མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

༄༅།།རིས་མེད་བླ་སྤྲུལ་ལྷན་ཚོགས་ཀྱི་གལ་ཆེའི་གསལ་བསྒྲགས།

བོད་ཀྱི་དུས་བབ།
༢༠༡༢/༠༣/༡༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་བསྟན་དར་ཞིང་འགྲོ་ཀུན་བདེ་བ་དང་ལྷག་པར་དེང་སྐབས་ཆེས་གཉན་ཕྲེང་གི་དུས་འདིར་བོད་སྤྱི་མཐུན་གྱི་བསོད་ནམས་རྒྱ་ཆེར་གསོག་པ་དགོས་གལ་ཆེ་བར་ལྷ་བླའི་ལུང་བསྟན་བཞིན་བོད་གྱི་ཆོས་བརྒྱུད་ཆེན་པོ་བཞི་གཡུང་དྲུང་བོན་དང་བཅས་ཀྱི་བསྟན་པའི་བདག་པོ་ཆོས་བརྒྱུད་གྱི་དབུ་འཛིན་རྣམས་ཀྱི་གཙོས་བོད་གྱི་བླ་ཆེན་ཁག་གི་བཞེད་དགོངས་གཅིག་ཏུ་བབ་པ་ནི་དུས་རབས་གསར་བའི་ནང་སྤྱིར་འཛམ་གླིང་ཞི་བདེ་དང་ཁྱད་པར་བོད་གྱི་ཆོས་དང་རིག་གཞུང་ཆགས་འཇིག་གི་སོ་མཚམས་འདིར་ཆེས་གནད་དུ་ཆེ་བ་ནི་བོད་རིགས་ཡོངས་ལ་ཕྱོགས་ཞེན་འཐེན་འཁྱེར་མེད་པར་དམ་ཚིག་གོང་བུ་གཅིག་གྱུར། ལས་འབྲས་བླང་དོར་སྲུང་བ། དགེ་སྒྲུབ་ལ་འབད་པ་སོགས་བོད་སྤྱི་མཐུན་གྱི་བསོད་ནམས་འཕེལ་བའི་རྒྱུ་ཚོགས་ལ་འབད་པ་དགོས་གལ་ཆེ་བར་རྩེ་གཅིག་ཏུ་གཟིགས་པ་བཞིན་ལས་དོན་འདིར་ཆེད་དམིགས་ཀྱིས་ ༢༠༡༡ ཟླ་ ༥ ཚེས་ ༣༠ ཉིན་ཆོས་བརྒྱུད་ལྔའི་དབུ་འཛིན་རྣམས་ཀྱི་སྐུ་ཚབ་ལྔ་དབུ་བཞུགས་ཐོག་རྒྱུན་ལས་ཁག་ཅིག་མཉམ་འཛོམས་ཀྱིས་རིས་མེད་བླ་སྤྲུལ་ལྷན་ཚོགས་ཚུགས་རྒྱུར་གྲོས་འཆམ་བྱུང་།བོད་ཆོལ་ཁ་གསུམ་བོད་རིགས་ཡོངས་རྫོགས་ལ་ཉིན་བརྒྱ་དུས་གཅིག་ཏུ་དགེ་སྒྲུབ་སྐུལ་འདེད་གཏོང་རྒྱུ་ལྷན་ཚོགས་འདིའི་ལས་དོན་གྱི་གཙོ་བོ་ཡིན་པས་གཤམ་གསལ་ལྟར་རྒྱ་ཆེའི་བོད་རིགས་ཡོངས་ཀྱིས་ཐུགས་སྣང་གཟབ་ནན་གྱིས་ལས་རིམ་ལག་ལེན་ལ་ཐེབས་རྒྱུར་འབོད་སྐུལ་ཞུ་རྒྱུ། དེས་ན་ང་ཚོའི་གྲོས་ཆོད་ལྟར་ཟླ་རེའི་ནང་དགེ་སྒྲུབ་འབོད་སྐུལ་ཞུ་རྒྱུར་བོད་ཟླ་ ༡ སྟོན་པའི་མཚན་སྔགསབོད་ཟླ་ ༤ མ་ཎི་དང་སྨྱུངས་གནསབོད་ཟླ་ ༥ སློབ་དཔོན་རིན་པོ་ཆེའི་མཚན་སྔགས། སྤྱི་ཟླ་ ༧ རྒྱལ་བའི་མཚན་སྔགས། བོད་ཟླ་ ༩ སྒྲོལ་མ་གྲངས་གསོག་བྱ་རྒྱུར་འབོད་སྐུལ་ཞུ་བ་ལགས་ན་བོད་རིགས་ཡོངས་ཀྱིས་ཕན་ཚུན་ལ་གོ་བརྡ་ངེས་འཕྲོད་གནང་རྒྱུ་དང་ལྷག་པར་རིས་མེད་བླ་སྤྲུལ་རྣམས་ཀྱིས་འབྲེལ་ཡོད་མི་མང་ལ་བརྡ་ལན་དུས་ལྟར་གནང་རྒྱུར་འབོད་སྐུལ་ཞུ་རྒྱུ། ཁྱད་པར་དུ་ ༢༠༡༢ སྤྱི་ཟླ་ ༩ ཚེས ༢༢-༢༣ ཉིན་གཉིས་རིང་བོད་ཕྱི་ནང་གཉིས་ནས་ཉིན་བརྒྱ་དུས་གཅིག་ཏུ་སྨྱུངས་གནས་དང་མ་ཎི་གྲངས་གསོག་བྱ་རྒྱུ། དེ་དང་དུས་མཚུངས་ ༢༠༡༢ སྤྱི་ཟླ་ ༩ ཚེས་ ༢༣ ཉིན་རིས་མེད་བླ་སྤྲུལ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་གཉིས་བ་རྒྱལ་ས་ལྡི་ལིར་སྐོང་ཚོགས་ཞུ་རྒྱུ་ལགས་ན་རྒྱ་ཆེའི་མི་མང་ཡོངས་ཀྱིས་དེ་དོན་དགོངས་འཇགས་འཚལ།

འབྲེལ་བ་གནང་ཡུལ།     
བརྩི་བཞག་སྤྲུལ་སྐུ། 09620143528      
 བྱ་སྤྲུལ་སྐུ།   09679552429 
 བླ་མ་བསོད་ནམས་རིན་ཆེན།  09897976888      
ཞེས་རིས་མེད་བླ་སྤྲུལ་ལྷན་ཚོགས་ཀྱི་རྒྱུན་ལས་ཐུན་མོང་བས་ ༢༠༡༢ ཟླ་ ༣ ཚེས་ ༡༠ ཉིན་གུས་ཕུལ།།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist