མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲྭ་པ་ ༥༠ འཛིན་བཟུང་།

བོད་ཀྱི་དུས་བབ།
༢༠༡༢/༠༣/༡༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་མདོ་སྨད་མཚོ་ལྷོ་འབའ་རྫོང་ཤིང་ཁྲི་དགོན་པའི་གྲྭ་བ་ལྔ་བཅུ་ཙམ་འཛིན་བཟུང་བཀག་ཉར་བྱས་འདུག

ཁ་སང་ཕྱི་ཚེས་ ༡༥ ཉིན་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབའ་རྫོང་ཤིང་ཁྲི་དགོན་པའི་གྲྭ་པ་ ༥༠ ཡས་མས་ཤིག་གིས། མཚན་ཆུ་ཚོད་ ༣ པ་ཡས་མས་ནས་མགོ་བཙུགས་ཏེ། “ བོད་ལ་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས།” ཞེས་སྐད་འབོད་བྱེད་བཞིན་རྫོང་ཐོག་བསྐྱོད་སྐབས། ས་གནས་རྫོང་དཔོན་དང་དགོན་པའི་མཁན་པོ་སོགས་ཀྱི་རེ་སྐུལ་ཞུས་ཏེ་ལས་འགུལ་མཚམས་འཇོག་བྱས་ཡོད་ཀྱང་། དེ་རིང་ཉེན་རྟོག་པ་དགོན་པར་ཡོང་སྟེ་ལས་འགུལ་ནང་མཉམ་ཞུགས་བྱས་པའི་གྲྭ་བ་རྣམས་འཛིན་བཟུང་བཀག་ཉར་བྱས་འདུག

དེ་རིང་འཛིན་བཟུང་གི་གནས་ཚུལ་བྱུང་རྗེས། ས་གནས་མི་མང་རྫོང་ཁྲིམས་ཁང་གི་མདུན་དུ་འཛོམས་ཏེ་ཁོང་ཚོ་ཀློད་གྲོལ་གཏོང་དགོས་པའི་རེ་སྐུལ་ཞུས་ཡོད་པ་མ་ཟད། གལ་སྲིད། གྲྭ་བ་ཚོ་ཀློད་གྲོལ་མ་བཏང་ཚེ་ས་གནས་མི་མང་ཡར་ལངས་བྱ་རྒྱུ་ཡིན་པའི་བརྡ་ལན་སྤྲད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༢༤ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 6

  1. རྒྱང་ལྟ། says:
    ལོ་ 14 སྔོན།

    གནས་ཚུལ་འདི་ཚོ་ངེས་པར་དུ་རང་གཞུང་གིས་ཤེས་ཐབས་བྱ་དགོས། ལྷག་པར་བདེ་སྲུང་གིས་ཤེས་ཐབས་བྱ་དགོས།

    Reply
  2. ཁ་བ་སྐམ་པོ། says:
    ལོ་ 14 སྔོན།

    ཁ་སང་ནམ་མ་ལང་གོང་ནས་གྲྭ་བ་ཚོ་འབའ་རྫོང་དུ་འབྱོར་ཡོད་པ་དང་། སྲིང་ནས་ངོ་རྒོལ་སྐད་འབོད་བྱས་ཡོད་པར་མ་ཟད། རྫོང་སྲིད་གཞུང་སྒོ་འགྲམ་དུ་ཡང་སོང་འདུག སྐབས་དེ་དག་དུ་དམག་མི་དང་དོ་དམ་མི་སྣའི་བཀག་འགོག་དང་རེ་སྐུལ་འོག་གྲྭ་མང་ཕྱིར་དགོན་པར་ལོག་ཀྱང་། དེ་རིང་དགོན་པ་རང་དུ་གྲྭ་བ་དྲུག་ཅུ་ལྷག་ཅིག་བཟུང་འདུག མ་ཟད་ཟི་ལིང་སོགས་ནས་དྲག་ཆས་དམག་མིས་ཁེངས་བའི་རླང་འཁོར་བཞི་བཅུ་ལྷག་ཅིག་འབའ་རྫོང་དུ་འབྱོར་ནས་དམ་དྲག་བྱེད་བཞིན་ཡོད་ནའང་། མི་སྐྱ་གྲངས་མང་ཞིག་གིས་སྐད་འབོད་རྒྱག་བཞིན་སྲིང་གོང་འོག་དང་རྫོང་ཁྲིམས་ཁང་མདུན་བཅས་སུ་ངོ་རྒོལ་བྱེད་བཞིན་པའི་གནས་ཚུལ་འབྱོར་སོང་ལ། ཡིག་ཆ་ཁག་ཅིག་ཀྱང་གཏོར་ཡོད་འདུག ད་དུང་“རྒྱལ་བ་རིན་པོ་ཆེ་ཡུལ་དུ་ཕེབས་འཇུག་དགོས་བ་དང་བོད་རང་བཙན་ཡིན”་སོགས་སྒྲོག་བཞིན་ཡར་ལང་ཤུགས་ཆེན་བྱེད་བཞིན་ཡོད་ཀྱང་དེའི་རྗེས་གནས་ཚུལ་ཤེས་མ་སོང་བ་དགོངས་འཇགས་ཞུ། ད་སྐབས་ཁ་པར་སོགས་ཀྱི་འབྲེལ་བ་གསལ་བོ་ཞིག་བྱེད་ཐུབ་ཀྱི་མི་འདུག་མོད། གོང་གསལ་དག་ས་གནས་རང་ནས་འབྱོར་བའི་གནས་ཚུལ་ཞིག་ཡིན།

    Reply
  3. བདེ་རྒྱལ། says:
    ལོ་ 14 སྔོན།

    བདེན་པ་དང་རྫུན་པ་གཉིས་ལས་སྔ་ཕྱི་ཞིག་མ་གཏོགས་བདེན་པ་རྒྱལ། མདོར་ན་རྙིང་དགོན་ཤིང་ཁྲིའི་དགེ་འདུན་པ་ཁྱེད་ཚོ་རྒྱལ་ཡོད། དཔའ་བོའི་སྙིང་སྟོབས་ལ་གུས་འདུད་ཞུ།

    Reply
  4. མིག says:
    ལོ་ 14 སྔོན།

    གནས་ཚུལ་དེས་མི་ལ་རྐྱེན་ངན་མ་ཡོང་བར་ཤོག

    Reply
  5. ཤིང་ལོ། says:
    ལོ་ 14 སྔོན།

    དོན་ཕན་ལྡན་པའི་ལས་འགུལ་དགོས་ན་ཆིལ་སྒྲིལ་དགོས་པ་དང་། གཞུང་དང་མི་མང་གིས་བསམ་ཚུལ་བརྗེ་རེས་བྱེད་དགོས།

    Reply
  6. རྟ་མགྲིན། says:
    ལོ་ 14 སྔོན།

    རྫོང་འདིའི་མིང་རྙིང་ངམ་ས་ཚིགས་ལྟེ་བ་དེ་གད་པ་སུམ་མདོ་རྫོང་ཞེས་པ་དེ་རེད། རྫོང་འདིའི་ནང་གི་མི་གྲངས་བརྒྱ་དགུ་བཅུ་གོ་བརྒྱད་ཙམ་བོད་རིགས་དང་། དགོན་པའི་ཆོས་བརྒྱུད་རྙིང་མ་ཡིན། ས་གནས་འདིའི་སྤྱི་མིང་ལ་སྔོན་ཆད་མང་འབའ་བྱ་གསུམ་ཞེས་ཀྱང་ཟེར། དགོན་པའི་གྲྭ་བ་ཚོ་ཐུགས་རྗེ་ཆེ། སུ་ཞིག་ལའང་བར་ཆད་མི་ཡོང་བར་ཤོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese