མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚེ་རྡོར་མ་བུ་གསུམ་སྤྱི་ལེ་༩༠ བསྐྱོད་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༣/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཚེ་བརྟན་རྡོ་རྗེ་མ་བུ་གསུམ་ད་ལྟ་ངྷ་ས་ནས་རྩིས་པའི་སྤྱི་ལེ་༩༠ ཙམ་གྱི་སར་འབྱོར་འདུག་ལ། དེ་དགོང་བྷ་ཝལ་ཞེས་པའི་རྒྱ་གར་ས་གནས་ལྷ་ཁང་ཞིག་ཏུ་ཞག་སྡོད་བྱ་རྒྱུ་ཡིན་འདུག

རྩོམ་པ་པོ་གླིང་ཚ་ཚེ་བརྟན་རྡོ་རྗེ་ནང་མི་གསུམ་གྱིས་རྒྱ་གཞུང་ལ་དགོས་འདུན་དོན་ཚན་ལྔ་བཏོན་སྟེ། གསུམ་བཅུའི་དུས་དྲན་ཉིན་བཞུགས་སྒར་ངྷ་ནས་རྒྱལ་ས་ལྷ་ས་བར་ཞི་བའི་གོམ་བགྲོད་ལས་འགུལ་མགོ་འཛུགས་གནང་ཡོད་པ་ལྟར། དེ་རིང་གསར་འགོད་པས་ཁ་པར་བརྒྱུད་ཚེ་བརྟན་རྡོ་རྗེ་ལགས་སུ་ཁོང་མ་བུ་གསུམ་གང་དུ་འབྱོར་ཡོད་མེད་དང་། ལམ་ཁར་དཀའ་ངལ་འཕྲད་ཡོད་མེད་སྐོར་བཀའ་འདྲི་ཞུས་པར་ཁོང་གིས།  “ ད་ལྟ་ང་ཚོ་ངྷ་ས་ནས་སྤྱི་ལེ་ ༩༠ ལྷག་གི་སར་ཡོད་པའི་བྷ་ཝལ་ས་གནས་སུ་འབྱོར་ཡོད་ལ། ད་ལྟའི་ཆ་ལ་གཅུང་མོའི་རྐང་པའི་འོག་རྨ་ཆུང་ཆུང་ཞིག་ཐོན་ཡོད་པ་ཙམ་ལས་དཀའ་ངལ་ཆེན་པོ་དེ་འདྲ་གང་ཡང་འཕྲད་མ་སོང་། འདས་པའི་མཚན་གཉིས་རིང་ང་ཚོ་རྒྱ་གར་ལྷ་ཁང་ནང་ཉལ་ནས་བསྡད་པ་ཡིན། དོ་དགོང་ཡང་རྒྱ་གར་ལྷ་ཁང་ཞིག་ལ་ཆོག་མཆན་ཞུས་ཏེ་འདུག་རྩིས་བྱས་ཡོད། ལམ་ཁ་ནས་གང་ཐུབ་ཀྱིས་རྒྱ་གར་ཡུལ་མི་ཚོར་གོམ་བགྲོད་གྱི་དམིགས་ཡུལ་འགྲེལ་བཤད་རྒྱག་བཞིན་ཡོད། རིགས་གཅིག་གིས་གོམ་བགྲོད་ལས་འགུལ་འདི་ལ་རྒྱབ་སྐྱོར་ཡག་པོ་གནང་གི་འདུག་ ” ཅེས་བརྗོད་སོང་།  

ཡང་གསར་འགོད་པས་ཁོང་མ་བུ་གསུམ་གྱི་གོམ་བགྲོད་ལས་འགུལ་ནང་མཉམ་ཞུགས་བྱེད་མཁན་བྱུང་ཡོད་མེད་སྐོར་དྲིས་པར། “ ད་སྔ་ང་ཚོའི་གོམ་བགྲོད་ནང་མཉམ་ཞུགས་བྱེད་མཁན་གཅིག་ཀྱང་བྱུང་མ་སོང་། ཡིན་ནའང་། ཚོགས་པ་དང་མི་སྒེར་བ་བཅས་ཀྱིས་ཁ་པར་བཏང་སྟེ། ལས་འགུལ་ལ་རྒྱབ་སྐྱོར་ཡོད་ཟེར་མཁན་མང་པོ་འདུགལྷག་པར་དུ། ངྷ་སའི་ཚོགས་པ་སྐྱིད་སྡུག་ཁག་ཉིན་ཤས་རྗེས་ང་ཚོར་བལྟ་རུ་ཡོང་གི་ཡིན་ཟེར།  ”ཞེས་བརྗོད་བྱུང་།

རྩོམ་པ་པོ་ཚེ་བརྟན་རྡོ་རྗེ་ལགས་ནི་རང་ལོ་ ༣༢ ཡིན་པ་དང་། ཁོང་གི་ཨ་མ་ལྡོམ་པོ་སྐྱིད་ལགས་རང་ལོ་ ༥༤ ། གཅུང་མོ་ལྷ་མོ་སྐྱིད་རང་ལོ་ ༡༨ ཙམ་ཡིན་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༣ སྔོན་ལ།
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

ཆུ་ཚོད་ ༦ སྔོན་ལ།
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

ཆུ་ཚོད་ ༢༣ སྔོན་ལ།
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

༢༠༢༦/༠༣/༣༡
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠

མཆན། 19

  1. ལི་ཐང་གི་ལུག་རྫི། says:
    ལོ་ 14 སྔོན།

    མཐོང་ན་མིག་ནས་འཆི་བབས་པའི་ལས་འགུལ་ཞིག བསམ་ན་སེམས་ལ་སྤྲོ་བ་འཕེལ་བའི་ལས་འགུལ་ཞིག་སྟེ་མ་བུ་གསུམ་གྱི་གོམ་བགྲོད་འདི་ཇི་ལྟར་འགྲེལ་དགོས་མི་ཤེས་པ་དེ། ངའི་ཤ་ཁྲག་འདི་བོད་པ་ཚང་ལས་མཆེད་པའི་ཡིན་ནམ། ངའི་སེམས་ཚོར་འདི་མི་རིགས་ཤིག་དང་འབྲེལ་བའི་ཡིན།
    བོད་རྒྱལ་ལོ།

    Reply
  2. བུ་ཡུག says:
    ལོ་ 14 སྔོན།

    བོད་རྒྱལ་ལོ།

    Reply
  3. བུ་ཡུག says:
    ལོ་ 14 སྔོན།

    སྙིང་ནས་བརྩེ་བའི་ཚེ་རྡོར་མ་བུ་གསུམ་ལ་འཚམས་འདྲི་ཡོད།
    ཁྱེད་ཅག་གིས་མི་རིགས་ལ་བཅངས་བའི་བརྩེ་སེམས་དང་ལྷག་བསམ་ལ་སྙིང་ནས་གུས་འདུད་ཞུ། ང་ཚོ་ནམ་ཡང་ཁྱེད་ཅག་གི་འགྲམ་དུ་ཡོད། བོད་རྒྱལ་ལོ།

    Reply
  4. thapkegyatso says:
    ལོ་ 14 སྔོན།

    ནམ་ཡང་རྗེས་སུ་ཡི་རང་ཡོད།བདེན་པ་ནི་རྫུན་དང་ཨ་བྲ་ལྟ་བུར་མཇུག་མ་ཐུང་ཐུང་མ་ཡིན་པར་ཡུན་ཅི་ཙམ་རིང་ན་དེ་ཙམ་གྱིས་བདེན་མཐའ་གསལ་བ་ལགས་པས།མུ་མཐུད་དུ་་་་་་་་བོད་རྒྱལ་ལོ།།

    Reply
  5. འདྲེ་མེ་འབུད། says:
    ལོ་ 14 སྔོན།

    ཁྱོད་ཚོའི་རླབས་ཆེ་བའི་གསར་འགྱུར་རེ་རེ་བཞིན་དྲ་ལམ་ནས་མཇལ་བར་སྨོན།

    Reply
  6. ལྕགས་ཀྱི་མྱི། says:
    ལོ་ 14 སྔོན།

    གླིང་ཚ་མ་བུ་གསུམ་ལ་མཚམས་འདྲི་དང་བྱ་བ་ལམ་འགྲོ་ཡང་བའི་སྨོན་འདུན་ཡོད། དངོས་གནས་ཁྱེད་མ་བུ་གསུམ་གྱི་སྙིང་སྟོབས་ལ་རྗེས་སུ་ཡིད་རུང་ཡོད། ཁྱེད་གསུམ་གྱི་པར་དེ་མཐོང་དུས་ངའི་མིག་མཐའ་ཆུ་ཡིས་ཁེངས་སོང་། ངོ་མ་གཟི་བརྗིད་རེད། བོད་རྒྱལ་ལོ།།

    Reply
  7. སྟག་ཕྲུག says:
    ལོ་ 14 སྔོན།

    ཁྱེད་མ་བུ་གསུམ་ལ་གུད་བཏུད་ཞུ། ཁྱེད་རྣམས་ཀྱིས་རང་མི་རིགས་ལ་བཅངས་པའི་བརྩེ་དུང་དང་རང་གི་རྒྱལ་ཁབ་ལ་བཟུང་བའི་ལ་རྒྱ་ལ་ངས་སེམས་བསམ་པའི་གཏིང་ནས་ཡིད་རང་བྱེད་ཀྱི་ཡོད།
    འདི་དང་ཆབས་ཅིག་གསར་འགོད་པ་རྣམས་ཀྱིས་ཁོང་རྣམས་པའི་ལམ་བར་གྱི་གནས་ཚུལ་དང་དཀའ་སྡུག་གང་བྱུང་བ་དག་སེམས་རྩ་འཁོལ་པོས་བརྒྱུད་ལམ་འདྲ་མིན་གྱི་ནང་དུ་དུས་ཐོག་ཏུ་གཏང་རྒྱུ་ལ་ངས་སྙིང་ནས་འབོད་བསྐུལ་ཞུ་བཞིན་ཡོད།
    ཐུགས་རྗེ་ཆེ།

    Reply
  8. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    ཁྱེད་མ་བུ་གསུམ་གྱིས་རྐང་མགྱོགས་ཀྱི་གོམ་བསྒྲོད་མི་བྱེད་པ་པར་སྨོན།
    ལོ་སྔོ་མ་རྡ་ས་ནས་རྡི་ལིའི་བར་རྐང་མགྱོགས་ཀྱི་གོམ་བསྒྲོད་ལ་ཕྱིན་མྱོང་ཡོད་པ་དེ་དྲན་སོང་།

    Reply
  9. ཅང་མེད། says:
    ལོ་ 14 སྔོན།

    ཁྱེད་གསུམ་ལ་ནད་མེད་ཚེ་རིང་ལོ་བརྒྱ་ཡོང་སྨོན་འདུན་དང་ཆབ་ཅིག་ཏུ་ལམ་ཚག་མེད་སྨོན་ལམ་འདེབས་བཞིན་ཡོད།

    Reply
  10. ནེ་ཤོད་གྲུ་ཁ། says:
    ལོ་ 14 སྔོན།

    ང་ཚོར་སེམས་ཀྱིས་རྨ་ཁ་གསར་པ་ཞིག་ཏེ་ཁྱེད་ཤ་ཁྲག་རུས་གསུམ་གྱི་མ་བུ་གསུམ་པོ་དེ་ཡིན་སོང་ལ། ཁྱེད་གསུམ་པོའི་ལམ་བར་གྱི་བཀྲེས་སྐོམ་དང་ཚ་གྲང་། ཟས་བཅུད་གཉིད་བྲལ་གྱི་བཟོད་དཀའ་བའི་དཀའ་སྡུག་ག་ཚོད་གཅིག་ཡོང་དང་ཡོང་མུས་ཡིན་པ་ཏེ། དེའི་ཚད་ཀྱི་ངེད་ཚོའི་སྙིང་གསོན་པོ་འགུལ་ཤུགས་ཆེ་རུ་འགྲོ་བཞིན་འདུག་པས། དངོས་གནས་ཅི་བྱ་གཏོལ་མེད་དུ་གྱུར། གཅིག་བྱས་ན་འདི་ཡང་ང་ཚོ་ཚང་མ་སྙིང་གི་འཕར་རྩ་གཅིག་དང་ཕྲག་གིས་རྡོག་ཁྲེས་གཅིག་ཡིན་པས་སོ།།

    Reply
  11. གཅན་བཟོད་རྒྱམ། says:
    ལོ་ 14 སྔོན།

    ཁྱེད་གསུམ་གྱི་པར་འདི་མཐོང་ན་མིག་ཆུ་འགོག་མེད་དུ་བཞུར་བ་ལས་གཞན་བཤད་ཤེས་མ་སོང་།
    ཁྱོད་གསུམ་གྱི་དགེ་འདུན་ལ་རྒྱ་གཞུང་གིས་དཀྱེལ་ཡངས་ཀྱིས་ལན་གསལ་བོ་ཞིག་འདེབས་པར་སྨོན།

    Reply
  12. གངས་སྨྱུག says:
    ལོ་ 14 སྔོན།

    གངས་ཅན་གྱི་ཤ་ཁྲག་རུས་གསུམ་ལ་དྲོད་ཁོལ་མ་ཡས་པར། ཚེ་སྲོག་རྣམ་ཤེས་ཀྱི་དབུགས་རྒྱུན་ཀྱི་དྲོད་རླབས་དང་། གཞོམ་བྲལ་རྡོ་རྗེའི་ཚེ་སྲོག་གི་འཁར་བ་ལ་བསྟེན་ནས་གོམ་གྲངས་རེ་རེར་ལ་རྒྱའི་འབོད་སྒྲ་རེར་ལྡེབས་ཀྱིན་མཆོང་ཡོང་བའི་གངས་ཅན་གྱི་མ་བུ་གསུམ་ལ་གུས་འདུད་ཞུ།

    Reply
  13. སྲིན་པོ། says:
    ལོ་ 14 སྔོན།

    ཁྱོད་ཀྱི་ཤ་ཁྲག་རུས་གསུམ་བོད་དོན་གྱི་ཆེད་དུ་ཕུལ་བར་དགའ་བསུ་སྙིང་ནས་ཞུ།

    Reply
  14. ལྗང་སྨྱུག says:
    ལོ་ 14 སྔོན།

    གླིང་ཚ་ཚེ་རྡོ་ཁོང་མ་བུ་གསུམ་གྱི་ཐུགས་སྟོབས་ལ་སེམས་ཁོང་རུས་པའི་གཏིང་ནས་དགའ་བསུ་དང་བསྟོད་བསྔགས་རྒྱབ་སྐྱོར་བཅས་ཡོད། ཁོང་མ་བུ་གསུམ་ལམ་བར་དུ་ཁག་པོ་མི་བྱུང་བའི་སྨོན་འདུན་དང་། རེ་འབྲས་ཕུན་ཚོགས་ཡོང་བའི་རེ་བ་དང་ཡིད་ཆེས་ཡོད། བོད་རྒྱལ་ལོ། །བོད་རྒྱལ་ལོ། །

    Reply
  15. ཤིང་ལོ། says:
    ལོ་ 14 སྔོན།

    ཆོལ་ཁ་གསུམ་དང་མ་བུ་གསུམ།།
    དཀོན་མཆོག་གསུམ་དང་ཀྭ་བ་གསུམ།།

    Reply
  16. འབྲི་གུང་སྤྲོ་ཚེ། says:
    ལོ་ 14 སྔོན།

    ཤ་ཁྲག་རུས་གསུམ་ཁྱེད་མ་བུ་གསུམ་ལམ་བར་དུ་གེགས་མེད་པའི་སྨོན་ལམ་ཡོད།

    Reply
  17. ཚྭ་སྒང་ཕོ་ཉ། says:
    ལོ་ 14 སྔོན།

    ཁྱེད་མ་བུ་གསུམ་གྱིས་ལས་འགུལ་དེ་ལ་རྒྱབ་སྐྱོན་ཆེན་པོའི་ངང་ནས་ཁྱེད་རྣམ་པའི་དམིགས་ཡུལ་དེ་ལེགས་གྲུབ་ཡོང་བའི་སྨོན་འདུན་ཞུ། སེམས་ཤུགས་ལྷག་བསམ་བློས་གཏོང་དེ་དག་ནི་ནམ་ཡང་ང་ཚོའི་སེམས་ནང་རྟན་དུ་གནས་ངེས་ཡིན་ལགས།

    Reply
  18. དཀར་མཛེས་གཉིད་དུང་། says:
    ལོ་ 14 སྔོན།

    ཚེ་བརྟན་རྡོ་རྗེ་མ་བུ་གསུམ་ལ་མཚམས་འདྲི་ཞུ་བ་དང་ཆ་གཅིག་དམིགས་ཡུལ་མ་འགྲུབ་བར་དུ་སེམས་ཤུགས་ཡོད། དཀའ་དྲི་ཆེ།

    Reply
  19. བཀྲ་ཤིས། says:
    ལོ་ 14 སྔོན།

    ཁྱེད་མ་བུ་གསུམ་བོད་ཀྱི་ས་མཚམས་ལ་སླེབས་སྐབས་སུ་ང་ཡང་མཉམ་ཞུགས་བྱེད་རྒྱུ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese