མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་ལུས་མེར་བསྲེགས་བཏང་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༣/༡༧
Share on FacebookShare on TwitterShare on EmailShare on Whatsapp


དེ་རིང་ཞོགས་པ་བོད་ནང་གི་ཆུ་ཚོད་ ༩།༣༠ པ་ཡས་མས་སུ་ཨ་མདོ་རེབ་གོང་རྨ་ལྷོ་ཁུལ་ཐོག་ཏུ་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་སྟེ་སྐུ་གྲོངས་ཡོད་འདུག ཁོང་སློབ་མ་ཞིག་ཡིན་ཚོད་འདུག་པ་དང་། གནས་ཚུལ་བྱུང་མ་ཐག་ས་གནས་བོད་རིགས་སྐྱ་སེར་མི་མང་པོ་ཞིག་རེབ་གོང་རོང་བོ་དགོན་པའི་སྒྲོལ་མ་ཐང་ཆེན་དུ་འཛོམས་ཏེ་སྨོན་ལམ་གསུང་བཞིན་ཡོད་འདུག་ལ། སློབ་གྲྭ་ཁག་གི་སློབ་མ་དང་ཉེ་འཁོར་གྱི་མང་ཚོགས་མང་པོས་ངོ་རྒོལ་སྐད་འབོད་རྒྱག་བཞིན་མུ་མཐུད་དུ་ས་གནས་དེ་གར་འཛོམ་བཞིན་ཡོད་འདུག

ངྷ་སར་གནས་བཞུགས་ཕ་ཡུལ་རེབ་གོང་ནས་ཡིན་པ་ཞིག་གིས་ད་ནངས་ཞོགས་པའི་རྒྱ་གར་གྱི་ཆུ་ཚོད་ ༨ པའི་སྟེང་ཕ་ཡུལ་དུ་ཁ་པར་བཏང་སྐབས། ཏག་ཏག་གནས་ཚུལ་དེ་བྱུང་མ་ཐག་ཡིན་འདུག་ཅིང་། རང་ལུས་མེར་བསྲེགས་གཏོང་མཁན་དེ་སློབ་མ་ཞིག་ཡིན་ཚོད་འདུག་ཀྱང་། སློབ་གྲྭ་གང་ནས་ཡིན་པ་དང་། མིང་དང་ལོ། ཕོ་མོ་གང་ཡིན་སོགས་ད་སྔ་ཤེས་རྟོགས་མ་ཐུབ་ཀྱང་། མེར་བསྲེགས་བཏང་མ་ཐག་སྐུ་གྲོངས་ཡོད་པ་གསལ་བོ་རེད་ཟེར། ཁོང་གིས་བརྗོད་དོན། “ད་ལྟ་རང་ངས་ཁ་པར་བཏང་སྐབས། གནས་ཚུལ་འདི་བྱུང་མ་ཐག་རེད། སྐད་འབོད་ཤུགས་ཆེན་བྱེད་ཀྱི་ཡོད་པ་ངས་ཁ་པར་ལས་ཐོས་ཐུབ་ཀྱི་འདུག ས་གནས་མང་ཚོགས་ཀྱིས་ཕུང་བོ་རོང་བོ་དགོན་པའི་ཕྱོགས་སུ་གདན་འདྲེན་ཞུ་བཞིན་འདུག་ཟེར། ངས་ཁ་པར་གཏོང་ཡུལ་དེ་ཚ་གེ་ཚིག་གེ་དང་། ཞེད་སྣང་གི་དབང་གིས་གསལ་བོ་ཞིག་བཤད་ཐུབ་ཀྱི་མི་འདུག མཚམས་དེ་འདྲ་ཞིག་ལ་ཁ་པར་ཡང་ཆད་སོང་། ངས་ཡང་བསྐྱར་ཐེངས་འགར་བཏང་ཡང་ཁ་པར་མཐུད་ཐུབ་ཀྱི་མི་འདུག དེ་ནས་ང་རང་གི་ནང་མི་དང་ཕ་ཡུལ་ཕྱོགས་ཀྱི་ངོ་ཤེས་གྲོགས་པོ་འགར་བཏང་ཡང་མཐུད་ཐུབ་མ་སོང” ཅེས་བརྗོད་བྱུང་།

 

འབྲེལ་ཡོད་གསར་འགྱུར།

Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

ཆུ་ཚོད་ ༡༩ སྔོན་ལ།
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

༢༠༢༦/༠༥/༡༢
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

༢༠༢༦/༠༥/༡༢
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡

མཆན། 11

  1. སེང་གདོང་སྐྱབས ། says:
    ལོ་ 14 སྔོན།

    ངོ་མས་དཔའ་སྙིང་ལ་འཛད་མཐའ་མེད་ཐལ། ཚེ་སྲོག་ལས་ལྷག་པའི་ཚེ་སྲོག་ལ་དུང་བ་ནས་བཟུང་། བོད་པའི་དཔའ་སྙིང་རྡོག་རྡོག་ཚོ་འདི་ལྟར་ལམ་ལ་ཆས་ཟིན། ཚེ་སྲོག་གིས་བསྐྱེད་པའི་རེ་འབྲས་མྱུར་དུ་སྨིན་པར་ཤོག

    Reply
  2. དཀར་མཛེས་བསོད་བུ། says:
    ལོ་ 14 སྔོན།

    ཡུལ་གྱར་བོད་མི་རུལ་སུངས་ཀྱིས།། ་དབུ་མའི་ལམ་ལ་དད་དད་ཀྱི།། ཤ་ཁྲག་དྲོ་མོའི་ལམ་རྒྱས་དངྲ།། མཚན་བྱང་བཅས་པ་ཁྱུར་མིད་བཏང།། གཞིས་བསྡད་དཔའ་བོ་ཁྱུ་མཆོག་གིས།། འགྲོ་བའི་དོན་དུ་ཅི་མ་མཆིས།། རང་བཙན་གཙང་མའི་ཆེས་ཆེད་དུ།། སྲོག་ལ་སྒྲོན་མེ་སྤར་སོང་ངོ།།

    Reply
  3. ཤར་མདའ། says:
    ལོ་ 14 སྔོན།

    འདི་ལྟར་དཔའ་བོ་དཔའ་མོ་དག་གི་སྙིང་སྟོབས་ལ་གཟིགས་དང་འུ་ཅག་གི་ཁོང་ཚོ་ལ་རྒྱག་སྐྱོར་ཅི་ལྟར་བྱེད་སྤུན་ཟླ་ཚོ་ད་ངོ་མ་འདི་ལྟར་འདུག་རྒྱུ་ཞིག་ཡིན་ནམ།   ད་འུ་ཚོས་ནུས་ཀྱིས་བྱ་བ་ཞིག་ཡོད་དམ།  སྤུན་ཟླ་ཚོ་ཡི་རང་དང་རྒྱབ་སྐྱོར་ཡོད་དེ་ནས་ཐབས་གཞན་མི་འདུག་ཡ།

    Reply
  4. ཟླ་བ་ཚེ་རིང་། says:
    ལོ་ 14 སྔོན།

    ཁུངས་ལྡན་གནས་ཚུལ།

    དཔའ་བོ་ཁོང་གི་མཚན་ལ་བསོད་ནམ་དར་རྒྱས་དང་། དེ་རིང་ཞོགས་པར་རོང་བོ་རྫོང་གི་ཚལ་བཙོང་ར་བའི་སུམ་མདོར་སྐུ་ལུས་མེར་བསྲེགས་བཏང་ནས་སྐུ་སྲོག་བཀྲོངས་ཡོོད་འདུག ཁོང་དགུང་ལོ་༤༣ ཡིན་པ་དང་། རེབ་གོང་གཉན་ཐོག་ཞང་ཤ་རིང་༼ ཤ་སྦྲང་༽ སྡེ་བའི་ཡིན་འདུག ཤུལ་ལུས་བུ་གཉིས་དང་བུ་མོ་གཅིག་བཅས་ཡོད་ཅིང་། ཆུང་མ་མཚན་ལ་སྒྲོལ་དཀར་མཚོ་ཞུ་གི་ཡོད་འདུག

    འོད་ཟེར་ལགས་ཀྱི་འཕྲུལ་སྒྲ་ལས།

    今天(3月17日)上午,在安多热贡(今青海省黄南藏族自治州州府同仁县),43岁的索南达杰在隆务镇菜市场三岔路口自焚,当场牺牲,已经火葬。索南达杰是同仁县年都乎乡夏卜浪村农民,其妻卓尕措,有两个儿子和一个女儿

    Reply
  5. རྩོམ་སྒྲིག་པ། says:
    ལོ་ 14 སྔོན།

    རིག་གྲོལ་ལགས། གནས་ཚུལ་ཁུངས་དག་ཡིན། བོད་དང་རྒྱ་གར་གཉིས་བར་ཆུ་ཚོད་ 2:30 བར་ཁྱད་ཡོད། གནས་ཚུལ་འདི་གར་འབྱོར་སྐབས་ད་ནངས་ཞོགས་པའི་རྒྱ་གར་གྱི་ཆུ་ཚོད་ 8:00 ཡིན་ལ། དེ་བོད་ནང་གི་ཆུ་ཚོད་ 10:30 ལ་འཁེལ་ཡོད། ཏག་ཏག་མེར་བསྲེགས་བཏང་སྟེ་ཆུ་ཚོད་ ༡ ཡས་མས་ལས་ཕྱིན་མེད་སྟབས། གནས་ཚུལ་མཁོ་སྤྲོད་པས་མི་དེའི་མིང་དང་ལོ་སོགས་ཞིབ་ཕྲ་ཤེས་ཐུབ་མི་འདུག
    དེའི་རྗེས་ཕྱོགས་འདྲ་མིན་ནས་གནས་ཚུལ་མང་པོ་འབྱོར་བཞིན་འདུག རྨ་ལྷོ་ཁུལ་ཐོག་ཏུ་མི་བོད་མི་ཞིག་གིས་མེར་བསྲེགས་བཏང་བ་དང་། ཁོང་སྐུ་གྲོངས་ཡོད་པ། ད་ལྟ་མང་ཚོས་ཀྱིས་ངོ་རྒོལ་སྐད་འབོད་གནང་གི་ཡོད་པ་སོགས་དངོས་ཡོད་རེད། འོན་ཀྱང་འདས་པོ་ཁོང་སློབ་ཕྲུག་ཡིན་མིན་དང་། མིང་དང་ལོ། འབོད་ཚིག་ག་རེ་ཡིན་མིན་ད་དུང་ཅུང་ཁ་མཚུངས་ཀྱི་མི་འདུག ད་ལྟ་གོང་གསལ་གནས་ཚུལ་སྐོར་ཡིག་ངག་གཉིས་ཐོག་ནས་མང་པོ་འབྱོར་བཞིན་འདུག་སྟབས། རིམ་བཞིན་གསལ་བོ་ཆགས་ཡོང་གི་རེད།

    Reply
  6. jamppl says:
    ལོ་ 14 སྔོན།

    རིག་གྲོལ་ཟེར་བ་འདིས་དཀྲོག་རྐྱེན་སློང་གི་འདུག ཁྱེད་ལ་འདི་ལས་ལྷག་པའི་གནས་ཚུལ་ཁུངས་དག་ག་འདྲ་ཞིག་དགོས་རེད། ཁ་བརྡ་ཚང་གི་ཁ་བརྡ་ཁ་བརྡ་རང་རེད། དེའི་ནང་ན་ཆང་ཐུང་གི་ཁ་བརྡ་དང་བྱིས་པའི་ཁ་བརྡ་ཡང་ཡོད་རེད། ཁ་གསལ་བོ་ཟེར་བ་དེ་ལ་ས་མཚམས་ཁོག་པོ་ཡོད། ལུང་པ་གྲོང་པ་ཤེས་ན་མིང་དང་ལོ་ག་རེ་རེད། མིང་དང་ལོ་ཤེས་ན་ཕ་མིང་མ་མིང་ག་རེ་རེད། ཕ་མིང་མ་མིང་ཤེས་ན་ལས་རིགས་ལག་རྩལ་ག་རེ་རེད། ང་རང་གིས་བསམ་ན་སྐུ་པར་ཞིག་རེག་ན་ཡག་ཤོས་རེད།

    Reply
  7. རིག་གྲོལ། says:
    ལོ་ 14 སྔོན།

    རྩོམ་སྒྲིག་པ་ལགས་གནས་དུས་ཐོག་ཏུ་སྤེལ་བ་ལེགས་མོད། གནས་ཚུལ་འདི་ཁུངས་དག་ཡིན་པའི་བདེན་དབང་ཡོད་དམ། ཁ་བརྡའི་སྟེང་ན་དབང་པོ་བརྟན་པོ་མེད་པའི་སྐད་ཆ་སྣ་ཚོགས་ཤིག་བཀོད་འདུག གཅིག་བྱས་ན། གནས་ཚུལ་དེ་འདྲ་ཞིག་བྱུང་མི་འདུག་ཟེར་རྒྱུའི་ཉེན་ཁ་ཡང་འདུག ལྷ་རབ་བྱུང་ན་དུས་བབ་ཀྱིས་ཞིབ་འཇུག་ཡང་དག་ཅག་གནང་རོགས།

    Reply
  8. རིག་པའི་རལ་གྲི says:
    ལོ་ 14 སྔོན།

    ཚ་བའི་མདའ་སྨྱུག་གིས། “ཨ་མདོའི་ཡུལ་འདི་རྫོགས་ལྡན་ཞིང་ཁམས་མིན་དུ་ཆུགས་ཀྱང་། ཀླ་ཀློ་མཐའ་འཁོབ་ཀྱི་ཡུལ་ཞིག་ཡིན་དགོས་དོན་ཅི་ཡང་མི་འདུག་ལ། དུད་འགྲོ་རྟ་ཡི་རིན་ཐང་གླེང་ནས་ངན་འཚང་འགེབ་ཐབས་བྱེད་དགོས་པའི་གནས་དེའང་འདི་མིན་པར་ངེས། དེ་བས་ཡུལ་འདིར་མིང་རྫིག་པོ་ཞིག་གསར་དུ་མ་བཏགས་ཀྱང་ལོས་ཆོག་མོད། ཡོས་ལ་བབ་རྒྱུ་རྩམ་པ་ཞེས་པ་ལྟར་ཆོས་དང་རིག་གཞུང་བསམ་བློ་ཀུན་སྦྱོད་གང་གི་ཐད་ནས་བལྟས་ཀྱང་རོ་མདོག་དོད་ཟིན་པའི་བོད་པ་ཚང་གི་གདོང་ལ་གསོན་པའི་རེ་ཐག་མ་ཆད་ཙམ་གྱི་རྣམ་རིག་གསལ་བའི་མིག་ཟུང་ལྟ་བུ་དེ་མདོ་སྨད་གྱི་ཡུལ་དུ་སྣང་བས།
    ད་ནས་བཟུང་སྟེ་དབུས་གཙང་གི་གཞོན་སྐྱེས་མགོ་སྟོང་ཚོ་སྨྱོ་མཚམས་ཞོག ཁམས་པའི་བླུན་རྒན་ཚོ་གཉིད་མཚམས་ཞོག་ལ། རྟ་ཟིན་སྒ་ཟིན་གྱིས་ཨ་མདོའི་བུ་རྒོད་ཚོའི་རྗེས་སུ་རྒྱུགས་དང་ང་ཚོ་ཡང་དོན་ལྔ་སྣོད་དྲུག་ཚང་བའི་མི་གསར་བ་ཞིག་ཏུ་འགྱུར་ཆོག་ཆོག་ཡིན་ཏེ། བོད་མི་ས་ཡ་དྲུག་གི་རྩ་ལམ་ན་ལྷོག་ལྷོག་རྒྱུ་བཞིན་པའི་ཟུང་ཁྲག་ཡོད་ཚད་བོད་རྗེ་སྲོང་བཙན་སྒམ་པོའི་ཁྲག་རྒྱུན་དང་འདྲ་མཚུངས་ཡིན་པའི་ཕྱིར་རོ” ཅེས་པ་དེ་ཤིན་ཏུ་མོད།
    གཅིག་རྗེས་གཉིས་འཐུད་ཀྱིས་ཤིན་ཏུ་བརྩེ་བའི་རང་སྲོག རང་ལུས། རང་གི་མིག རང་གི་སྙིང་། ཞིབ་ཏུ་བསམ་དང་། ཚ་གྲང་བཀྲེས་སྐོམ་གྱི་དཀའ་ངལ་ཆུང་ཚད་ཞིག་ཀྱང་ཤིན་ཏུ་གཅེས་པའི་ལུས་ཕུངས་འདི་ལ་འཕྲད་ཀྱིས་དོགས་ནས། རང་ནུས་ཡོད་དགུས་ཉིན་མཚན་དུས་དྲུག་ཏུ་གཅེས་ཤིང་བསྐྱངས་པ། གྲང་ན་གོས་ཀྱིས་གཡོག བཀྲེས་ན་ཟས་ཀྱིས་གཡོས། སྐོམ་ན་བཏུང་བས་བསལ། སྙུང་ན་སྨན་པར་བསྟེན། ས་རྗེན་དུ་ཞབས་རྗེན་འཇོག་པ་ལའང་་ཐུགས་ཕྲལ་གནང་། གཞན་གྱི་འཕྱ་སྨོད་ཚིག་ཟུར་ཙམ་ཡན་ཆོད་ལས་སྲུང་སྐྱོབས་བྱས་པའི་ལུས་པོ་དེ། འཇིག་རྟེན་འདིར་མཆིས་པའི་དངོས་པོ་ཡོད་ཚད་ལས་དགའ་ངེས་པའི་ཤ་ཁྲག་གི་ཕུངས་པོ་དེ། མི་རིགས་ཤིག་ཆེས་མུན་ནག་ནས་མུན་ནག་ཏུ་ཟག་པར་མ་བཟོད་ནས། ང་ཚོ་སྤུན་གྲོགས་ཁོ་ནའི་ཆེད། ང་ཚོའི་བུ་རབས་ཚ་རྒྱུད་ཁོ་ནའི་ཆེད་དུ། སྙིང་སྟོབས་དང་ལྷག་བསམ་གྱི་སྡོང་བུ་བཙུགས། ལ་རྒྱ་དང་བརྩེ་སེམས་ཀྱི་མར་ཁུ་བླུགས། གནའ་དེངས་ཀྱི་ཆོས་སྲིད་ཀྱི་མཁྱེན་རབ་ཀྱི་མེ་ལྕེས་སྒྲོན་ནས། ས་ཐོབ་ཀྱི་སེམས་པ་རྣམས། ཁོང་ཚོའི་ལུས་གཞན་གྱིས་སྲང་རེ་བཞིན་བཅད་པའི་སྡུག་བསྔལ་སྐྱེ་བའི་ཚབ་ཏུ། སྙིང་རྗེ་དང་བཟོད་སྒོམ་བླ་ལྷག་ཏུ་འབར་གྱིན་ཡོད་པ་ལྟར། མེ་ལྕེ་ཡི་ཁྲོད་ནས། ཟུང་ངུ་དང་ངུ་འབོད་མེད་པར། ཞེ་ཁོག་གི་རེ་བ་ཉག་གཅིག་དེ། གཏམ་གྱི་མཐའ་མ། གོང་ས་སྐྱབས་མགོན་ཆེན་པོ་བོད་དུ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས། ཞེས་ཁའི་བུ་ག་མི་རེར། རེ་རེ་ཡོད་ཀྱང་གཏམ་གྱི་སྙིང་པོ་གཅིག་ཏུ་འདུས་པ་དེ་སྒྲོགས་བཞིན་ཚེ་སྲོག་མེར་གཏིམས་ནས་ཕེབས་སོང་།

    ནམ་རྒྱུན་གྱི་མེ་ལྕེ་དེ་ལམ་སེང་བར་སྣང་དུ་འཐིམས་པར་འགྱུར་ཡང་། ཁྱེད་ཅག་གིས་སྦར་བའི་མེ་ལྕེ་དེ་ནི། ཇེ་ཆེ་ནས་ཇེ་ཆེ། མེ་རྒྱུན་ཇེ་རིང་ནས་ཇེ་རིང་། ཁྱེད་ཅག་གི་མེ་ལྕེ་དེ་འཛམ་གླིང་གི་ལོ་རྒྱུས་ནང་དུ་ཡང་འཆེད་སོང་ལ། ཁྱེད་ཀྱི་སྐུ་ལུས་ཀྱི་མེ་ལྕེ་དེ་ནི། ཇི་སྲིད་འཛམ་གླིང་གི་ལོ་རྒྱུས་གནས་ཀྱི་བར་དུ་འབར་གྱི་འདུག

    ང་དང་ང་འདྲ་བའི་བཙན་པོའི་ཚ་རྒྱུད་དུ་སྐྱེས་པ་རྣམས་ཀྱིས། ཁྱེད་ཅག་ལ་ངུ་ངག་འཐེན་གྱི་ཡོད་ལ། སྙིང་སྟོབ་ཡང་སྐྱེས་བཞིན་ཡོད། མ་ཟད་ང་ཚོ་རོ་མདོག་དོད་ཟིན་པའི་བོད་རྣམས་ལ་ཡང་། ཁྱེད་ཅག་གི་མེ་ལྕེས་གཅིག་སྦྲེལ་བྱེད་ཀྱི་ཡོད་ལ། བཀྲན་ནད་ཕོག་ཟིན་པའི་ནད་པ་ལྟ་བུ་ཞིག་ལ་ཆག་བཞག་ནའང་། རྫུ་འཕྲུལ་དང་ནུས་སྟོབས་ཀྱིས་དྲག་བསྐྱེད་ཡོངས་ཐུབ་པའི་རེ་བ་རག་གི་ཡོད།
    ཁྱེད་ཅག་ལ་ཤུལ་ལུས་ཀྱི་སྨོན་ལམ་དགོས་རྒྱུ་རེད་ལ་དགེ་བསྔོ་ཡང་དགོས་རྒྱུ་རེད། འོན་ཀྱང་ཁྱེད་ཅག་ལ་དགོས་རྒྱུ་ངོ་མ་དེ་ཤུལ་ལུས་ཀྱི་དགེ་བསྔོ་སྨོན་ལམ་དེ་མ་རེད། ཁྱེད་ཅག་ལ་དགོས་རྒྱུ་ངོ་མ་དེ། གངས་ཅན་ཙམ་ཟན་ཡོད་དོ་ཅོག་གཅིག་གྱུར་དང་། བཙན་པོའི་སྙིང་ཁམས་བག་ཉལ་དུ་གནས་བཞིན་པའི་བོད་པའི་སྙིང་ཁམས་དེ་མངོན་དུ་གྱུར་ནས། ང་ཚོའི་སྙིང་གཏིང་གི་རེ་བ་ངོ་མ། ང་ཚོའི་དམིགས་ཡུལ་ངོ་མ་གང་དང་གང་ཡོད་པ་དེ། མ་འགྲུབ་ཀྱི་བར་དུ། རེ་བ་ལ་འགྱུར་བ་མེད་པའི་དམ་བཅའ་དང་། དམིགས་ཡུལ་ལ་འགྱུར་བ་མེད་པའི་དམ་བཅའ་དེ་བོད་མི་རེ་རེས་འཇོག་རྒྱུ་དེ་རེད།
    “གཉིས་ཕན་གྱི་ལྟ་བ་ནི་འཚེ་མེད་ཀྱི་ལྟ་བ་ཡིན་ལ། བོད་ལ་བརྩེ་བ་ནི་འཛམ་གླིང་ལ་བརྩེ་བ་ཡིན།”

    Reply
  9. གཟུ་གནས་བློ་ལྡན། says:
    ལོ་ 14 སྔོན།

    མཐོ་སྒང་གངས་ལྗོངས་སུ་དཔའ་ཉམས་ཀྱིས་འགྱིང་བའི་ང་ཡི་སྙིང་ཁོང་གི་དཔའ་བོ་ལགས། ཁྱེད་རྣམས་ཀྱིས་སྙིང་སྟོབས་དང་དཔའ་སྐད་དེ་ང་ཚོས་ནམ་ཡང་བརྗེད་མི་སྲིད་ལགས། ཁྱེད་རྣམས་ཀྱིས་སྙིང་སྟོབས་དེ་རི་བོ་ཇོ་མོ་གླང་མོ་བཞིན་དུ་འཛམ་གླིང་གི་རྩེ་མོར་ལྷང་ངེར་འགྱིང་འདུག་ལགས། ཁྱེད་རྣམས་ཀྱི་དཔའ་སྐད་དེ་འབྲུག་སྒྲ་བཞིན་དུ་དགུང་སྔོན་མཐོན་པོའི་དབྱིངས་སུ་ལྷང་ལྷང་དུ་གྲགས་བཞིན་འདུག་ལགས། ང་ཚོས་ཇི་སྲིད་བར་ཁྱེད་རྣམས་ཀྱི་ཡིད་ལ་བརྣག་པའི་དོན་དེ་ཡོད་ཚད་བློས་བཏང་ནས་སྒྲུབ་ངེས་པས་ཐུགས་ཁྲལ་མ་གནང་རོགས། སྙིང་ཁོང་གི་དཔའ་རྒོད་ཁྱེད་རྣམས་བློ་བདེ་མོར་ཕེབས་རོགས། ཕྱི་མ་པོ་ཏཱ་ལའི་ཞིང་དུ་འཕགས་མཆོག་ཕྱག་ན་པད་མོས་དགྱེས་བཞིན་དུ་རྗེས་སུ་འཛིན་ངེས་ལགས། ང་ཚོ་ནམ་ཡང་དམ་ཚིག་གཅིག་ཏུ་སྦྲེལ་བའི་སྤུན་ཟླར་སྐྱེ་བར་ཤོག །

    Reply
  10. སྦྲ་གསར་དཀར་ལོ། says:
    ལོ་ 14 སྔོན།

    འདི་ལྟར་རང་དོན་བློས་བཏང་གི་སྙིང་སྟོབས་ལ་གུས་བརྩི་རྟག་ཏུ་ཞུས་དང་ཞུ་བཞིན་ལགས། ཐུགས་རྗེ་ཆེ། ད་ནི་ཕྱི་སྡོད་བོད་རིགས་ཚོ་ཡར་ལ་ལོངས་ཤོག་་་་་་་་་་་ལོངས་ཤོག

    Reply
  11. ཤག་སྒང་པ། says:
    ལོ་ 14 སྔོན།

    རྒྱ་ནག་གཞུང་ལ་མི་འདོད་པའི་ཞི་རྒོལ་ཐམས་ཅད་གཞིས་བཞུགས་བོད་ནས་ལངས་པ་འདིས་ང་ཚོའི་ལས་དབང་ལ་འགྱུར་བ་དང་དམིགས་བསལ་ཤུགས་ནོན་ཞིག་འཐེབ་ངེས་སྙམ།

    འདི་ལྟར་རང་དོན་བློས་བཏང་གི་སྙིང་སྟོབས་ལ་གུས་བརྩི་རྟག་ཏུ་ཞུས་དང་ཞུ་བཞིན་ལགས། ཐུགས་རྗེ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese