མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྕགས་ཡོས་བཙན་རྒོལ་མེ་ལྕེ་དཔེ་དེབ་དབུ་འབྱེད་གནང་སོང་།

བོད་ཀྱི་དུས་བབ།
༢༠༡༢/༠༣/༡༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། བཀའ་བློན་ཁྲི་པ་མཆོག་གིས་མདོ་སྨད་རྩོམ་སྒྲིག་ཚོགས་ཆུང་གིས་རྩོམ་སྒྲིག་གིས་བོད་མིའི་རང་དབང་འཐབ་རྩོད་ཆེད་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་བཀོད་པའི་དཔེ་དེབ་༼ལྕགས་ཡོས་བཙན་རྒོལ་མེ་ལྕེ། ༽ཞེས་དབུ་འབྱེད་གནང་སོང་།

དེ་རིང་ཞོགས་པའི་ཆུ་ཚོད་ ༡༠ སྟེང་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༦ ལྕགས་ཡོས་ཞི་རྒོལ་ཆེན་མོ་བྱུང་སྟེ་ལོ་གཅིག་འཁོར་བའི་དུས་དྲན་ཉིན་མོ་དང་བསྟུན་ཏེ། མདོ་སྨད་བཙན་རྒོལ་བདེན་རྒྱབ་མནའ་འབྲེལ་རྩོམ་སྒྲིག་ཚོགས་ཆུང་གིས་རྩོམ་སྒྲིག་བྱས་པའི་དཔེ་དེབ་ ༼ལྕགས་ཡོས་བཙན་རྒོལ་མེ་ལྕེ ༽ཞེས་པ་དབུ་འབྱེད་མཛད་སྒོ་ཚོགས་སོང་། མཛད་སྒོའི་སྒུ་མགྲོན་གཙོ་བོར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་བཀའ་ཟུར་ཨ་ལགས་འཇིགས་མེད་རིན་པོ་ཆེ་མཆོག་བཅས་དང་། གཞན། སྤྱི་འཐུས་ཁག་ཅིག་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ། རྒྱ་གར་དང་བོད་པའི་གསར་འགོད་པ་བཅས་ཕེབས་འདུག  

མཛད་སྒོ་དབུ་འཛུགས་སྐབས་རྩོམ་སྒྲིག་ཚོགས་ཆུང་གི་ཚོགས་མི་མདོ་སྨད་སྤྱི་འཐུས་སྨན་པ་མཁྱེན་རབ་ལགས་ཀྱིས་དཔེ་དེབ་དེ་ངོ་སྤྲོད་གནང་བ་ལྟར་ན། ༼ལྕགས་ཡོས་བཙན་རྒོལ་མེ་ལྕེ ༽ཞེས་པའི་དཔེ་དེབ་ནང་། ཕྱི་ལོ་ ༡༩༩༨ ཟླ་ ༤ ཚེས་ ༢༧ ཉིན་རྒྱལ་གཅེས་དཔའ་བོ་ཐུབ་བསྟན་དངོས་གྲུབ་མཆོག་གིས་བོད་བསྟན་སྲིད་མི་རིགས་ཆེད་རྒྱ་གར་རྒྱལ་ས་ལྡི་ལིར་རང་ལུས་མེར་བསྲེགས་བཏང་བ་ནས། ཁ་སང་ཕྱི་ཚེས་ ༡༤ ཉིན་རེབ་གོང་རོང་བོ་དགོན་པའི་གྲྭ་འཇམ་དབྱངས་དཔལ་ལྡན་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བའི་བར་གྱི་བོད་ཕྱི་ནང་གི་རང་ལུས་མེར་བསྲེགས་བཏང་པའི་གནས་ཚུལ་ཆ་ཚང་བཀོད་ཡོད་ཀྱང་། དེབ་ཀྱི་ཁ་བྱང་ནང་༼ལྕགས་ཡོས༽ཞེས་བསླེབ་དགོས་དོན་ལས་འགུལ་རླབས་ཆེན་ཞིག་བྱུང་པ་དེ་དུས་ཚོད་ཀྱི་ཐོག་ནས་ངོས་འཛིན་གསལ་བོ་བཟོས་ན། མ་འོངས་ལོ་རྒྱུས་ནང་དྲན་གསོ་ཐེབས་བདེ་བ་དང་སེམས་ལ་འཇགས་བདེ་བའི་དབང་གིས་བཀོད་པ་ཞིག་དང་། དེ་ནི་ ༢༠༡༡ ཟླ་ ༣ ཚེས་ ༡༦ ཉིན་རྒྱལ་གཅེས་དཔལ་བོ་གྲྭ་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་པ་ནས་མེ་བསྲེགས་ཞི་རྒོལ་ལས་འགུལ་ཤུགས་ཆེན་པོ་བྱུང་པའི་ལོ་དེ་ལྕགས་ཡོས་ལོར་འཁེལ་ཡོད་པས་མིང་དེ་ལྟར་བཏགས་ཚུལ་བརྗོད་སོང་།

ཁོང་གིས་མུ་མཐུད་ངོ་སྤྲོད་གནང་བར་དེབ་དེར་སྡེ་ཚན་ཆེན་བ་ ༣ དང་ཤོག་ངོས་ ༤༥༠ ཙམ་གྱིས་གྲུབ་ཡོད་འདུག་ལ། སྡེ་ཚན་དང་པོའི་ནང་།  བོད་མིའི་རང་ལུས་མེར་བསྲེགས་གཏོང་དགོས་པའི་རྒྱུ་རྐྱེན་རྒྱ་གཞུང་གིས་ད་ལྟའི་བར་བོད་ཐོག་བཟུང་བའི་སྲིད་ཇུས་དེ་ཆགས་ཡོད་པ་དག་རིམ་པ་བཞིན་རེ་རེ་བྱས་ཏེ་བཀོད་ཡོད་འདུག གཉིས་པ། བོད་ནང་གི་རང་ལུས་མེར་བསྲེགས་ཞི་རྒོལ་ལ་བརྟེན་ནས་རྒྱལ་སྤྱིའི་ནང་གནས་ཚུལ་ག་རེ་བྱུང་ཡོད་པ། རྒྱལ་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་ཞི་རྒོལ་དེའི་ཐད་ཆ་ཤས་ག་རེ་བླངས་ཡོད་པ་དང་རྒྱབ་སྐྱོར་གྱི་རྣམ་པ་ཅི་འདྲ་ཡིན་པ། རྒྱལ་སྤྱིའི་སྲིད་གཞུང་ཁག་གིས་ཆ་ཤས་ག་རེ་བླངས་ཡོད་པ། རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་ཅི་འདྲ་ཐོན་ཡོད་པ་བཅས་དང་། གསུམ་པ། བཙན་བྱོལ་ནང་བཀའ་སྤྱི་གཉིས་ཀྱིས་དབུ་ཁྲིད་དེ་བོད་ནང་གི་རང་ལུས་མེར་བསྲེགས་ཐད་ལས་འགུལ་དང་ཛ་དྲག་གསར་འགོད་གསལ་བསྒྲགས་ག་རེ་སྤེལ་ཡོད་པ། འཛམ་གླིང་རྒྱལ་ཁབ་གང་སར་ཡོད་པའི་བོད་མི་ཚོས་ལས་འགུལ་ག་རེ་སྤེལ་བ། རྒྱ་གར་ནང་༧གོང་ས་མཆོག་གཙོས་པའི་བླ་ཆེན་ཁག་དང་བཙན་བྱོལ་སེར་སྐྱ་མི་མང་གིས་གདུང་སེམས་མཉམ་སྐྱེད་ག་རེ་གནང་ཡོད་པ། དེ་དག་གི་གནས་སྟངས་གང་འདྲ་ཆགས་ཡོད་པ་བཅས་བཀོད་ཡོད་འདུག ཁོང་གིས་ “དཔེ་དེབ་ནང་ཁ་སང་བར་གྱི་གནས་ཚུལ་རྣམས་ཚུད་ཡོད་ཀྱང་། ཇི་སྲིད་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་བཟང་ཕྱོགས་ནས་འགྱུར་པ་མ་བཏང་པར་དུ་རང་ལུས་མེར་བསྲེགས་སོགས་བོད་མིའི་ཞི་རྒོལ་མུ་མཐུད་འབྱུང་ངེས་ཡིན་སྟབས། ང་ཚོས་ཀྱང་གནས་སྟངས་འདྲ་མིན་ཐོག་ནས་བདག་པོ་རྒྱག་དགོས་པ་རེད ”ཅེས་བརྗོད་བྱུང་།

དེའི་རྗེས་བཀའ་ཁྲི་མཆོག་གིས་དཔེ་དེབ་དབུ་འབྱེད་དང་འབྲེལ། མདོ་སྨད་བཙན་རྒོལ་བདེན་རྒྱབ་རྩོམ་སྒྲིག་ཚོགས་ཆུང་གིས་འདས་པའི་ལོ་ ༡༠ ཙམ་རིང་དུས་ཚོད་ཟུར་འདོན་ཐོག་དཀའ་ལས་བརྒྱབ་སྟེ་ཐོག་མར་པཎ་ཆེན་རིན་པོ་ཆེའི་རྣམ་ཐར་ནས། ཉེ་ཆར་ཝ་ཤིན་ཊོན་དུ་༧གོང་ས་མཆོག་གི་དུས་འཁོར་དབང་ཆེན་སྐབས་༧གོང་ས་མཆོག་གི་སྐུ་པར་བརྙན་དེབ་ཤོག་ངོས་ ༡༥༠༠ ཅན་ཞིག་དཔར་འགྲེམས་གནང་པ། དེ་བཞིན་དོལ་རྒྱལ་དང་འབྲེལ་བའི་དེབ་ཅིག་དཔར་བསྐྲུན་དང་། ད་ཆར་རྒྱ་ཡིག་དང་དབྱིན་ཡིག་ཐོག་སྒྱུར་མུས་ཡིན་པ། དེ་རིང་གྲྭ་ཕུན་ཚོགས་ལགས་སྐུ་ལུས་མེར་བསྲེགས་བཏང་ནས་ལོ་གཅིག་འཁོར་པའི་དུས་དྲན་ཉིན་མོ་དང་བསྟུན། ད་ལྟའི་བར་རང་ལུས་མེར་བསྲེགས་བཏང་པའི་སྤྱི་ཡོངས་ཀྱི་ཡིག་ཆ་ཚང་མ་ཕྱོགས་བསྡོམས་བྱས་ཐུབ་པ་དེར་བསྔགས་བརྗོད་དང་། སོ་སོའི་ལས་ཞོར་དང་གུང་སེང་བེད་སྤྱད་དེ་འབད་བརྩོན་ཆེན་པོས་དཔེ་དེབ་རྩོམ་སྒྲིག་གི་ལས་ཀ་བྱས་ཡོད། དེབ་འདིའི་ནང་དོན་ཐད་ནས་ད་ལྟ་རང་རག་པ་ཞིག་ཡིན་སྟབས་ཞིབ་ཕྲ་ཤེས་རྟོགས་ཐུབ་མེད་ནའང་། རྩོམ་སྒྲིག་པ་རྣམ་པས་ད་སྔ་བཏོན་པའི་དེབ་རྣམས་བོད་པའི་རྩ་དོན་ལ་ཕན་པ། ༧གོང་ས་མཆོག་གི་བཀའ་དགོངས་བཞིན་གནང་པ་རྐྱང་ཆགས་ཡོད་པ་ལྟར། དེབ་འདི་ཡང་དེ་བཞིན་ཡོད་ཤག་གི་ཡིད་ཆེས་བྱེད་ཀྱི་ཡོད་པར་གསུངས་སོང་།

མདོ་སྨད་བཙན་རྒོལ་བདེན་རྒྱབ་མནའ་འབྲེལ་རྩོམ་སྒྲིག་ཚོགས་ཆུང་ཞེས་པ་འདི་ནི། སྒྲིག་འཛུགས་རང་བཞིན་གྱི་ཚོགས་པ་དེ་འདྲ་མིན་པར་གཞུང་དང་ཚོགས་པ་སྒྲིག་འཛུགས་སོགས་སུ་ལས་ཁུར་ཡོད་པའི་མདོ་སྨད་ཕྱོགས་ཀྱི་ཤེས་ཡོན་པ་ཁག་ཅིག་ལས་གྲུབ་པ་ཞིག་དང་། ཁོང་ཚོས་དང་བླང་ཐོག་འདས་པའི་ལོ་ ༡༠ རིང་བོད་ཀྱི་རྩ་དོན་དང་༧རྒྱལ་བ་པཎ་ཆེན་གྱི་མཛད་རྣམ། བོད་ནང་གི་ཛ་དྲག་གནས་ཚུལ་བཅས་ཀྱི་ཐོག་ཡིག་ཆ་དང་རྩོམ་ཡིག གནས་ཚུལ་རིགས་ལ་ཞིབ་འཇུག་དང་ཕྱོགས་སྒྲིག་གིས་ད་སྔ་བོད་རྒྱ་དབྱིན་གསུམ་ནང་དཔེ་དེབ་ ༨ ཙམ་དཔར་སྐྲུན་བྱས་ཡོད་འདུག ཐེངས་འདིའི་རྩོམ་སྒྲིག་ལས་ཁུར་ཁྲོད་ཁྱོན་མི་ ༡༧ ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༢༠ སྔོན་ལ།
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

ཆུ་ཚོད་ ༢༢ སྔོན་ལ།
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༥
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤

མཆན། 6

  1. ཤར་མདའ། says:
    ལོ་ 14 སྔོན།

    འདི་ལྟར་ལོ་རྒྱུས་ལ་མཉམ་ཞིབ་ཀྱི་ཐོག་ནས་རྒྱ་ནག་དམར་གཞུང་ལ་ལན་འདེབས་ཀྱི་ཚུལ་དུ་སྤེལ་བ་འདྲ་བོ་ཞིག་རེད།   དམར་གཞུང་གིས་དུས་རྟག་ཏུ་སྐྱག་རྫུན་བཤད་པ་དང་འཁྱོག་བཤད་བྱེད་ཀྱི་ཡོད་པ་རྣམས་རེ་རེ་བཞིན་གསལ་འདོན་གནང་ཐུབ་ན་དེ་བས་དགེ་མཚན་ཆེ་བར་མཐོང་།   གང་ལྟར་སྨྱུག་འཛིན་པ་རྣམས་དང་ཀྱི་སྨྱུག་ཁ་བོད་མི་ནང་ཁུལ་དུ་མི་གཏོད་པར་དམར་གཞུང་ལ་ལན་འདེབས་གནང་པ་ཡི་རང་དང་རྒྱབ་སྐྱོར་ཡོད་ཐུགས་རྗེ་ཆེ་ཞུ།

    Reply
  2. ཨ་ལ་ལ says:
    ལོ་ 14 སྔོན།

    བསྔགས་བརྗོད་གྲངས་མེད་དང་རྗེས་སུ་ཡི་རང་ཡོད། སྨན་པ་མཁྱེན་རབ་ནི་རྩོམ་སྒྲིག་ཚོགས་མི་ཙམ་མིན་པར་ཚོགས་ཆུང་གི་ཚོགས་གཙོ་ཡིན་ཚུལ་གོ་སོང་བས། གསར་འགོད་པས་གཟིགས་ཞིབ་གནང་གལ་མཐོང་།

    Reply
  3. གླག་སྨྱོན། says:
    ལོ་ 14 སྔོན།

    ང་ཚོས་ནམ་ཡང་ལོ་རྒྱུས་རྗེད་མི་ཉན་པས་འདི་དག་ནི་མ་འོངས་པའི་ལོ་རྒྱུས་ཆེན་མོ་ཞིག་གི་ཁུངས་སུ་ཡང་འཇོག་ཆོག

    Reply
  4. ཤིང་ལོ། says:
    ལོ་ 14 སྔོན།

    འདི་དག་གི་ཕྱོགས་ལ་གང་འཚམ་འགྲིགས་པ་ཞིག་རེད། འོན་ཀྱང་ངས་བལྟས་ན་ད་དུང་ཆད་པ་གཅིག་ནི་བཙན་བྱོལ་ནང་གི་རྩོམ་པ་པོ་ཚོ་ཁ་འཐོར་དང་། འབྲེལ་མེད་ལྟ་བུར་ཡོད་པས་འདི་དག་མ་འོངས་པར་མཉམ་འཛོམས་ཐོག་རྩོམ་རིག་གི་ཁ་ཕྱོགས་དང་། ཞན་ཆ་སོགས་ལ་བགྲོ་གླེང་དང་། ཆབ་སྲིད་དང་སྤྱི་སྐད་རྩོམ་ཡིག་འབྲི་སྟངས་སོགས་ལ་འབད་ཐུབ་ན་བསམ།

    Reply
  5. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 14 སྔོན།

    ཐུགས་རྗེ་ཆེ། ཧ་ཅང་དགའ་བོ་བྱུང་།

    Reply
  6. བདེ་ལེགས། says:
    ལོ་ 14 སྔོན།

    ངོ་མ་ཡག་པོ་འདུག  ཁོང་རྣམས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན།  དེ་མ་གཏོགས་བོད་ལ་བྱུས་ཉེས་རེ་རེ་བྱུང་དུས་མགོ་བདེ་ཁ་ཅིག་གིས་གོ་སྐབས་བཟུང་ནས་ཞལ་འདེབས་བསྡུ་བྱད་བྱེད་ཀྱི་འདུག་ན་དངོས་གནས་བློ་ཕམ་པའི་ལས་ཀ་རེད།   ད་ཡིན་ན་ཡག་པོ་བྱུང་།  

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese