མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་དམག་མི་ཞིག་གི་དྲག་སྤྱོད།

བོད་ཀྱི་དུས་བབ།
༢༠༡༢/༠༣/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཐོ་རངས་ཙམ་ལ་ཨབ་གྷན་ནང་ཡོད་པའི་ཨ་རིའི་དམག་མི་ཞིག་གིས་མེ་མདའ་བརྒྱབ་སྟེ་བུད་མེད་དང་བྱིས་པ་ཚུད་པའི་མི་ ༡༦ དམར་གསོད་ཡོད་འདུག

ཁ་སང་ཕྱི་ཚེས་ ༡༡ ཉིན་གྱི་ཞོགས་པ་སྔ་མོ་ནམ་མ་ལངས་གོང་ཙམ་ལ་ཨབ་གྷན་གྱི་ཁཱན་ཌཱ་ཧར་(Kandahar) ས་གནས་སུ་ཡོད་པའི་ཨ་རིའི་དམག་གི་རྟེན་གཞི་ཞིག་གི་དམག་མི་ཞིག་ཉེ་འགྲམ་གྱི་གྲོང་གསེབ་གཉིས་ནང་ཕྱིན་ཏེ་བུད་མེད་དང་བྱིས་པ་ཚུད་པའི་མི་སེར་དཀྱུས་མ་ ༡༦ ཙམ་མེ་མདའ་བརྒྱབ་སྟེ་དམར་གསོད་དང་། གཞན་མང་པོ་ཞིག་ལ་རྨས་སྐྱོན་བཟོས་ཡོད་འདུག་ལ། དམར་གསོད་བཏང་པའི་ཁྲོད་ཀྱི་འགའ་ཤས་ཤིག་མེར་བསྲེགས་བཏང་སྟེ་ངོས་འཛིན་བྱ་མི་ཐུབ་པ་བཟོས་ཡོད་འདུག

ད་ལྟའི་ཆར་དམར་གསོད་གཏོང་མཁན་དེ་ཨ་རིའི་དམག་མི་ཞིག་ཡིན་པར་ར་འཕྲོད་ཡོད་པ་མ་ཟད། དོགས་གཞི་ཅན་གྱི་དམག་མི་ཞིག་བཀག་ཉར་དང་འདྲི་བཅོད་བྱེད་ཀྱི་ཡོད་ཀྱང་། དམག་མི་དེའི་ཞིབ་ཕྲའི་གནས་ཚུལ་ཕྱིར་བསྒྲགས་བྱས་མེད། གནད་དོན་དེའི་ཐད་ཨ་རིའི་བདེ་སྲུང་དྲུང་ཆེ་པཱ་ནེ་ཊཱ་(Leon Panetta)ཡིས་ཞིབ་བཤེར་འཐིལ་ཕྱིན་པ་ཞིག་བྱེད་བཞིན་ཡོད་སྐོར་བསྒྲགས་འདུག་ལ། གནས་ཚུལ་དེ་བྱུང་འཕྲད་ཨོ་བྷ་མས་ཁ་པར་བརྒྱུད་ཨབ་གྷན་སྲིད་འཛིན་ཧཱ་མེ་ཌི་(Hamid Karzai) ལ་དགོངས་སེལ་ཞུས་པར། ཧཱ་མེ་ཌི་ཡིས་དམར་གསོད་དེ་ནི་གུ་ཡངས་གཏོང་ཐབས་བྲལ་བ་ཞིག་ཡིན་པའི་ལན་འདེབས་བྱས་ཡོད་འདུག

དམག་མི་དེས་དྲག་སྤྱོད་བྱ་དགོས་པའི་རྒྱུ་རྐྱེན་སྐོར་ད་སྔ་ཁ་གསལ་བྱུང་མེད་ཀྱང་། འབྲེལ་ཡོད་ཁག་ཅིག་གིས་ཁོང་ར་བཟུ་བའམ་ཡང་ན་སེམས་ཁམས་བདེ་བོ་མེད་པར་ཆགས་པ་ཞིག་ཡིན་པར་ཚོད་དཔག་བྱེད་ཀྱི་ཡོད་འདུག ད་ཆར་ཆར་ཨ་རི་དང་ཨབ་གྷན་བར་གྱི་གནས་བབ་ཛ་དྲག་ཆེ་རུ་འགྲོ་བཞིན་པ་མ་ཟད། ཨབ་གྷན་ནང་ཡོད་པའི་ཨ་རིའི་གཞུང་ཚབ་ཀྱིས་ཨབ་གྷན་ནང་གི་ཨ་རིའི་མི་སེར་རྣམས་ལ། དོན་རྐྱེན་དེའི་དབང་གིས་ཁོང་ཚོར་དགྲ་ཤ་ལེན་སྲིད་པས་དོགས་ཟོན་བྱ་དགོས་པའི་ཉེན་བརྡ་དང་ཁྱབ་བསྒྲགས་བྱས་ཡོད་ཡོད།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

ཆུ་ཚོད་ ༡༨ སྔོན་ལ།
ཉེ་ལམ་རྒྱ་ནག་གིས་བླ་རུང་སྒར་གཏོར་བཤིག་གཏོང་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་དམག་མི་འབོར་ཆེན་བཀྲམ་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་འདུག 

ཆུ་ཚོད་ ༢༠ སྔོན་ལ།
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༡༧
Mobile App

གཏན་ཉིན་སློབ་གྲྭ་བཅོ་ལྔ་ཡི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག 

༢༠༢༦/༠༨/༡༧
Mobile App

རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་འདུག

༢༠༢༦/༠༨/༡༧
Mobile App

ཡུན་རིང་བའི་རྩ་དོན་འཐབ་རྩོད་ཁྲོད་འབྱུང་ངེས་པའི་ནང་ཁུལ་རྩོད་རྙོག

༢༠༢༦/༠༨/༡༧
Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

༢༠༢༦/༠༨/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese