མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སློབ་མའི་ཡར་ལངས་བརྒྱབ་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༣/༡༤
Share on FacebookShare on TwitterShare on EmailShare on Whatsapp

ད་ལྟ་སླར་ཡང་གནས་ཚུལ་འབྱོར་གསལ་ལ། དེ་རིང་ཞོགས་པར་རེབ་གོང་རོང་བོ་དགོན་ཆེན་སྒྲོལ་མ་ཐང་ཆེན་དུ། རོང་བོ་དགོན་པའི་ཐོས་བསམ་གླིང་གྲྭ་ཚང་གི་རང་ལོ་ ༣༠ ཡིན་པའི་གྲྭ་འཇམ་དབྱངས་དཔལ་ལྡན་ལགས་ཀྱིས་”༧རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས། བོད་མི་རིགས་དང་སྐད་ཡིག་ལ་རང་དབང་དགོས། ” ཞེས་སྐད་འབོད་རྒྱག་བཞིན་རང་ལུས་མེར་བསྲེགས་བཏང་སྟེ། རྒྱ་གཞུང་ལ་ངོ་རྒོལ་གནང་བའི་གནས་ཚུལ་ཐོས་འཕྲལ། རེབ་གོང་དགེ་འདུན་ཆོས་འཕེལ་སློབ་འབྲིང་གི་སློབ་མ་ཚོས་ངོ་རྒོལ་ལས་འགུལ་སྤེལ་ཡོད་འདུག་ལ། ཕྱི་དྲོར་རེབ་གོང་རྫོང་མི་རིགས་སློབ་འབྲིང་དང་། དབྱི་ཧྥུ་སློབ་འབྲིང་གཉིས་ཀྱི་སློབ་མ་རྣམས་ཁྲོམ་གཞུང་དུ་ཐོན་སྐབས་ཉེན་རྟོག་པ་དང་དམག་མིས་བཀག་སྡོམ་བྱས་སྟབས། སློབ་གྲྭའི་རྭ་སྐོར་ནང་འཛོམས་ཏེ་སྐད་འབོད་ཤུགས་ཆེན་བྱས་ཡོད་པ་དང་། རེབ་གོང་རྫོང་ཐོག་དང་དེའི་གཡས་གཡོན་གྱི་སློབ་ཆུང་སློབ་མ་དག་གིས་ཀྱང་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག

གཞན། དེ་རིང་སྔ་དྲོའི་བོད་ནང་གི་ཆུ་ཚོད་ ༡༠ ཡས་མས་ལ། རེབ་གོང་རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་དང་པོ་དང་། རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་གཉིས་པ། ལག་ཤེས་ལས་རིགས་སློབ་གྲྭ་བཅས་ཀྱི་སློབ་མ་ ༢༥༠༠ ཙམ་གྱིས། རྩེ་ཁོག་རྫོང་གི་ཁྲིམ་གཞུང་དུ་ཐོན་ཏེ། “སྐས་ཡིག་རང་དབང་། མི་རིགས་འདྲ་མཉམ། འཐབ་ར་གཏོར་དགོས” ཞེས་སྐད་འབོད་རྒྱག་བཞིན་རྫོང་མི་དམངས་སྲིད་གཞུང་དང་། རྫོང་ཉེན་རྟོག་ལས་ཁུངས། རྫོང་དྲག་ཆས་ལས་ཁུངས་བཅས་ཀྱི་སྒོ་ཁར་བསྐྱོད་དེ་སྐད་འབོད་བྱས་ཡོད་པ་དང་། དྲག་ཆས་ལས་ཁུངས་ཀྱི་སྒོ་ཁར་འཐབ་ར་ཞིག་བརྒྱབ་ཡོད་པ་དེ་ཡང་གཏོར་ཡོད་འདུག

སྐབས་དེར་དམག་མི་དང་ཉེན་རྟོག་པ་ཕོན་ཆེན་བསླེབས་ཏེ་དྲག་གནོན་ལ་གྲ་སྒྲིག་བྱས་ཡོད་ཀྱང་། ད་སྔ་སློབ་མ་འཛིན་བཟུང་སོགས་ཀྱི་གནས་ཚུལ་རིགས་ཤེས་རྟོགས་ཐུབ་མི་འདུག

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༣ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

མཆན། 11

  1. ལྗང་སྨྱུག says:
    ལོ་ 14 སྔོན།

    ངེད་སྒང་པ་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་གིས། དམར་ནག་མེ་དཔུང་འཁྲུགས་པའི་ཁྲོད་ནས་ཞུམ་པ་མེད་པའི་ལ་རྒྱའི་ཁུ་ཚུར་གནམ་ལ་བསྒྲེངས་ཏེ། མགྲིན་གཅིག་དབྱངས་གཅིག་གིས། ༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས། བོད་ལ་སྨྲ་བརྗོད་དང་སྐད་ཡིག་ལ་རང་དབང་དགོས་ཞེས་པའི་སྙིང་སྟོབས་དང་། ཁོང་རྣམ་པའི་རེ་བ། ཞལ་འཆེམས་བཅས་ལ་བསམ་གཞིགས་རེ་སྐོར་ཏེ། བྱེས་བཞུགས་བོད་རིགས་ཡོངས་ནས་ཀྱང་རྟག་ཏུ་ནང་འཁོན་དང་ཞབས་འདྲེན་ཤ་སྟག་བཞག་རྒྱུ་མཚམས་བཞག་སྟེ། ཁ་དང་ཁོག་པ་གཅིག་འགྲིགས་དང་། སོ་དང་སེན་མོ་མཉམ་གཤིབས་ཤིག་བྱེད་རེ་རན་པའི་དུས་ལ་སླེབས་ཡོད་སྙམ།

    ད་དུང་དུས་ཚིགས་འདི་འདྲ་བར་བྱབ་ཆུང་སྙིང་མེད་ཅིག་གིས་ངའི་སྨྱུག་མིང་༼ ལྗང་སྨྱུག ༽ ཅེས་པ་འདི་སྤྱད་ནས། དེང་སང་ཁ་བརྡའི་དྲ་བར་བསམ་ཡུལ་ལས་འདས་པའི་ཕུང་དཀྲུགས་དང་། ངས་ཇུས་གཤམ་བཞིན་འདུག་པས་དྲ་གྲོགས་ཡོངས་ནས་དེའི་དོན་མཁྱེན་པར་མཛོད་ཞུ་རྒྱུ་དང་། དངོས་གནས་གཏིང་ནས་སེམས་ཕམ་བྱུང་།

    Reply
  2. འཁྱམ་པོ། says:
    ལོ་ 14 སྔོན།

    བླ་མ་དཀོན་མཆོག་མཁྱེན་ སྤུན་ཟླ་ཚོ་ད་བྱེ་ལྟར་བྱས་ན་དྲག་གམ་ དེ་རིང་གོས་དཀར་ལྷ་རྗེའི་བསྐོར་བའི་དབུས་ཀྱི་གཞིས་ལུས་དོན་གྱི་དཔའ་བོ་ཁོང་གིས་ལུས་ཕུང་དེ་མཐོང་སྐབས་རང་ཉིད་ཀྱང་མིག་ཆུ་དབང་མེད་དུ་ཤོར་བ་མ་ཟད་ད་ལྟ་རང་ལས་འགུལ་གང་ཞིག་གིས་མགོ་བརྩམས་ན་དྲག་གམ་སྙམ་ འོན་ཀྱང་ཉམ་ཆུང་བདག་ལ་ནི་དོན་དངོས་ཐོག་ཕན་ནུས་ལྡན་པའི་ལས་འགུལ་ཞིག་སྤེལ་བའི་ནུས་པ་མ་མཆིས། སྤུན་ཟླ་ཚོ་ད་བྱེ་ལྟར་བྱས་ན་དྲག་གམ་ ང་ཚོས་གཞིས་ལུས་སྤུན་ཟླའི་ཚེ་སྲོག་གྲངས་ཀ་རེ་རྒྱབ་ཏེ་སྡད་ན་འགྲིག་གམ་ ཡ་ང་སྙིང་རྗེ་བྲལ་བའི་དམར་ཤོག་ནས་བོད་མི་སྟོང་ཕྲག་མེ་མཆོད་ཕུལ་རུང་སྣང་བ་ཙམ་གཏོང་མི་སྲིད་ རྒྱལ་སྤྱིའི་འགྲོ་བ་མི་ཡི་བདེ་སྡུག་ལྟ་མཁན་རྣམས་ཀྱིས་ཀྱང་ཕན་འབྲས་ལྡན་པས་སྣོན་ཤུགས་ཞིག་སྤྲོད་མི་ཐུབ་ ཡང་སྙིང་ད་དུང་ང་ཚོས་གཞིས་ལུས་སྤུན་ཟླ་གང་མང་མཆི་རྒྱུ་ཁོ་ན་སྒུག་ནས་སྡད་དགོས་རེད་དམ། དུས་ཡུན་ག་ཚད་སྒུག་དགོས་རེད་དམ། ང་ནི་དངོས་གནས་ཀྲག་གི ང་ནི་དངོས་གནས་འཇིག་གི་ ད་ནི་ཐབ་ལམ་གཞན་གང་ཡོད་རུང་འདོན་པ་ལས་གཞིས་ལུས་སྤུན་ཟླ་རྣམས་དེ་ལྟར་མཆི་ལམ་དུ་འགྲོ་བས་འབོད་སྐུལ་སུས་ཀྱང་མི་གནང་བ་ཞུ།།

    Reply
  3. sangkye says:
    ལོ་ 14 སྔོན།

    རེབ་གོང་གྲྭ་འཇམ་དབྱངས་དཔལ་ལྡན་ལ་བསྔགས་བརྗོད་ཡོད། ཁྱེད་གྱིས་ལུས་གྱི་ན་ཚ་དང་སེམས་གྱི་སྡུག་བསྔལ་ལ་སོགས་ཞི་བར་བྱེད་པའི་སྨོན་འདུན་ཡོད། བླ་མ་དཀོན་མཆོག་གསུམ་པོ་མཁེན་མཁྱེན་ནོ།
    ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲིཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲིཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲིཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲིཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲིཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲིཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲིཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲིཿ

    Reply
  4. ཤག་སྒང་པ། says:
    ལོ་ 14 སྔོན།

    རེད། ཡོད་ཚད་བོད་ནང་ནས་ལངས་དགོས་པ་རེད། དེ་ལ་བདེན་སྒྲའི་ནུས་པ་ཧ་ཅང་ཆེ་བ་ཡོད།

    ང་ཚོ་ཡང་བལྟས་ནས་མ་བཞུགས་པར་དོག་རྩ་གཅིག་ཏུ་བསྒྲིལད་ནས་རང་རང་ས་ནས་རྒྱལ་སྤྱིར་གནས་ཚུལ་འདི་དག་བརྒྱུད་བསྒྲག་བྱ་དགོས་པ་རེད།

    གཞིས་བཞུགས་བོད་མིས་ཆབ་སྲིད་རྟོགས་སད་དང་བློས་བཏང་ལ་ཡི་རངས་གུས་འདུད་ཞུ། སྙིང་ནས་ཐུགས་རྗེ་ཆེའོ།།

    Reply
  5. བསྟན འཛིན་ཆོས་རྒྱལ says:
    ལོ་ 14 སྔོན།

    ཀླུ་སྨྱོན་་་མ་གོལ་ཐལ། བློ་ཕུན་ཧ་ཅང་ལེགས་པས་བདག་ཀྱང་+། ཤིང་ལོར་དོན་སྙིང་མེད་པར་བསམ། གྲྭ་རྒོད་དེ་དབྱེན་རྒོད་དུ་མཐོང་། བཙན་བྱོལ་བོད་མིར་སྡང་ཆེ་དོན་ཅི། ཁྲབ་སྟོན་་་ཅི། རང་བཞུགས་ནས་སྡད་དེ་གཞན་རྣམས་ལ་ལོངས་ཤོག་ལོངས་ཤོག མྱུར་ཏུ་ལོངས་ཤོག་ཟེར་ཕོད་པ་ཤིན་ཏུ་ནས་་་་ནས་་ནས་ནས་

    Reply
  6. ཀླུ་སྨྱོན། says:
    ལོ་ 14 སྔོན།

    སློབ་མས་ཡར་ལངས་བརྒྱབ་པ་ཡིན་གྱི་རེད། རྣམ་དབྱེ་དྲུག་པ་དང་གསུམ་པ་གཉིས་ཀྱིས་ཀྱང་ད་ནི་ཡར་ལངས་རྒྱག་རན་གྱི་ཡོད་ས་རེད།

    Reply
  7. ཚངས་སར་འཕྲིན་ལས། says:
    ལོ་ 14 སྔོན།

    འདི་ལྟར་འབར་ཞིང་འདི་ལྟར་ལངས་ཚེ་ང་ཚོ་གཏན་དུ་རྒྱལ་ངེས་ཡིན། བདེན་དོན་གྱི་གནས་ལུགས་ལུགས་ལ་མུན་ནག་གི་མཇུག་འབྲས་ཤིག་གཏན་མི་སྲིད་པས་མི་རིང་ལྷན་འཛམ་གྱི་ནམ་ཟླ་འཆར་ངེས།
    བོད་རྒྱལ་ལོ།

    Reply
  8. བློ་བཟང་ཕུན་ཚོགས། says:
    ལོ་ 14 སྔོན།

    ཁོང་རྣམ་པའི་ལས་འགུལ་གུས་འདུན་དང་། གྲོགས་པོ་ཚོ་ད་ག་རེད་བྱེད་ན་དགའ་ས་རེད། འདི་ལྟར་བལྟས་ནས་བསྡད་ཐུབ་ཀྱི་མི་འདུག ཡིན་ཡང་ཅི་ཞིག་ལས་དགོས་མིན་ཡང་ཤེས་ཀྱི་མི་འདུག ད་ནི་དངོས་ནས་སྡུག་བསྔལ་ཡོད་ཀི ང་ནང་བཞིན་འདི་ལྟར་བསམ་གྱིན་བསམ་གྱིན་ཏུ་ངུ་མཁན་མང་བོ་ཡོད་ཀྱི་རེད། ད་ནི་བློ་ལྡན་དག་གིས་དཔྱོད་ཤེས་ཀྱིས། ནུས་སྟོབས་ཆེ་ལ་གསར་བཏོད་རང་བཞིན་གྱི་ལས་འགུལ་ཞིག་སློབ་སྟོན་གནང་ཐུབ་པའི་སྨོན་འདུན་ཞུ།

    Reply
  9. ཤིང་ལོ། says:
    ལོ་ 14 སྔོན།

    མི་བརྟན་འཇིག་རྟེན་འདི་ཡི་བཙན་གཉོམ་བསམ་ན།།
    མི་ལས་འབུ་ཞིག་ཡིན་ན་ཚོར་འདུ་ཉུང་མོད།།
    ལྷ་ལ་ཡིད་ཆེས་ཆེ་བའི་རེ་བ་མང་བས།།
    མི་ཡི་ཐ་མར་ཟགས་པ་ཡིད་རེ་སྐྱོ་འང་།།

    Reply
  10. གྲྭ་རྒོད says:
    ལོ་ 14 སྔོན།

    བཙན་བྱོལ་ན་ཡོད་པའི་བོད་པ་ཚོ་འདི་ལ་གཟིགས་དང་ཁྲབ་སྟོན་མིན་པས་དོན་དངོས་ཀྱི་དགའ་བོ་འདི་ཚོ་ལ་གཟིགས་རོགས། ཡར་ལོངས་ཤོག་ནུས་པ་གཅིག་ཏུ་སྒྲིལ་རོགས་བོད་པ་མཉམ་དུ་ལོངས་ཤོག་བོད་པ་ཡོངས་སུ་རྫོགས་པ་ས་གནས་གང་དུ་ཡོད་ན་མཉམ་དུ་དུས་གཅིག་ལ་ལོངས་ཤོག ཕྱི་སྡོད་ཚོགས་ལ་མང་ཆེ་བ་དཔལ་འབྱོར་གྱི་དཀའ་ངལ་ཡོད་ཀྱང་དེ་རྗེས་སུ་བསྒྲུབ་ཆོག་བོད་ནང་གི་དགའ་རྒོད་ཚོའི་རྗེས་སུ་ཞབས་འདྲེན་མ་ཞུ་རོགས། བོད་པ་ཚོ་ད་མ་བཞུགས་རོགས་སྤྱི་སྒེར་གཉིས་ཀ་མ་བཞུགས་རོགས། ཚོར་བ་ཡོད་མཁན་ཞིག་བྱ་རོགས།
    བོད་པ་ཚོ་མཉམ་དུ་ལོངས་ཤོག་མྱུར་ཏུ་ལོངས་ཤོག

    Reply
  11. འབྲི་གུང་སྤྲོ་ཚེ། says:
    ལོ་ 14 སྔོན།

    ཡ་ཞིང་ཡིད་མུག་པའི་མི་རིགས་འདིའི་ཚེ་སྲོག་དང་མི་རིགས་འདིའི་བདག་པོ་སློབ་མ་རྣམས་ལ་གོད་ཆགས་མི་ཡོང་བར་ཤོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese