མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཚོ་གནས་ཀྱི་སྙིང་དོན་ལ་ལྟ་བ།

བོད་ཀྱི་དུས་བབ།
༢༠༡༢/༠༣/༡༤
Share on FacebookShare on TwitterShare on EmailShare on Whatsapp

རྨེ་བ་འཇམ་དཔལ་ནོར་བུ།  

    མིའི་རིགས་ཀྱི་བསམ་བློ་དང་དེའི་ཆེ་བ་ནི་ས་ཆེན་འདིའི་སྒང་གི་མཛེས་སྡུག་གི་སྙིང་བཅུད་ཡིན་པ་ངོས་ཟིན་པའི་དུས་དེ་ནས་བཟུང་། ང་ནི་མིའི་རིགས་ཀྱི་སྐད་ཆའི་ཕྱི་ནང་ན་འཚོ་བའི་སྤྲང་བོ་ཐབས་སྡུག་ཅིག་ཡིན་པ་གཞི་ནས་རྟོགས།  

          གོ་རིམ་དེའི་ཁྲོད་ནས་ང་ངུ་མྱོང་ལ་དགོད་ཀྱང་མྱོང་། དེ་ནི་ཆེས་སྤྱིར་བཏང་གི་མི་ཚེའི་གོ་རིམ་ཞིག་ཡིན་པས། གོ་རིམ་འདི་ནས་ང་གཏན་དུ་རྒྱལ་དགོས་པའི་གནས་ལུགས་ཤིག་ཕྲིས་ཞེས་ཁ་ནང་དུ་འཁོར་ནས་དྲི་འགོད་བྱེད་ཀྱིན་ཡོད། དེ་ནི་དཔལ་འབྱོར་བསྡུ་གསོག་ཙམ་གྱི་ཁྲོད་ན་འཁོར་བའི་འཛམ་གླིང་ཞིག་ལ་ང་དངོས་གནས་ཞེན་པ་ལོག་ཡོད་པས་ཡིན། རྒྱ་གར་བས་ཤེས་རིག་གི་མ་ཡུམ་དུ་འབོད་པའི་ནོ་བྷེལ་རྩོམ་རིག་བྱ་དགའ་བཞེས་མཁན་ཐེ་གོར་ལགས་ཀྱིས། ནོར་རྫས་གསོག་པར་དགའ་བའི་མི་ལ་མཚོན་ན། འདོད་ཞེན་མུ་མེད་པར་ཇེ་ཆེར་འགྲོ་བས་རང་ཉིད་རང་ལ་དབང་བའི་གུ་དོག་པོའི་རྫོང་མཁར་དུ་བཅུག་པ་ཁོ་ན་ཙམ་ལས་ཆ་ཡོངས་སུ་རྫོགས་པའི་མཐུན་སྦྱོར་དང་། ཐམས་ཅད་ཤོང་བའི་བསམ་པའི་འཇིག་རྟེན་གྱི་སྒོ་ཐེམ་ལ་རྡོག་པ་འཇོག་མི་ནུས་སོ།། ཞེས་གསུངས་པ་ནི་དམ་པ་ཁོང་གིས་མིའི་རིགས་ཀྱི་བསམ་བློའི་ངོས་དག་འཚོལ་བའི་མྱོང་རྟོགས་དམར་རྗེན་ཞིག་ཏུ་འདོད། དེའི་ཕྱིར་གནད་དམ་པ་འདིའི་སྟེང་ནས་འཇིག་རྟེན་གྱི་འཚོ་བར་ཡང་མཐའ་གཉིས་དང་བྲལ་བའི་དབུ་མའི་ལམ་ཞིག་དགོས་པར་གསལ་བཤད་བྱས་ཡོད་ལ། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཀྱང་ཁོང་གི་རྗེས་འཇུག་རབ་བྱུང་བ་རྣམས་ལ་དམ་པའི་ཆོས་འདུལ་བ་ལས་འཚོ་བ་མཐའ་གཉིས་སུ་མ་ལྷུང་བ་ཞིག་དགོས་པར་གསུངས་ཡོད་པས། རིགས་ལམ་འདི་ཁ་སང་དེ་རིང་གི་ཕྱི་ཚུལ་རིང་ལུགས་པ་དག་ལ་བསྐོར་ནས་བཤད་ན་འཚོ་གནས་ཀྱི་སྙིང་དོན་ལ་འགྲེལ་བཤད་གསལ་བོ་ཞིག་བྱས་ཡོད་པ་ཡིན། མིའི་འཚོ་གནས་ཀྱི་སྙིང་དོན་ནི་ལྟོ་གོས་ཙམ་གྱི་ཆེད་མིན་པས་ན། ནང་རྟོགས་པའི་འཇིག་རྟེན་ཞིག་ལ་དཔུང་འཇུག་བྱེད་དགོས་པ་ནི་འཚོ་གནས་ཀྱི་སྙིང་དོན་ངོ་མ་ཞིག་ཡིན།

དེ་ལྟར་དཔུང་འཇུག་བྱེད་པ་ལ་ཐོག་མར་རང་ཉིད་ཀྱི་ཆེད་དུ་མེ་རི་བཞིན་འབར་བཞིན་པའི་འདོད་སྲེད་ཟེར་བ་དེ་ལ་དཔུང་འཇུག་བྱེད་དགོས་པ་ཡིན། ཡང་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཁམས་བདེ་བར་གཤེགས་པའི་སྙིང་པོ་ཞུ་བ་དེ་ཡོད་པ་དང་། དེ་ནི་སེམས་ཅན་གྱི་རྒྱུད་ཀྱི་ཉོན་མོངས་པའི་སྦུབས་སུ་མི་མངོན་པའི་ཚུལ་དུ་གནས་ཡོད་པར་གསུངས་ཡོད་ལ། དེའི་སྙིང་དོན་ལྟར་བསྟན་བཅོས་ཆེན་པོ་རྒྱུད་བླ་མ་ལས་རྟོགས་སླ་བའི་ཆེད་དུ་ཁམས་བདེ་བར་གཤེགས་པའི་སྙིང་པོ་མངོན་དུ་བྱ་ཚུལ་ལ་དཔེ་དགུ་དང་དོན་དགུ་གསུངས་ནས་སྒྲིབ་བྱེད་དགུ་བསལ་ནས་བསྒྲིབ་བྱ་དགུ་མངོན་དུ་བྱ་ཚུལ་གསལ་བོ་དག་པོ་ཞིག་གསུངས་ཡོད། དངོས་གནས་དོན་དངོས་པོའི་གནས་ཚུལ་འདི་འདྲ་ཞིག་གི་སྟེང་དུ་ཡོད་ན་ང་ཚོས་ཀྱང་ཆོས་ལུགས་བྱེ་བྲག་པ་ཞིག་གི་འཛིན་སྐྱོང་གི་ལས་ཁོ་ནར་མི་འཇོག་པར་འཚོ་གནས་ཀྱི་སྙིང་དོན་དངོས་ལ་ལྟ་བའི་སྒོ་ནས་ཕུགས་བསམ་ལ་དཔུང་འཇུག་ཅི་ལ་མི་བྱེད།

 

དངོས་གནས་ཞིབ་འདང་ཞིག་བརྒྱབ་ན་འགྲོ་བ་མིའི་རིགས་ཀྱི་ཕུགས་བསམ་ནི་ཅི་ཞིག་ཡིན་འོས། དེ་མངོན་དུ་བྱེད་ཐུབ་སོང་ན་ཆོས་རྣམས་ཀྱི་གནས་ལུགས་རྟོགས་སོང་བ་ཡིན་ནམ། ངས་བལྟས་ན་ང་ཚོ་འགྲོ་མིའི་རིགས་ཀྱི་ཕུགས་བསམ་ནི་མཐའ་མི་མངོན་པའི་ནམ་མཁའི་ཁྱོན་དང་ཆོས་མཚུངས་སུ་གནས་འདུག དེས་ན་འཚོ་གནས་ཀྱི་སྙིང་དོན་དུ་གྱུར་པའི་ཕུགས་བསམ་གྱི་སྒོ་ཆེན་དུ་ཇི་ལྟར་བྱས་ནས་འཛུལ་དགོས། འདི་ནི་ང་ཚོའི་མིག་སྔུན་དུ་ལྷག་པའི་ཆེས་ཞིབ་ཆ་ལྡན་པའི་དྲི་བ་དག་རེད། ཡང་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཡུལ་གང་ལ་ཞུགས་ཀྱང་ཐོགས་མར་ཡུལ་དེ་གང་འདྲ་ཞིག་ཡིན་མིན་ལ་དཔྱད་པ་བྱས་ནས་ཡང་དག་པར་མཐོང་ན་གཞི་ནས་ཞུགས་དགོས་པར་གསུངས་ཡོད། དོན་དངོས་དེ་བཞིན་དུ་རྒྱལ་ཚབ་མ་ཕམ་པས། སངས་རྒྱས་ཀྱི་བཀའི་དགོངས་འགྲེལ་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་སྐབས་སུ་དབང་རྟུལ་ཡུལ་ལ་འཇུག་ཚུལ་དང་། དབང་རྣོན་ཡུལ་ལ་འཇུག་ཚུལ་གཉིས་གསུངས་ཡོད། དབང་རྟུལ་ཡུལ་ལ་འཇུག་ཚུལ་ནི་དད་པ་ཙམ་ལས་རྒྱུ་མཚན་མཐོང་བས་འཇུག་པ་མིན་པ་དང་། དབང་རྣོན་ཡུལ་ལ་འཇུག་ཚུལ་ནི་རྒྱུ་མཚན་མཐོང་ནས་འཇུག་པར་གསུངས་ཡོད། དོན་དངོས་ཀྱི་རིག་ལམ་འདི་དག་ང་ཚོས་འཚོ་གནས་ཀྱི་ཐོག་ཏུ་ཚུར་བསྒྲིལ་ནས་བསམ་ཞིབ་ཅིག་བྱས་ན། ང་ཚོའི་འཚོ་གནས་ཀྱི་སྙིང་དོན་ངོ་མ་ནི་ཅི་ཞིག་ཡིན་དགོས་པ་དང་། གང་ཞིག་ཡིན་འོས་པ་ཡིན།

ང་ཚོ་འཚོ་ཞིང་གནས་པའི་བརྒྱུད་རིམ་ཁྲོད་འབད་འབུངས་བྱས་པ་དག་དོན་དངོས་ཀྱི་ འབབ་ས་ངོ་མ་བོ་གང་ཞིག་ཡིན་དགོས། འདི་ནི་ཐོག་མ་ཉིད་ནས་བསམ་ཞིབ་བྱ་དགོས་སའི་གནས་ཏེ་རེད། ང་ཚོར་ཆབ་སྲིད་ཟེར་ནས་མི་ཆེན་རེ་ཟུང་གི་ལག་འོག་ཏུ་འཁོར་རྒྱུག་བྲིན་པའི་རིག་ལམ་ཞིག་ཅིག་ཡོད་མོད། དོན་ངོ་མར་དེས་ཅི་ཞིག་འོང་གི་འདུག དེ་ནི་ཚད་མཐོ་བའི་བསམ་བློའི་ཁྱབ་ཁོངས་ནས་ཚུར་བལྟས་ན་དངོས་གནས་རིགས་ལམ་དེས་ ང་ཚོར་ཀློང་ཡང་བའི་བསམ་བློའི་རྩེད་ར་ཞིག་འཛུགས་ཐུབ་ཀྱི་འདུག་གམ། མིའི་རིགས་ཀྱི་བསམ་བློའི་སྙིང་བཅུད་ཟེར་བ་དེ་རིགས་ལམ་འདི་འདྲ་ཞིག་གི་མངལ་ནས་འཁྲུངས་པ་རེད་དམ། དེ་ནི་གཏན་ནས་མ་རེད། དེང་གི་སྐབས་འདི་ལ་མཚོན་ནའང་ཤེས་ཡོན་པའི་བསམ་བློར་རང་དབང་མེད་ས་གང་དུ་ཡོད་ན་དེ་རུ་གཉའ་གནོན་དང་ཐུབ་ཚོད་ཀྱི་བྱ་ལས་སྡུག་པོ་དག་ཡོད་པ་ཆོས་ཉིད་ཅིག་ཏུ་གྲུབ་འདུག་ལ།  གང་དུ་ཤེས་ཡོན་བསམ་བློའི་མངའ་ཐང་ལ་བརྩི་མཐོང་ལྡན་པའི་ཡུལ་དེ་རུ་ཆེས་ཞི་བདེ་དང་བག་ཕེབས་ངང་འཚོ་བཞིན་ཡོད་པའང་ཆོས་ཉིད་ཅིག་ཏུ་གྲུབ་འདུག   དེས་ན་གནད་དོན་འདིའི་སྟེང་ནས་ཤེས་ཡོན་པ་དང་ཁོང་ཅག་གི་བསམ་བློ་ནི་འཛམ་གླིང་གི་སྤྱི་ནོར་ཡིན་པ་ང་ཚོས་གནས་ལུགས་དང་རྒྱུ་མཚན་ལྡན་པའི་སྒོ་ནས་ངོས་ཟིན་དགོས་པ་ཡིན་ནོ།།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་ལས་རིམ་དངོས་སུ་མགོ་བཙུགས། ༢༠༢༦།༤།༢༦ དུས་བབ་གསར་ཁང་གི་པར།
Mobile App

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་བྱེད་བཞིན་པ།

ཆུ་ཚོད་ ༦ སྔོན་ལ།
དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣

མཆན། 4

  1. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 14 སྔོན།

    འཞི་རྩའི་བསམ་བློ་དང་འདུ་ཤེས་འཛིན་སྟངས་སོགས་འདི་ཙམ་ནི་ཉིན་རེའི་འཚོ་ཐབས་ཙམ་གྱི་དོན་དག་ཅིག་རེད། འཚོ་གནས་ཀྱི་སྙིང་དོན་ནི་་ཀྱི་འཚོ་འདི་ཙམ་ཡིན་མི་འོས།

    Reply
  2. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 14 སྔོན།

    མི་རིགས་ཤིག་གི་ངོས་ནས་བལྟས་ན་བདེན་པ་རེད་དེ། དེང་གི་འཛམ་གླིང་གི་གནས་བབ་ནས་བལྟས་ན། དེ་འདྲ་ཞིག་ཞིག་ཡིན་ནི་མ་རེད་འདོད། སློབ་གསོ་ནི་དེང་གི་དུས་སྐབས་སུ་འཕྱི་མེད་ན་སྔ་ཡོད་པར་མི་འདོད། རྒྱུ་མཚན་ནི་དེང་གི་འཛམ་གླིང་གི་ཕྱིའི་དཔལ་འབྱོར་འཕེལ་རྒྱས་གཅིག་པོས་བཟོས་པའི་སྤྱི་ཚོགས་ཀྱི་སྣང་ཚུལ་མི་ལེགས་དག་གིས་མཚོན་ནོ།

    Reply
  3. བྱ་གཞུང་འཇམ་བྷེ says:
    ལོ་ 14 སྔོན།

    འཇིག་རྟེན་སྐྱེས་འགྲོ་ཡོད་དོ་ཅོག་གིས་སྙིང་དོན་ཆེ་བའི་འཚོལ་གནས་ཤིག་ལ་རེ་ལྟོས་ཀྱིས་འབད་བརྩོན་དང་ཧུར་ཐག་བྱེད་ཀྱིན་ཡོདབ་རེད། ཡིན་ན་ཡང་། དེ་འདྲ་ཞིག་གི་ལམ་ལྷོང་དང་མདུན་སྐྱོད་བྱེད་ཐུབ་ཀྱིན་མེད་པ་དེ་རིག་གཞུང་བསམ་བློའི་ཁ་ཕྱོགས་ཀྱི་མ་མདངས་བ་ཞིག་རེད་འདོད། མི་ཞིག་གི་འཚོལ་གནས་ལ་དོན་སྙིང་ཡོད་མེད་དེ་མི་དེའི་གཞི་རྩའི་བསམ་བློ་དང་འདུ་ཤེས་འཛིན་སྟངས་རེག་ལས་བ་རེད། གཞི་རྩའི་བསམ་བློ་དང་འདུ་ཤེས་འཛིན་སྟངས་དོན་སྙིང་ལྡན་པ་ཞིག་བྱུང་ཚེ་མི་དེའི་མི་ཚེ་ལ་དོན་སྙིང་ལྡན་པ་དང་བདེ་སྐྱིད་ལྡན་པ་ཞིག་ཡོངས་རྒྱུ་ཐག་ཆོད་པ་མ་རེད་དམ།

    Reply
  4. གནམ་ལྕགས། says:
    ལོ་ 14 སྔོན།

    དུས་སྐབས་འདི་ནི་སློབ་གསོའི་དུས་སྐབས་མིན་ལ་ཕན་ཚུལ་ལ་ཁ་བརྡུང་གི་དུས་སྐབས་ཀྱང་མིན། འཛམ་གླིང་གི་ཆེས་ཡ་ང་བའི་ལེས་བྷེ་ཡའི་མགོ་ལ་ཡོང་ཡོད་པ་ནང་བཞིན་ང་ཚོའི་མགོ་ལའང་ཡོང་ཡོད་པའི་སྐབས་འདིར། ངར་ཤུགས་ལྡན་པ་དང་བརྩོན་སེམས་ལྡན་པ། ཆིག་སྒྲིལ་གྱི་ནུས་པ་ལྡན་པའི་རྩོམ་ཡིག་སྤེལ་རྒྱུ་གལ་ཆེ།

    གྲོགས་པོ་ལགས་ཀྱི་རྩོམ་ཡིག་ལ་ནུས་པ་མི་འདུག་ཟེར་གྱི་མེད་དེ། གཞན་ཞིག་ལ་ལེ་བདའི་རང་བཞིན་ཏོག་ཙམ་འདུག་པར་མཐོང་བས་བསམ་ཚུལ་བརྗེས་རེས་ཙམ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese