མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་ལུས་མེར་བསྲེགས་བཏང་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༣/༡༤
Share on FacebookShare on TwitterShare on EmailShare on Whatsapp


དེ་རིང་ཞོགས་པར་བོད་ཨ་མདོ་རེབ་གོང་རོང་བོ་དགོན་ཆེན་གྱི་གྲྭ་འཇམ་དབྱངས་དཔལ་ལྡན་ལགས་ཀྱིས་རེབ་གོང་རོང་བོ་དགོན་
པའི་མདུན་ཐང་དུ་རང་ལུས་མེར་བསྲེགས་བཏང་ཡོད་འདུག

ད་ལྟ་རིང་ངྷ་སར་གནས་བཞུགས་ཤར་ཕྱོགས་ཁུག་རྟ་ལགས་ཀྱིས་གནས་ཚུལ་ཁོ་སྤྲོད་བྱས་པ་ལྟར་ན། དེ་རིང་ཞོགས་པ་བོད་ནང་གི་ཆུ་ཚོད་ ༡༠།༣༠ སྟེང་རེབ་གོང་རོང་བོ་དགོན་ཆེན་གྱི་གྲྭ་འཇམ་དབྱངས་དཔལ་ལྡན་༼ སྐྱེས་ཡུལ་རེབ་གོང་རྒྱལ་བོ་ལྡོང་ངེ། ད་ལྟ་རང་ལོ་ ༣༤ ཡས་མས་ཡིན་པ ༽ཁོང་གིས་རོང་བོ་དགོན་པའི་མདུན་ཐང་། སྒྲོལ་མ་ཐང་ཟེར་བ་དེ་ནས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་ཡོད་འདུག་ཅིང་། དེ་མ་ཐག་རྒྱ་ནག་གི་དམག་མི་དང་ཆོས་དོན་ལས་ཁུངས་ཀྱི་མི་སྣ་མཉམ་རུབ་ཐོག་ཉེ་འཁྲིས་སུ་ཡོད་པའི་རྨ་ལྷོ་ཁུལ་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ་འཁྱེར་ཡོད་ཀྱང་། དེ་གར་གནས་ཚུལ་ཅི་བྱུང་གསལ་བོ་མ་ཤེས་ཀྱང་། དུས་ཡུན་ཐུང་ངུ་ལས་མ་འགོར་བར་ཕྱིར་དགོན་ནང་གདན་འདྲེན་ཞུས་ཏེ། ད་ལྟ་ས་གནས་ཀྱི་སྐྱ་སེར་མང་པོ་ཞིག་སྒྲོལ་མ་ཐང་ཆེན་དུ་འཛོམས་ཏེ་སྨོན་ལམ་གསུང་པ་དང་། སྐད་འབོད་རྒྱག་པ་སོགས་བྱེད་ཀྱི་ཡོད་པ་དང་། རྒྱ་གཞུང་གི་དམག་མི་དང་ཉེན་རྟོག་པ་ཕོན་ཆེན་འབྱོར་ཏེ་དགོན་པ་ཡོངས་སུ་བསྐོར་ཏེ་གནས་སྟངས་ཛ་དྲག་ཆགས་ཡོད་འདུག 

གསར་འགོད་པས་ཁོང་ལ། དགེ་འདུན་པ་ཁོང་གི་སྐུ་ལུས་མེར་འཚིག་པའི་གནས་སྟངས་གང་འདྲ་ཡིན་མིན་དང་། དེ་གར་རྒྱ་གཞུང་གི་ཉེན་རྟོག་པ་འབྱོར་ཡོད་མེད་དྲིས་པར་ཁོང་གིས། “ ད་ལྟ་མེར་འཚིག་པའི་གནས་སྟངས་གསལ་བོ་ཤེས་ཐུབ་ཀྱི་མི་འདུག་ལ་འབོད་ཚིག་ག་རེ་བསྒྲགས་ཡོད་པའང་ཧ་གོ་ཐུབ་ཀྱི་མི་འདུག སྨན་ཁང་དུ་ཁྲིད་དེ་དུས་ཡུན་ཐུང་ངུ་ལས་མ་འགོར་བར་ཕྱིར་དགོན་ནང་གདན་འདྲེན་ཞུས་ཡོད་ས་རེད། ང་རང་གིས་ཚོད་དཔག་བྱས་ན། གཅིག་བྱས་ན་ཁོང་ལ་སྨན་བཅོས་བྱས་ཀྱང་ཕན་སྐྱེད་མེད་པའི་གནས་སྟངས་ཆགས་ཡོད་པ་དང་། ཡང་ན། ས་གནས་མི་མང་ཚོས་སྨན་ཁང་ནས་བཞག་ན་རྒྱ་ལག་ཏུ་ཤོར་སྲིད་པའི་འཇིགས་སྣང་འོག་ཕྱིར་དགོན་པར་གདན་འདྲེན་ཞུས་པ་ཞིག་ཡིན་རྒྱུ་རེད། ད་ལྟ་སྐྱ་སེར་མང་པོ་ཞིག་དགོན་པའི་མདུན་ཐང་དུ་འཛོམས་ཏེ་སྨོན་ལམ་གསུང་འདོན་དང་། རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་རྒྱག་པ་སོགས་བྱེད་ཀྱི་ཡོད་འདུག་ལ། རྒྱ་གཞུང་གི་དམག་མི་དང་ཉེན་རྟོག་པས་དགོན་པ་སྐོར་འདུག་ཟེར། ” ཞེས་བརྗོད་བྱུང་།

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༤ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༦ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༧ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༧ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༨ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༨ སྔོན་ལ།

མཆན། 13

  1. ནེ་ཤོད་གྲུ་ཁ། says:
    ལོ་ 13 སྔོན།

    ཡལ་ལ་ཉེ་བའི་མི་རིགས་འདིའི་སླད་དུ་སྐུ་ལུས་མེ་རུ་བསྲེགས་སོང་། ཨེ་མ་མཚར་སོང་གངས་རིའི་ཕོ་རྒོད།

    Reply
  2. ཏྰ་ན་བློ་བཟང་། says:
    ལོ་ 13 སྔོན།

    རྒྱལ་གཅེས་དཔའ་བོ་ཁོང་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ལྔ་དང་སྐར་མ་བཞི་བཅུ་ཡས་མས་སུ་སྐུ་གྲོངས་འདུག

    Reply
  3. ནད་པ says:
    ལོ་ 13 སྔོན།

    དེ་རིང་ཕྱི་ཚེས་༡༤ ཉིན་མཉམའབྲལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆེན་ཇེངས་༡༩ པའི་ཐོག་ཡུ་རོབ་མཉམ་འབྲལ་དང་། ཅེག་སྤྱི་མཐུན། ཕོ་རང་སེ། ཨ་རི། འཐར་མན། དབྱིན་ལན་བཅས་ཀྱི་བོད་ནང་ཆོས་ལུགས་སོགས་རང་དབང་སྤྲོད་དགོས་པའི་དགོས་འདུན་བཏོན་འདུག

    GENEVA, 14 March: EU and four other countries yesterday raised human rights in Tibet at the UN Human Rights Council 19th Session in Geneva. During the three minutes oral statement under the item 4: Human Rights situations that requires the Council’s attention; EU, France, United Kingdom, Germany, Czech and USA expressed concern at human rights situation in Tibet.

    “The Chinese authorities’ heavy-handed measures in Tibetan-populated areas, especially in Sichuan province, give rise to serious concerns. The EU was alarmed by recent reports about the violent suppression of protests in this region, which led to many injured and several fatalities,” said the EU delegation.

    EU called on China to allow all Tibetans, including monks, to exercise their cultural and religious rights without hindrance. EU said China must refrain from the use of force against peaceful protest and to improve the human rights situation in Tibet as well as in other parts of China, as a means to ensuring peace and stability. The EU also called for the unconditional release of all those imprisoned and detained solely for the peacefully exercising their basic rights, such as the freedom of expression, assembly, association and religion.

    The French delegation said many young Tibetans were setting themselves on fire and this was grave concern to France who is in favour of religious freedom

    United Kingdom called on China to safeguard civil, political and cultural rights of all its citizens and expressed concerned by the violent suppression of protest in Tibet. And the Germany delegation said it supported the statement by the EU and further voiced its concern about the situation in Tibet.

    Czech Republic said that there are reports of continued escalation of Tibetan areas and Xinjiang are alarming.

    “We reiterate our called on Chinese authorities to allow for unhindered access to all areas for international monitoring. As we witnessed tightening restrictions on freedom of expression,” said the Czech delegation.

    The US urged the Chinese government to reassess policies that undermine Tibetan and Uighur linguistic, religious, and cultural traditions, creating grievances and fostering unrest.

    The UN Human Rights Council 19th Session began on 27 February and will end on 23 March 2012.

    བོད་རྒྱལ་ལོ།

    Reply
  4. ཤིང་ལོ། says:
    ལོ་ 13 སྔོན།

    ༼འདི་ནི་གྲངས་ཀ་མིན་པར་མི་རེད་༽ཅེས་བཀའ་ཁྲིས་གསུངས་སོང་། ད་ལྟ་གྲངས་ཀ་འཕར་བ་ཙམ་ལས་གྲུབ་འབྲས་གང་དུ་འཚོལ་རྒྱུ་ཡིན། བཀའ་སྤྱི་གཉིས་ཀྱིས་དངོས་གནས་དགོངས་པ་ཤུགས་ཆེ་ཙམ་གྱིས་མི་མང་ལ་ཁ་ཕྱོགས་གནང་རོགས་ཞུ།

    Reply
  5. མང་ཐོས། says:
    ལོ་ 13 སྔོན།

    སྒང་བ་བོད་པར་རང་དབང་གཙང་མ་ཐོབ་ཆེད་། སྐུ་ལུས་མེར་སྒྲོན་ནུས་པའི་སྙིང་སྟོབས་འདི། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མ་མཐོང་ཁུལ་བྱས་ན་ཡང་། རྒྱལ་སྤྱིའི་གསར་འགོད་པ་རྣམས་ལ་དོན་སྣང་མེད་ན་ཡང་། གདུག་རྩུབ་ཅན་གྱི་དམར་གཞུང་གིས་ཧམ་བཤད་སྣ་ཚོགས་བྱས་ཀྱང་། མདོར་ན་མི་སྒེར་དང་སྲིད་གཞུང་སུ་ཞིག་གིས་ང་ཚོ་གངས་ཅན་པ་ཁེར་རྐྱང་དུ་སྔར་ཡང་བཞག་མྱོང་ལ་ད་ལྟ་ཡང་འཇོག་འདོད་ཡོད་སྲིད། འོན་ཀྱང་ང་ཚོ་གངས་ཅན་པ་རྣམས། སེམས་མ་ཕམ་པར། ཡིད་མ་ཆད་པར། སྔར་ལས་ལྷག་པའི་ཆིག་སྒྲིལ་གྱི་གོང་བུ་གཅིག་ཏུ་བྱོས་དང་། ཤེས་རིག་གི་གཤོག་རྩལ་རྫོགས་པར་མཛོད་དང་། འཐབ་རྩོད་ཀྱི་ངར་ཁ་ཆེ་རུ་སྐྱེད་དང་། གངས་རིའི་ར་བས་བསྐོར་བའི་ཞིང་ཁམས་འདི་སྔར་ཡང་ང་ཚོར་དབང་ལ། མ་འོངས་པར་ཡང་ང་ཚོར་དབང་བར་བྱེད།

    Reply
  6. མདའ་དཔོན། says:
    ལོ་ 13 སྔོན།

    རྒྱལ་གཅེས་དཔའ་པོ་རྣམས་ཀྱིས་རང་སྲོག་བློས་བཏང་གི་ངོ་རྒོལ་གྱིས་བདེན་པ་ཉིད་རྒྱལ་གྱུར་ཅིག

    Reply
  7. མདའ་དཔོན། says:
    ལོ་ 13 སྔོན།

    བཙན་པོའི་སྙིང་སྟོབས་སླར་ཡང་འདྲེན་པའི་རྒྱལ་གཅེས་དཔའ་པོ་དག་གིས་བསྟན་སྲིད་ཀྱི་དོན་དུ་རང་སྲོག་བློས་བཏང་གནང་སྟེ་ངོ་རྒོལ་མཛད་པའི་བདེན་པ་ཉིད་རྒྱལ་གྱུར་ཅིག

    Reply
  8. ལུང་རྟོགས། says:
    ལོ་ 13 སྔོན།

    གལ་ཏེ་རང་ལུས་མེར་སྲེག་གི་ལས་འགུལ་འདི་མཚམས་འཇོག་མ་གནང་ཚེ་དཔའ་བོ་དཔའ་མོ་ཚོས་སྐུ་སྲོག་བློས་གཏོང་གནང་བ་དེ་ཆུད་ཟོས་སུ་མི་འགྲོ་བ་ནུས་པ་ཆེ་ཙམ་ཐོན་པ་ཞིག་དགོས་རྒྱུ་ནི་ཤིན་ཏུ་གལ་ཆེ་བས། རྗེས་སོར་ལས་འགུལ་འདི་རིགས་སྤེལ་ན་བོད་ཀྱི་རྒྱལ་ས་ལྷ་ས་དང་རྒྱ་ནག་གི་རྒྱལ་ས་པེ་ཅིང་སོགས་གྲོང་ཁྱེར་ཆེ་ཁག་གི་མི་ཚོགས་འདུ་འཛོམ་ཆེ་ས་དང་། ཡུལ་བསྐོར་བ་དང་གསར་འགོད་པ་མང་སར་སོང་ནས་ལས་འགུལ་སྤེལ་ན་ནུས་པ་ཆེ་ཆུང་གནམ་ས་ལྟ་བུའི་ཁྱད་པར་ཡོང་ངེས་རེད། འདི་ནི་རང་ལུས་མེར་སྲེག་གཏོང་དགོས་པའི་འབོད་སྐུལ་ཞུས་པ་མིན་ན་ཡངས་སྐུ་གཟུགས་མཆོད་མེར་ཕུལ་བའི་ལས་འགུལ་འདི་རིགས་མུ་མཐུད་ནས་བྱུང་ཚེ་བློས་གཏོང་ཆེན་པོ་འདི་ལ་དོན་འབྲས་ཡངས་ཆེ་ཙམ་ཞིག་སོན་རྒྱུའི་ཆེད་དུ་ཡིན་པ་ཀུན་གྱིས་དགོང་མངའ་འཚལ།

    Reply
  9. བྱ་གཞུང་འཇམ་བྷེ says:
    ལོ་ 13 སྔོན།

    མདོར་ན་མགོན་པོ་སྤྱན་རས་གཟིགས་དབང་གིས།།
    སྲས་བཅས་རྒྱལ་བའི་སྤྱན་སྔར་གངས་ཅན་ཞིང་།།
    ཡོངས་བཟུང་རྒྱ་ཆེན་སྨོན་ལམ་གང་མཛད་པའི།།
    འབྲས་བཟང་རྟག་ཏུ་མྱུར་ཏུ་འཆར་བར་ཤོག །

    Reply
  10. ཨ་ར་དཀར་པོ says:
    ལོ་ 13 སྔོན།

    ཨོཾ་མ་ཎི་པདྨེ་ཧྰུཾ བདེན་པའི་མེ་ལྕེ་དེ་ཕྱོགས་གང་སར་མཆེད་བཞིན་འདུག ཁོང་སྐྱེ་བ་ནས་སྐྱེ་བ་ཀུན་ཏུ་འཕགས་མཆོག་ཕྱག་ན་པད་མོས་འབྲལ་མེད་རྗེས་སུ་འཛིན་གྱུར་ཅིག

    Reply
  11. ནད་པ says:
    ལོ་ 13 སྔོན།

    གངས་ཅན་ལྗོངས་ཀྱི་ཆོས་སྲིད་བྱ་བའི་གདུགས།།
    འདེགས་པའི་སྲི་ཞུར་གཏོགས་པའི་སྐྱེ་བོ་ཀུན།།
    ལྷག་བསམ་རྣམ་དཔྱོད་དཔུང་པ་རབ་བརྟན་ཅིང་།།
    སྐྱེ་ཀུན་ཕྱག་ན་པདྨོས་རྗེས་བཟུང་ཤོག།

    ༸ གོང་མཆོག་གིས་གསུངས།

    སྐྱེ་བ་རླབས་ཆེན་རེད་ལ། ཤི་བ་གཟི་བརྗིད་གཅིག་རེད། གཙོ་འཛིན་མའོ་ཙེ་ཏུང་གིས་གསུངས།

    Reply
  12. ཤག་སྒང་པ། says:
    ལོ་ 13 སྔོན།

    སླར་ཡང་བདེན་པའི་མེ་ལྕེ་ཞིག་བསྒྲོན་པར་བཀའ་དྲིན་ཆེ་ཞུ། བོད་རྒྱལ་ལོ།།

    Reply
  13. རྩོམ་སྒྲིག་པ། says:
    ལོ་ 13 སྔོན།

    གནས་ཚུལ་འདིའི་འབྱུང་ཁུངས་ལ་འབྲེལ་བ་གནང་འདོད་ཡོད་རིགས་ཚོས་ཁ་པར་ཨང་ ༩༨༨༢༥༣༣༧༧༣ ལ་འབྲེལ་བ་གནང་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese