མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་ཐབས།

བོད་ཀྱི་དུས་བབ།
༢༠༡༢/༠༣/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཤར་ཕྱོགས་ཁུག་རྟ།  

༧ གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གིས་ས་དང་གནམ་ལས་ངོ་མི་ཤེས་པའི་རྒྱ་གར་ འཕགས་པའི་ཡུལ་ནས་དུས་རབས་ཕྱེད་ཀའི་རིང་ངལ་བ་བརྒྱ་ཕྲག་ཁྱད་བསད་ཀྱིས་བོད་མི་ རིགས་ཀྱི་རང་དབང་འཐབ་རྩོད་དང་བོད་ཀྱི་མགྲིན་ཚབ་གནང་སྟེ། ༢༠༠༨ ལོར་བོད་མིའི་མངོན་འདོད་གང་ཡིན་རྒྱ་ནག་གཞུང་གིས་མགོ་ཁྲིད་རྣམས་ཀྱི་མདུན་དུ་ བསྟར་ཡོད།

ཡིན་ནའང་། རྒྱ་ནག་གཞུང་གིས་དེ་ནི་ཕྱེད་རང་བཙན་དང་རྣམ་པ་འགྱུར་བའི་རང་བཙན། ༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གིས་བཏོན་པ་དེ་བོད་ནང་གི་བོད་མིའི་མངོན་འདོད་མིན། ཁོང་རྣམས་བདེ་སྐྱིད་ལྡན་པའི་ངང་འཚོ་བ་སྐྱེལ་བཞིན་ཡོད་ཅེས་རྒྱལ་སྤྱི་དང་བཙན་བྱོལ་བོད་གཞུང་ལ་ཧམ་འགྲེལ་རྒྱག་གི་ཡོད། ཐ་ན་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་ལ་དེ་འདྲའི་བསམ་ཚུལ་འདོན་རྒྱུའི་ཐོབ་ཐབ་ཀྱང་མེད་པ་དང་། བོད་ནང་གི་བོད་མི་ཚོས་དེ་འདྲ་ཞིག་རྩ་བ་ནས་འདོད་ཀྱི་མེད་ཅེས་བསྐྱར་བཤད་ཡང་བཤད་ཁྲི་ཕྲག་མང་པོ་བརྩེགས་ཀྱིན་པ་རེད།  

ཡིན་ ནའང་། རྒྱ་ནག་གཞུང་གིས་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གི་གང་གནང་བཞིན་པ་དག་ བོད་ནང་གི་བོད་མི་ཚོར་ཤེས་རྟོགས་འབྱུང་བའི་ལམ་ཁ་བསྟེན་གྱི་ཡོད་པ་རེད་དམ་ ཟེར་ན། དེ་ནི་ཐབས་ཟད་འུ་ཐུག་གིས་བཀབ་ཀྱང་ཤོར་ན་མ་གཏོགས་གནས་ཚུལ་ཁྱོན་ནས་ཤེས་རྟོག་ བྱེད་དུ་འཇུག་གི་མེད་པ་དེ་རེད། མི་ལོ ༥༣ རིང་བོད་ནང་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གིས་ག་རེ་གནང་མིན་དེ་སྐད་ཆ་ ཤབ་ཤུབ་ཙམ་དང་། མགོ་ཚང་ན་མཇུག་མེད་ན། མཇུག་ཡོད་ན་བར་མེད་པ་རྐྱང་རྐྱང་གིས་བསྐྱལ་ཡོད་པ་ནི་ཧ་ཅང་གསལ་བོ་རེད།  

ད་ ལྟ་༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་ཆེད་དང་༧གོང་ས་མཆོག་གི་དགོངས་གཞིར་གསན་ བསམ་ཐུབ་ཆེད་རང་ལུས་ཀྱང་མེ་ལ་གཞོམ་བསྲེགས་རིམ་བསྟུད་དུ་བྱེད་པ་འདིས། གལ་སྲིད་བོད་ནང་གི་བོད་མི་དེ་ཚོས་རྒྱ་ནག་གཞུང་གིས་”༧གོང་ས་མཆོག་གིས་བོད་ ཀྱི་མགྲིན་ཚབ་ཐུབ་ཀྱི་མ་རེད་”ཅེས་བཤད་པ་རྣམས་གསན་རྟོགས་བྱུང་བ་ཡིན་ན། “༧གོང་ས་མཆོག་དང་བོད་གཞུང་གིས་བཏོན་པའི་བོད་མིའི་མངོན་འདོད་དེ་བོད་ནང་གི་ བོད་མི་ཚོའི་འདོད་མོས་དང་རྒྱབ་འགལ་ཡིན་”ཞེས་པ་ཤེས་རྟོགས་བྱུང་བ་ཡིན་ན། ད་གཟོད་གནས་ཚུལ་ཅི་ཞིག་འབྱུང་གི་རེད་དམ། འདི་རྒྱ་ནག་གཞུང་དང་བཙན་བྱོལ་བོད་གཞུང་གཉིས་ཀའི་དྲི་བ་ཞིག་རེད།  

གལ་སྲིད་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གིས་རྩོད་བཞིན་པའི་བོད་མིའི་མངོན་འདོད་དེ་བོད་ནང་ནས་ཡོངས་སུ་གསན་པ་ཡིན་ན། ཤེས་རྟོགས་བྱུང་བ་ཡིན་ན། ད་གཟོད་བོད་ནང་གི་བོད་མི་ཚོས་ག་རེ་བྱེད་ཀྱི་རེད་དམ། ངས་ལྟོས་ན་སྐབས་དེར་ཁོང་ཚོས་རང་བསྲེགས་བྱེད་རྒྱུ་མ་རེད། འོ་ན་ག་རེ་བྱེད་རྒྱུ་རེད་དམ། ༧གོང་ས་མཆོག་དང་བཙན་བྱོལ་གཞུང་གི་རྩོད་བཞིན་པའི་དམིགས་ཡུལ་དེར་རྒྱབ་སྐྱོར་གནང་གི་རེད། རྒྱབ་སྐྱོར་ཅི་ལྟར་བྱེད་ཀྱི་རེད་དམ་ཞེ་ན། ཁོང་ཚོས་རྒྱ་ནག་གི་རྩ་ཁྲིམས་དང་བཅའ་ཁྲིམས་གཉིས་ཀ་ཁ་བཏོན་བཞིན་འདོན་རྒྱུ་རེད། དར་ཆ་བཞིན་འཕྱར་ཏེ་མཛུབ་མོ་གེར་བཞིན་ནང་དོན་ལ་རྩོད་པ་རྒྱ་མཚོའི་རླབས་དང་། མེ་ལྕེ་ལྷབ་ལྷབ་དུ་གཡོ་བ་བཞིན་རྒྱག་རྒྱུ་རེད།

རྩོད་ པ་རྒྱབ་ནས་ག་རེ་འབྱུང་གི་རེད། རྩོད་པ་མཐར་ཕྱིན་པ་རྒྱབ་ནས་ད་གཟོད་ཁོང་ཚོས་རྒྱ་ནག་གི་རྩ་ཁྲིམས་དང་བཅའ་ ཁྲིམས་སོགས་གང་དུ་འཇོག་དགོས་མིན་གསལ་བོ་བཟོ་ཡི་རེད། ང་ཚོས་ཚོད་དཔག་མིན་པར་བཤད་ཆོག་པ་ཞིག་ནི། དངོས་གནས་དེ་འདྲའི་རྩོད་པ་རྒྱབ་པ་ཡིན་ན། འཛམ་གླིང་སྤྱི་དང་མཉམ་འབྲེལ་རྒྱལ་ཚོགས། བོད་ལ་ཤ་ཚ་ཆེ་བའི་རྒྱལ་ཁབ་ཁག་གིས་ད་གཟོད་བོད་དོན་ལ་རྒྱབ་སྐྱོར་བྱེད་རྒྱུ་ཧ་ ཅང་སྟབས་བདེ་ཆགས་ཀྱི་རེད་ལ། ཉིན་མོ་དེ་ནས་ཐད་ཀར་བོད་ནང་གི་བོད་མི་ཚོའི་མངོན་འདོད་རྒྱུ་མཚན་དུ་དྲངས་ནས་ རྒྱ་ནག་ལ་ཁ་རྡུང་གཏོང་གི་རེད་ལ། ༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་ལ་རྒྱལ་སྤྱིའི་སྒང་དེ་བས་ ཀྱང་ཆུ་ལ་ཆུ་བཞག་པ་ལྟ་བུའི་ངེས་ཤེས་ཀྱང་ཐོན་ཡོང་གི་རེད།  

སྐབས་དེར་རྒྱ་ནག་གིས་ག་རེ་ཟེར་གྱི་རེད། རྒྱལ་སྤྱིའི་ཁྱོན་ལ་ད་དུང་བོད་ནང་གི་བོད་མི་ཚོའི་འདོད་པ་དེ་མིན། ཁོང་ཚོ་དེ་འདྲའི་འདོད་མོས་ཁྱོན་ནས་མེད། ལྷ་ཡུལ་ལ་སྙེགས་པ་ལྟ་བུའི་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་གྱིན་ཡོད་ཅེས་བཤད་ཀི་རེད་དམ། རྩ་བ་ནས་བཤད་ཐུབ་ཀི་མ་རེད། བཤད་ནའང་དེ་ལ་གཞི་འཛིན་ས། དོགས་པ་ཟ་སའི་ཆུ་ཐིག་ཙམ་ཡང་ཡོད་པ་རེད་དམ། གཏན་ནས་ཡོད་པ་མ་རེད།  

དེ་ བས་བོད་ནང་ནས་༧གོང་ས་མཆོག་གདན་འདྲེན་ཞུ་ཆེད། ༧གོང་ས་མཆོག་བོད་དུ་ཕེབས་སའི་ལམ་ཁ་གཙང་མ་བཟོ་དགོས་ཀྱི་འདུག དེའང་རྒྱ་ནག་གི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་འབྲུ་དོན་དོན་དངོས་ལག་བསྟར་བྱེད་ ཀྱི་ཡིན་མིན་ཐད་ནས་གཙང་མ་བཟོ་དགོས་པ་རེད། དེ་ནས་གཙང་མ་ཆགས་སོང་ན། ད་གཟོད་༧གོང་ས་མཆོག་གི་སྐུ་ཚབ་ཀྱིས་བོད་རིགས་ཡོངས་ཀྱི་མངོན་འདོད་ངོ་མ་རྒྱ་ ནག་གཞུང་ལ་སྤྲད་པ་དེ་མངོན་འགྱུར་ཡོང་གི་རེད། དེ་མངོན་འགྱུར་ལག་བསྟར་ཐུབ་པ་བྱུང་བ་ཡིན་ན། སྐབས་དེར་༧སྤྱན་རས་གཟིགས་དབང་༧བསྟན་འཛིན་རྒྱ་མཚོ་གངས་ཅན་ལྗོངས་སུ་གདན་ འདྲེན་ཞུ་ཐུབ་སོང་བ་རེད།

དེ་ ལ་བཙན་བྱོལ་བོད་གཞུང་བཀའ་སྤྱི་གཉིས་ཀྱིས་དབུ་ཁྲིད་དེ་གཞིས་ལུས་བོད་མི་ཚོར་ བོད་རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་སྐྱོང་ཡོང་ཐབས་ཀྱི་འཐབ་རྩོད་གནང་ སྟངས། རྒྱ་ནག་གི་རྩ་ཁྲིམས་དང་བཅའ་ཁྲིམས་ནག་འདེད་བྱ་རྒྱུ་དེ་ཡིན། དེ་ལྟར་གནང་རོགས་ཞེས་སྐད་གསེང་མཐོན་པོས་འབོད་སྐུལ་གནང་དགོས་ཀྱི་རེད། དེ་བཞིན་རྒྱལ་སྤྱིའི་སྒང་དུའང་དེ་དོན་བཞིན་རྒྱབ་སྐྱོར་འཚོལ་བ། ཕྱི་བཞུགས་རྒྱ་རིགས་གྲོགས་པོ་ཚོ་སྐོང་འགུག་གནང་བའམ། རེ་རེའི་སར་བཅར་ནས་རྒྱ་ནག་མི་མང་ལ་གནས་ཚུལ་དེ་བཞིན་བརྡ་ལན་གསལ་བོ་ཞིག་ སྤྲོད་དགོས་པར་འབད་འབུངས་མཐའ་གཅིག་ཏུ་གནང་སྟེ་ཆིག་སྒྲིལ་བླ་ན་མེད་པ་ཞིག་ གནང་དགོས་ཀྱི་རེད།  

ཉི་ མ་དེ་བར། བོད་ནང་གི་འཐབ་རྩོད་དེ་རང་བསྲེགས་བྱེད་པའི་ཚད་དུ་ཁྱོན་ནས་སླེབས་ཡོད་པ་མ་ རེད། གལ་སྲིད་༼ བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་༽དེ་ལྟར་ཁྲིམས་མཐུན་ངང་འཐབ་ རྩོད་བྱས་ཀྱང་། རྒྱ་ནག་གཞུང་གིས་དམིགས་གཞི་ངོ་མ་བོད་མི་རྩ་སྟོང་འགྲོ་རྒྱུའི་སྲིད་བྱུས་ལས་ ཅུང་ཙམ་མ་བརྒལ་བ་ཡིན་ན། ཉིན་མོ་དེ་ནས་བོད་མི་ཚོས་སྲིད་དབང་སྒེར་སྤྱོད་པ་དང་། འཇིགས་སྐུལ་དྲག་སྤྱོད་པའི་གཞུང་ལ་རང་ལུས་གཞོམ་བསྲེགས་ཀྱིས་བདེན་པ་རྩོད་ དགོས་ཀྱང་རྩོད་པའི་དུས་ཚོད་ཤར་བ་ལྟ་བུ་ཞིག་རེད། དེས་ན་སྙིང་ནས་བརྩེ་བའི་བོད་ནང་གི་སྤུན་ཟླ་ཕོ་མོ་ཚོས་རྒྱ་ནག་གཞུང་གི་ཁ་དོག་ ངོ་མ་དེ་དམར་དམར་རྗེན་རྗེན་བཟོ་རོགས།

༢༠༡༢ ། ༣ ཚེས་ ༡༤ ཉིན་ལ།

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༣ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

མཆན། 5

  1. རྩ་ཐང་། says:
    ལོ་ 14 སྔོན།

    དངོས་གནས་བསམ་འཚུལ་ཡག་པོ་འདུག ད་ལྟའི་བོད་ནང་གི་གནས་སྟངས་དེ་ནི་དངོས་གནས་ཛ་དྲག་ཞིག་རེད། འུ་ཐུག་རེ་བ་ཟད་ནས་རང་ཤི་རྒྱག་གི་ཡོད་པ་དེར་ད་དུང་རང་ལུས་མེ་མཆོད་ཕུལ་བ་སོགས་མིང་སྙན་པོ་འདྲ་བཏགས་ནས་བསྡོད་པའི་དུས་ཞིག་ཁྱོན་ནས་མ་རེད། གནས་སྟངས་འདི་ལྟ་བུ་ལ་བསམས་གཞིགས་ནན་པོ་ཞིག་བྱས་པ་ཡིན་ན་ད་གཟོད་བཙན་བྱོལ་བོད་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་། གང་ལྟར་རྩམ་ཟན་པ་ཞིག་ཡིན་ཕྱིན་ཆད། དགུང་མོ་ཉལ་བའི་གཉིད་མི་ཁུག་པ་ཞིག་དང་ཉིན་མོ་ཟ་བའི་ཟལ་ལ་བྲོ་བ་མེད་པ་ཞིག་ཡོད་དགོས་ཚོད་རེད། ཚང་མས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་གཞིས་ལུས་བོད་མི་རྣམས་དེ་ལྟ་བུའི་ཡ་ང་བའི་གནས་སྟངས་ལས་གང་དྲག་ཅི་དྲག་གི་མྱུར་སྐྱོབ་བྱ་དགོས་རྒྱུར་རང་རེའི་གཞུང་གི་དབུ་འཁྲིད་རྣམས་པ་དང་ཤེས་ཡོན་ཅན། ཚོགས་པ་ཁག་རྣམས་པས་ཉིན་ཚན་ལྟོས་མེད་ཤུགས་སྐྱོན་རོགས་ཞེས་ལག་ཐལ་མོ་སྦྱར་ནས་ཞུ་ཀྱིན་ཡོད། བཀའ་དྲིན་ཆེ།།

    Reply
  2. བཙན་པོའི་བུ། says:
    ལོ་ 14 སྔོན།

    བོད་ནང་གི་བོད་མི་ཚོས་༧གོང་ས་མཆོག་དང་བོད་གཞུང་གིས་རྒྱ་ནག་ལ་གནང་བའི་གནད་དོན་དེ་རིགས་མི་ཉུང་བ་ཞིག་ཤེས་རྟོགས་ཐུབ་ཀྱི་ཡོད་པ་གསལ་པོ་རེད། རྒྱ་གཞུང་གིས་གུ་ཡང་གི་མངོན་འདོད་ལྟ་བུར་མིང་སྣ་ཚོགས་བཏགས་ནས་ཁས་ལེན་མ་བྱས་པར་བརྟེན་བོད་མི་ཚོས་མེ་སྲེགས་ཀྱི་ལམ་བུ་དེ་འདེམས་དགོས་བྱུང་བ་རེད།

    Reply
  3. འོད་ཆེམ་ཆེམ། says:
    ལོ་ 14 སྔོན།

    དོན་དང་ལྡན་པ་ཞིག་བྲིས་འདུག འདི་ལས་ལམ་ཁ་མེད་པ་དེ་གསལ་བོ་རེད།

    Reply
  4. འཁྱམ་པོ། says:
    ལོ་ 14 སྔོན།

    འདི་ནི་གོ་རྒྱུ་ཆེན་ཆོ་ཞིག་གང་ཡང་མི་འདུག་ དུས་རབས་ཆད་ཙམ་རིང་ཙན་བྱོལ་ནང་ལས་ཀ་གང་དང་གང་བྱས་པ་རེད་དམ། དོན་དངོས་ཐོག་བཙན་བྱོལ་ནང་གིས་དམིག་ཡུལ་དང་བོད་དོན་ལས་འགུལ་ངོ་མ་ག་རེ་བྱེད་ཀྱི་ཡོད་མེད་གཞིས་ལུས་རྣམས་ཀྱི་ཟུར་ཙམ་ཡང་མི་ཤེས་ལ་ བོད་ནང་གི་གནས་སྟང་ངོ་མ་དེའང་བཙན་བྱོལ་ནང་ནས་ཤེས་ཀྱི་མེད་གཅིག་གི་གཅིག་ལ་རེ་བ་ཆེན་པོ་རེ་བྱས་ནས་སྡད་པ་དེ་བོད་རེ་བས་ཕུང་ཞེས་པ་དེ་རང་ལས་མ་འདས།།

    Reply
  5. རྭ་ལོ། says:
    ལོ་ 14 སྔོན།

    རྩོམ་འདྲ་བོ་མི་འདུག མི་ཞིག་ངུ་ཞོར་དུ་རང་གི་སྡུག་གཏམ་བཤད་གིན་ཡོད་པ་འདྲ་བོ་ཞིག་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese