མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

སྐུ་ཕུང་ཞུཊ་འབུལ་ཞུས་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༣/༡༧
Share on FacebookShare on TwitterShare on EmailShare on Whatsapp


དེ་རིང་ཞོགས་པར་མདོ་སྨད་རེབ་གོང་ཁུལ་ཐོག་ནས་རང་ལུས་མེར་བསྲེགས་གཏོང་མཁན་དེའི་སྐོར་གྱི་ཞིབ་ཕྲའི་གནས་ཚུལ་འབྱོར་བ་ལྟར་ན། དེ་རིང་ཞོགས་པའི་བོད་ནང་གི་ཆུ་ཚོད་ ༩།༤༠ ཙམ་ལ་རེབ་གོང་ཤ་བྲང་སྡེ་བའི་བོན་རྒྱ་ཚོ་བའི་རང་ལོ་ ༤༤ ཡིན་པའི་བསོད་ནམས་དར་རྒྱས་ལགས་ཀྱིས་རྨ་ལྷོ་ཁུལ་གྲོང་འཁྱེར་གྱི་༼
ཐོན་མིའི་རིག་གནས་དཔེ་ཁང ༽ཉེ་འགྲམ་གཞུང་ལམ་སྟེང་དུ་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་གནང་ཡོད་འདུག

དེ་གར་དངོས་སུ་མཐོང་མཁན་ཞིག་གིས་བརྗོད་ན། ཁོང་གིས་“རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས།”ཞེས་སྐད་འབོད་གནང་ཡོད་པ་དང་། ལམ་འགྲོ་བ་དག་གིས་མེ་གསོད་ཐབས་བྱས་ཀྱང་། མེ་ཤུགས་ཆེ་ཤིང་གྲོད་ཁོག་འབར་འཐོར་གྱི་སྒྲ་ཤུགས་ཤིག་དང་བཅས་དེ་ག་རང་དུ་གྲོངས་ཡོད་འདུག ཁོང་གིས་གཟུགས་པོར་སྲིང་བལ་དཀྲིས་པའི་ཐོག་ལྕགས་སྐུད་གཟེ་མ་ར་མགོ་ཅན་དཀྲིས་ནས་འཕྲལ་དུ་བཀྲོལ་མི་ཐུབ་པ་བྱས་ཡོད་འདུག་སྟབས། ལྕགས་སྐུད་ཀྱི་གསེང་ན་རྒྱུ་མ་ཕྱིར་དོན་ཡོད་འདུག་པ་དེ་གར་ཡོད་པའི་མང་ཚོགས་ཀྱིས་དངོས་སུ་མཐོང་འདུག

སྐབས་དེར་ས་གནས་མང་ཚོགས་ཚོས་མ་ཎི་དབྱངས་སྒྲོག་དང་ངུ་འབོད་བྱེད་བཞིན་སྐུ་ཕུང་རོང་པོ་དགོན་པའི་སྒྲོལ་མ་ཐང་ཆེན་དུ་གདན་འདྲེན་ཞུས་ཏེ་མི་མང་འདུ་འཛོམས་ཐོག་སྨོན་ལམ་གསུངས་ཡོད་ཅིང་། ཉེ་འཁོར་གྱི་མང་ཚོགས་འདུ་བཞིན་པའི་སྐབས་དམག་མིས་བཀག་འགོག་བྱས་ཡོད་ཀྱང་། མི་ཚོགས་ཇེ་ཆེར་སོང་བས་རིམ་གྱིས་ལྷོད་ཡངས་ལྟ་བུར་བཞག་ཡོད་འདུག དེའི་རྗེས་སླར་ཡང་དམག་མི་རླངས་འཁོར་ཁ་ཤས་བསླེབས་ཡོད་ཀྱང་། མང་ཚོགས་ཚོས་རྣམ་འགྱུར་མི་ལེགས་པ་བསྟན་སྟབས་ཕྱིར་འཐེན་བྱས་འདུག

 

དེ་ནས་དགོན་པའི་རྒྱབ་རིའི་ངོས་ཀྱི་དགེ་འདུན་པའི་སྐུ་ཕུང་སྦྱིན་སྲེག་གནང་ཡུལ་དེར་གདན་འདྲེན་ཞུས་ཏེ། རོང་པོ་དགོན་པའི་དགེ་འདུན་པ་དང་ས་གནས་མི་མང་བཅས་ཀྱིས་སྨོན་ལམ་གསུང་བཞིན་སྐུ་ཕུང་ཞུགས་འབུལ་ཞུས་ཡོད་ཅིང་། སྐབས་དེར་སྐྱ་སེར་མང་ཚོགས་ ༧༠༠༠ ལྷག་འདུ་འཛོམས་ཀྱིས་གདུང་སེམས་མཉམ་སྐྱེད་དང་མྱ་ངན་གྱི་རྣམ་པ་བསྟན་ཡོད་འདུག

འདས་པོ་དམ་པ་བསོད་ནམས་དར་རྒྱས་ལགས་ནི། རེབ་གོང་རྫོང་གཉན་ཐོག་ཞང་། ཤ་བྲང་སྡེ་བའི་བོན་རྒྱ་ཚོ་བ་ནས་ཡིན་ཞིང་། (གཅེས་མིང་ལ་བསོད་ལོ)ཟེར་གྱི་ཡོད་འདུག ད་ལྟ་རང་ལོ་ ༤༤ དང་། ཕ་མིང་ལ་ཤ་མོ(ཚེ་འདས)དང་། མ་མིང་ལ་ལྕགས་མོ་རྒྱལ་ལོ་ན་ ༧༨ ཙམ་ཡིན་འདུག ཁོང་གི་སྐྱེས་དམན་གྱི་མིང་ལ་སྒྲོལ་དཀར་སྐྱིད་ཟེར་ཞིང་། ཁོང་གཉིས་ལ་བུ་གཉིས་དང་བུ་མོ་གཅིག་བཅས་ཡོད་འདུག

 

གཞན། སྔ་ལོར་རྨ་ལྷོ་ཁུལ་མི་རིགས་སློབ་འབྲིང་གི་སློབ་མས་ངོ་རྒོལ་ལས་འགུལ་སྤེལ་བའི་རྗེས་སློབ་གྲྭ་དེའི་སློབ་སྤྱི་གནས་དབྱུང་བཏང་ཡོད་པ་དང་། སྐབས་དེ་ཤེད་ཅིག་ནས་གོང་རིམ་ནས་བཙན་བཀའ་བཏང་སྟེ། གྲོང་པ་གང་ཞིག་ཏུ་ངོ་རྒོལ་བྱུང་ན། དེ་ལ་སྟངས་འཛིན་བྱེད་པའི་ཞང་སྲིད་གཞུང་གི་མགོ་གཙོ་གནས་དབྱུང་གཏོང་རྒྱུ་དང་། སློབ་གྲྭ་ཞིག་ཏུ་ངོ་རྒོལ་བྱུང་ན་སློབ་གཙོ་གནས་དབྱུང་གཏོང་རྒྱུའི་ཐག་གཅོད་བྱས་ཡོད་འདུག ཉེ་ཆར་ནས་ལས་ཁུངས་ཁག་གི་ལས་བྱེད་དག་སྲང་ལ་བཏང་སྟེ་མང་ཚོགས་ལ་ལྟ་རྟོག་བྱེད་བཅུག་ཡོད་སྟབས། ད་ཆར་ལས་བྱེད་ཁྲོད་འདི་ལྟར་དུས་ཚོད་འཁྱོལ་ཐབས་མེད་པའི་བསམ་ཚུལ་ཡོང་བཞིན་ཡོད་འདུག

མཆན། 5

  1. རྒྱ་གར་ཏིག་ཏ། says:
    ལོ་ 11 སྔོན།

    སྐུ་ཕུང་དེ་ཅིག་བལྟས་ན་སེམས་པ་ངོ་མ་སྐྱོ་ཀི་ཡ།

    Reply
  2. བསྟན འཛིན་ཆོས་རྒྱལ says:
    ལོ་ 11 སྔོན།

    ཁོང་ལ་དགེ་སྨོན་དང་རང་སྲེག་དཔའ་རྒོད་ཕོ་མོ་གང་ན་སུ་བཞུགས་ཚང་མར་རྟ་ཁ་ཅུང་ཙམ་འཐེན་རོགས་ཞུ། རྒྱབ་གཉེར་བྱ་བར་དུས་ཡུན་དགོས་ཀྱི་འདུག་གོ།

    Reply
  3. ཤིང་ལོ། says:
    ལོ་ 11 སྔོན།

    ང་ཚོས་གང་ཞིག་ན་ནོར་ཡོད་དམ། ཡང་ན་རང་ཉིད་ཀྱི་སྐྱེས་གཟུགས་ལ་མནར་གཅོད་གཏོང་བ་གང་ཡིན། ད་དུང་སད་དུ་མི་འཇུག་པའི་དམུ་གབ་དེ་སྲེག་ཐུབ་བམ།

    Reply
  4. བློ་བཟང་ཕུན་ཚོགས། says:
    ལོ་ 11 སྔོན།

    ད་ལྟ་བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། དེ་རིང་རེབ་གོང་ན་བོད་མི་རིགས་ཀྱི་ཆེད་དུ་རང་ལུས་མཆོད་མེ་ཕུལ་བའི་རྒྱལ་གཅེས་དཔའ་བོ་བསོད་ནམས་དར་རྒྱས་ཆེད། རེབ་གོང་གི་དགོན་པ་སོ་སོ་ནས་སྨོན་ལམ་མཆོད་འབུལ་བྱས་འདུག

    Reply
  5. ཤར་མདའ། says:
    ལོ་ 11 སྔོན།

    རྒྱལ་སྤྱིའི་དཔའ་བོ་བསོད་ལོའམ་དམ་པ་ཁོང་ལ་གུས་འདུད་དང་མྱང་ཡོད་ཁོང་༧འཕགས་མཆོག་ཐུགས་རྗེ་ཆེན་པོའི་གདུལ་ཞིང་དུ་སྐྱེ་བའི་སྨོན་འདུན་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist