོ་ཞིག་རེད་འདོད་ལ། སང་ཉིན་སྒེར་དོན་བསྒྲུབས་ནས་འདུག་མཁན་དག་ནི། སྐྱེ་ས་བོད་ཁོངས་ཡིན་ཡང་རུས་གསེང་ན་རྐང་མེད་པའི་མི་རྐྱང་རྐྱང་རེད་འདོད། སང་ཉིན་གྱི་ཉི་མའི་རིན་ཐང་མི་ཤེས་མཁན་དག་ནི་བོད་པའི་དྲི་མ་མེད་ལ།

བོད་རྒྱལ་ལོ།

༧རྒྱལ་བ་རིན་པོ་ཆེ་རྒྱལ་ལོ།

རྒྱལ་གཅེས་པ་དག་རྒྱལ་ལོ།

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

སྐར་མ ༣༤ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

མཆན། 1

  1. རྡོ འཇམ་ཚུལ། says:
    ལོ་ 14 སྔོན།

    སེམས་ཚོར་རྣོན་པོ་རྣོན་པོ་ཞིག་གིས་སྡོད་དུ་མ་བཅུགས་པ་འདྲ། བདེན་པ་རེད་ལྷག་དོན་དུ་ཉི་མ་འདི་གཞོན་རབས་པ་ཚོས་ངེས་པར་དུ་མཉམ་ཞུགས་བྱེད་གལ་ཆེ་བར་སེམས་ཡོད་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese