མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀྲུའུ་ཝེ་ཆོན་ནམ་རྒྱ་གཞུང་གི་སེམས་འཚབ།

བོད་ཀྱི་དུས་བབ།
༢༠༡༢/༠༣/༡༢
Share on FacebookShare on TwitterShare on EmailShare on Whatsapp

ལུང་རྟོགས།

གོང་གི་ཚིག་དེ་ནི་ཉེ་ཆར་རྒྱ་དམར་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་མགོ་ཁྲིད་ཀྲུའུ་ཝེ་ཆོན་གྱིས་བྲིས་པའི་མི་རིགས་ས་ཁུལ་གྱི་གནད་དོན་ལས་བྱུང་བའི་བསམ་ཚུལ་དེའི་ནང་ཐོན་ཡོད་ལ། དངངས་སྐྲག་གི་ཚིག་དེ་ཐོན་པར་ང་ཚོ་བོད་རིགས་རྣམས་ཀྱི་ངོས་ནས་རྒྱལ་ཁ་ཆེན་པོ་ཞིག་ཡིན་པ་དང་ལྷན་དུ་ང་ཚོས་རྒྱ་དམར་གྱི་གཡོ་ཇུས་ལ་གདོང་ལེན་གྱི་གྲ་སྒྲིག་ཀྱང་བྱེད་དགོས་པ་སྨོས་མེད་རེད། རྒྱ་དམར་གྱི་དཔོན་རིགས་མཐོ་གྲས་ཀྱིས་ད་ལྟའི་བར་རྒྱ་དམར་གྱི་སྲིད་ཇུས་ནང་ནོར་འཁྲུལ་མང་པོ་ཞིག་བྱུང་བ་ཁས་ལེན་བྱས་འདུག་པ་འདི་ང་ཚོས་རྒྱལ་སྤྱིའི་ཐོག་ཁྱབ་བསྒྲགས་བྱེད་རྒྱུ་ཡང་གལ་ཆེ་བར་མཐོང་། རྩོམ་ཡིག་འདི་རྒྱ་ནག་དམར་གཞུང་གི་སྲིད་བྱུས་ཞིག་ཡིན་པ་རྒྱ་གཞུང་ལ་ཞིབ་འཇུག་གནང་མཁན་ཚང་མའི་མཁྱེན་གསལ་ཡིན་པས་འདིར་འགྲེལ་བརྗོད་འཕར་མ་ཞུ་དགོས་མི་འདུག

ཀྲུའུ་ཝེ་ཆོན་གྱི་རྩོམ་ཡིག་ནང་ནོར་འཁྲུལ་ཁས་ལེན་བྱས་པ་ཁག་ངས་འདི་ཐོ་འགོད་བྱས་ཡོད་པ་དག་ནི། ༡༽ མི་རིགས་དང་ཆོས་ལུགས་ལས་དོན་ཐད་དཀའ་ངལ་མི་ཉུང་བ་ཞིག་ཡོད་པ་དང་། ༢༽ མི་རིགས་ནང་ཁུལ་དུ་འགལ་ཟླ་ཡོད་པ། ༣༽ སྤྱི་ཚོགས་ཀྱི་འཕོ་འགྱུར་དང་འཛིན་སྐྱོང་གི་དཀའ་ངལ། ༤༽ནུབ་ཕྱོགས་དགྲ་འཛིན་སྟོབས་ཤུགས། དེ་ལས་ལྷག་པར་དུ་ཀྲུའུ་ཝེ་ཆོན་ནས་འཛེམས་ཟོན་ཅི་ཡང་མེད་པར་༼གུང་ཁྲན་ཏང་དང་ནུས་ལྡན་ཚན་ཁག་ཚོས་མཉམ་རུབ་ཀྱི་རྐྱེན་པས། རྩ་ཁྲིམས་ནང་འཁོད་པའི་མི་རིགས་རང་སྐྱོང་གི་དབང་ཚད་འདི་ཉིད་ལག་བསྟར་དང་མངོན་འགྱུར་བྱུང་མེད༽་ཅེས་ཡོངས་བསྒྲགས་བྱས་ཡོད།

ང་ཚོའི་བཙན་བྱོལ་བོད་གཞུང་གིས་རྩོད་ལེན་བྱེད་བཞིན་པའི་རྒྱ་ནག་གི་རྩ་ཁྲིམས་དབང་ཚད་དེ་ལ་གུང་ཁྲན་ཏང་དང་ནུས་ལྡན་ཚན་ཁག་ཚོས་༼ཚན་ཁག་འདིའི་འཐབ་ཕྱོགས་གཅིག་གྱུར་དང་གཞན་སུ་ཡོད་མེད་གསལ་མི་འདུག་༽ནས་འབད་བརྩོན་ལ་བརྟེན་ནས་མངོན་འགྱུར་བྱུང་མེད་པའི་རྒྱུ་མཚན་གསལ་སྟོན་བྱས་འདུག དབུ་མའི་ལམ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་ནང་ཁྲིམས་མཐུན་གྱི་ཐོབ་ཐང་ཡོད་པའི་བོད་རིགས་ཡོངས་ལ་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་ཚད་ལྡན་མིང་དོན་མཚུངས་པ་ཞིག་དགོས་པ་དེ་ཡིན་པས་ད་ལྟ་སྨྱོ་ཧམ་ཆེ་བའི་རྒྱ་དམར་གཞུང་གིས་མི་ལོ་དྲུག་ཅུ་ལྷག་རིང་རྩ་འཛིན་བྱས་པའི་རྩ་ཁྲིམས་ལ་སྐྱོན་ཆ་ཡོད་པར་ཁས་ལེན་དགོས་བྱུང་འདུག་ལ། ཁས་ལེན་དེ་ཡང་བཟང་ཕྱོགས་ཀྱི་ཁས་ལེན་ཞིག་མ་ཡིན་པར་མི་རིགས་ཀྱི་ཐོབ་ཐང་རྩོད་མཁན་ལ་ཆེད་དུ་ཁ་གཏད་གཅོག་ཆེད་རྩ་ཁྲིམས་ནང་འཁོད་པའི་ཐོབ་ཐང་ཚང་མ་ནག་གསུབ་གཏོང་འཆར་ཞིག་ཡིན།

ཀྲུའུ་ཝེ་ཆོན་ནས་བསམ་ཚུལ་དེ་འདྲ་ཞིག་འདོན་པའི་དམིགས་ཡུལ་གཙོ་བོ་མི་རིགས་མཐུན་སྒྲིལ་དང་བརྟན་བརླིང་སྲུང་སྐྱོབ། རྒྱལ་ཁབ་གཅིག་གྱུར་སྲ་བརྟན་ཆེད་ཡིན་པར་བརྗོདཡོད་མོད། གོང་དུ་དྲངས་པའི་༼གུང་ཁྲན་ཏང་དང་ནུས་ལྡན་ཚན་ཁག་ཚོས་མཉམ་རུབ་ཀྱི་རྐྱེན་པས། རྩ་ཁྲིམས་ནང་འཁོད་པའི་མི་རིགས་རང་སྐྱོང་གི་དབང་ཚད་འདི་ཉིད་ལག་བསྟར་དང་མངོན་འགྱུར་བྱུང་མེད།༽ཚིག་དེ་ལས་གུང་ཁྲན་ཏང་ནས་རྩ་ཁྲིམས་ནང་འཁོད་པའི་དབང་ཚད་དང་ཐོབ་ཐང་མངོན་འགྱུར་བྱུང་བཅུག་མེད་པ་ཁས་ལེན་བྱས་པ་འདི་ལ་ཀྲུའུ་ཝེན་ཆོན་གྱིས་ལན་འདེབས་ཇི་ལྟར་བྱ། ཚིག་དེ་ལས་གུང་ཁྲན་ཏང་དང་ཚན་ཁག་ཁ་ཤས་ཀྱིས་རྩ་ཁྲིམས་རྩིས་མེད་བྱས་པ་གསལ་བོར་བརྗོད་འདུག་སྟབས། རྒྱལ་ཁབ་ཀྱི་རྩ་ཁྲིམས་རྩིས་མེད་གཏོང་མཁན་ཞིག་ལ་མི་རིགས་མཐུན་སྒྲིལ་དང་བརྟན་རླིང་སྲུང་སྐྱོབ་སོགས་བརྗོད་པའི་དབང་ཆ་ག་ལ་ཡོད། མདོར་བསྡུས་ན། ཀྲུའུ་ཝེ་ཆོན་གྱི་རྩོམ་ཡིག་ནང་བརྗོད་པའི་གུང་ཁྲན་ཏང་དང་ཚན་ཁག་དེ་ཚོ་རྒྱ་ནག་མི་དམངས་ཀྱི་དགྲ་བོ་ངོ་མ་དེ་རེད། གང་ཡིན་ཟེར་ན་ཁོ་ཚོས་རྩ་ཁྲིམས་རྩིས་མེད་གཏོང་བ་དང་། རྩ་ཁྲིམས་ཀྱི་ཞན་ཆ་དེས་ཁོང་ཚོའི་འདོད་དོན་འགྲུབ་མི་སྲིད་པའི་སེམས་འཁྲལ་བྱེད་ཀྱི་ཡོད་པ་དེ་རེད།

ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༥ ཉིན་ཨོ་སི་ཊི་ལི་ཡ་ནས་སྤེལ།

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བརྒྱད་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ནི་ང་ཚོའི་སྒལ་ཚིགས་ལྟ་བུ་རེད་ཅེས་གསུངས་སོང་། 

ཆུ་ཚོད་ ༣ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གྲོས་གཞིའི་ནང་ཚུད་དགོས་ཟེར།  

ཆུ་ཚོད་ ༤ སྔོན་ལ།
Liu Zhenli (left) and Zhang Youxia, are former members of China's top military authority. Photos: Handout, EPA
Mobile App

རྒྱ་ནག་གི་མཐོ་རིམ་དཔོན་རིགས་གཉིས་དམག་སྲིད་ཏང་གསུམ་གྱི་ཁོངས་ནས་ཕྱིར་ཕུད་བྱས།

ཆུ་ཚོད་ ༦ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ངས་བོད་ཀྱི་དོན་དུ་རང་སྲོག་བློས་བཏང་བྱས་པའི་བོད་མི་ ༡༧༡ གི་ཆེད་དུ་ལས་འགུལ་སྤེལ་གྱི་ཡོད།

༢༠༢༦/༠༩/༢༣
རྒྱལ་ལོ་ལགས་ཀྱིས་གཟེངས་རྟགས་བཞེས་སྐབས་གཏམ་བཤད་གནང་བཞིན་པ། པར་རྒྱལ་ལོ་ལགས་ཀྱིས་མཁོ་སྤྲོད་བྱས།
Mobile App

རྒྱལ་ལོ་ལགས་སུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་ཐོབ།

༢༠༢༦/༠༩/༢༣
Mobile App

བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་གཅིག་གི་ལས་འགུལ་དབུ་འཛུགས་ཞུས་སོང་།

༢༠༢༦/༠༩/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese