མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞུང་ཞབས་འདེམས་སྒྲུག་ཆེད་དམིཊ་བསལ་ཟབ་སྦྱོང་།

བོད་ཀྱི་དུས་བབ།
༢༠༡༢/༠༣/༡༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཞོགས་པར་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་དབུས་བོད་མིའི་སྒྲིག་འཛུགས་ལས་བྱེད་འདེམས་བསྐོ་ལྷན་ཁང་གིས། འབྱུང་འགྱུར་ཕྱི་ཟླ་ ༧ ནས་ ༡༡ བར་མཐོ་སློབ་ཐོན་པའི་སློབ་མ་བོད་མིའི་སྒྲིག་འཛུགས་ལས་ཁོངས་སུ་ཞུགས་བློ་ཡོད་རིགས་གྲངས་ ༤༠ ཙམ་ལ་སྦྱོང་བརྡར་སྤྲོད་རྒྱུ་ཡིན་ཟེར།

དེ་རིང་ཞོགས་པའི་ཆུ་ཚོད་ ༡༠། ༣༠ སྟེང་གངས་སྐྱིད་ལྷག་པ་ཚེ་རིང་ཚོགས་ཁང་དུ་དབུས་བོད་མིའི་སྒྲིག་འཛུགས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་འགན་འཛིན་འཇལ་དཔལ་ཆོས་བཟང་དང་དཀོན་མཆོག་བརྩོན་འགྲུས་རྣམ་གཉིས་ལྷན་བཞུགས་ཐོག་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་ཏེ། བཀའ་ཤག་གསར་པའི་དགོངས་དོན་བཞིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་སྤྱི་ཡོངས་ཀྱི་སྤུས་ཚད་ཡར་རྒྱས་གཏོང་ཕྱིར། གཞུང་ཞབས་གསར་བསྡུའི་ཚུད་རྒྱུགས་མ་བཏང་གོང་བོད་མིའི་སྒྲིག་འཛུགས་ལ་ཕུགས་གཏན་ཞབས་འདེགས་ཞུ་རྒྱུའི་འདུན་པ་ཡོད་རིགས་ལ་ཟླ་ལྔའི་རིང་བོད་དབྱིན་རྩིས་གསུམ་དང་། གློག་ཀླད། དེ་བཞིན་ལས་ཀའི་སྦྱོང་བརྡར་སོགས་སྤྲོད་གཏན་འཁེལ་ཡོད་འདུག་ལ། ༢༠༡༢ དབྱར་ཁའི་གཞུང་ཞབས་འདེམས་སྒྲུག་ཆེད་མཐོ་སློབ་ཐོན་མཁན་སློབ་མ་ ༤༠ ཙམ་ལ་འབྱུང་འགྱུར་ཕྱི་ཟླ་ ༧ པའི་ཚེས་ཤར་ནས་ཕྱི་ཟླ་ ༡༡ པའི་མཇུག་པར་དམིགས་བསལ་སྦྱོང་བརྡར་ཟབ་ཁྲིད་འཛིན་གྲྭ་ཞིག་ས་རཱ་མཐོ་སློབ་ཏུ་ཚོགས་རྒྱུ་ཡིན་འདུག

ཟབ་ཁྲིད་དེར་མཉམ་ཞུགས་གནང་འཆར་གྱི་སློབ་མ་ ༤༠ དེ་སློབ་ཐོན་ལག་འཁྱེར་དང་ངག་རྒྱུགས་བརྒྱུད་འདེམས་སྒྲུག་བྱ་རྒྱུ་ཡིན་པ་དང་། གཞུང་ཞབས་ཚུད་རྒྱུགས་ནང་སྦྱོང་བརྡར་ཟབ་ཁྲིད་འཛིན་གྲྭར་ཞུགས་ཡོད་མེད་ཚང་མར་རྒྱུགས་སྤྲོད་ཀྱི་གོ་སྐབས་ཡོད་ཀྱང་། ཚུད་རྒྱུགས་ནང་སྦྱོང་བརྡར་ཟབ་ཁྲིད་ཀྱི་སློབ་ཚན་ནས་གང་འཚམ་ཡོང་ངེས་པ་དང་། ཟབ་སྦྱོང་སྐབས་ཚོད་ལྟའི་ཡིག་རྒྱུགས་རིམ་པར་བཏང་པའི་རྒྱུགས་འབྲས་གཏན་འབེབས་ཚད་གཞིའི་གནས་ཚད་ལོངས་རིགས་ལ་གཞུང་ཞབས་ཚུད་རྒྱུགས་སྐབས་བརྒྱ་ཆ་ ༥ དམིགས་བསལ་སྤྲོད་རྒྱུ་དང་། ཟབ་སྦྱོང་སྐབས་གཟེངས་སུ་ཐོན་མཁན་ལ་བརྒྱ་ཆ་ ༧ དམིགས་བསམ་སྤྲོད་འཆར་བཅས་ཡིན་འདུག

སྦྱོང་བརྡར་ཟབ་ཁྲིད་ཀྱི་སློབ་ཚན་གཙོ་བོ་བོད་ཡིག་ཡར་རྒྱས། དམངས་གཙོའི་འཛིན་སྐྱོང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་སྒྲིག་གཞི་ཁག དབྱིན་ཡིག་ཡར་རྒྱས། ལས་ཁུངས་ཡིག་ཆ་འབྲི་སྟངས་དང་གཏམ་བཤད་བྱེད་སྟངས། བོད་མིའི་སྒྲིག་འཛུགས་ཀྱི་དགོས་མཁོ་དང་འཚམ་པའི་རྩིས་རིག ལས་འཆར་བཟོ་སྟངས་དང་ལག་བསྟར་སྟངས་འཛིན་བྱེད་ཕྱོགས། སློབ་གྲྭའི་ཤེས་ཡོན། རྒྱལ་སྤྱིའི་འབྲེལ་བ། གྲོང་གསེབ་ཡར་རྒྱས། མང་ཚོགས་འཕྲོད་བསྟེན་ཡར་རྒྱས། རྩོད་རྙོག་འདུམ་སྒྲིག ལས་བསྡོམས་བཟོ་སྟངས་སོགས་ཀྱི་ཐད་སྦྱོང་བརྡར་ཟབ་ཁྲིད་བྱས་ཏེ། བོད་མིའི་སྒྲིག་འཛུགས་དང་རང་དབང་ཅན་གྱི་ཚོགས་སྡེ་གང་ཞིག་ཏུ་ལས་ཞུགས་བྱས་ཚེ། ལས་ཁུངས་དང་ལས་ཀའི་ཐད་ནས་དཀའ་ངལ་མི་ཡོང་བ་ཞིག་བྱ་རྒྱུ་དེ་སྦྱོང་བརྡར་ཟབ་ཁྲིད་འདིའི་དམིགས་ཡུལ་ཡིན་འདུག 

གསལ་འགོད་གསལ་བསྒྲགས་སྐབས་གསར་འགོད་པའི་དྲི་བར་ལན་འདེབས་བྱས་པ་ལྟར་ན། ད་ལྟ་དབུས་དང་ས་གནས་གཞིས་ཆགས་ཁག ཕྱི་རྒྱལ་དོན་གཅོད་སོགས་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་སུ་བཀའ་ཤག་གི་བཀའ་འཕྲོད་ཡོད་པའི་སྲི་ཞུ་ལས་བྱེད་ ༦༠༦ ཙམ་གྱི་ས་མིག་ཡོད་ཀྱང་། ལས་ཞུགས་སྲི་ཞུའི་ལས་བྱེད་ ༥༦༡ དང་། ས་མིག་ ༧༥ སྟོང་པ་ཡིན་འདུག ལས་བྱེད་ཕུགས་གཏན་ཡོང་མ་ཐུབ་པའི་དཀའ་ངལ་ཐད་འཇམ་དཔལ་ཆོས་བཟང་ལགས་ཀྱིས་ “དེང་སང་སྔོན་མ་དང་མི་འདྲ་བར་ལས་བྱེད་ཚུད་རྒྱུགས་སྤྲོད་སྐབས་ལས་ཀ་མཐའ་འཁྱོལ་ཡོང་བར་བྱ་རྒྱུའི་དམ་བཅའ་བརྟན་པོ་མེད་ཅིང་། ལས་བྱེད་ཁོངས་སུ་ཚུད་རྗེས་ལོ་གཅིག་གཉིས་ནས་ཕྱི་རྒྱལ་ཁག་ལ་འགྲོ་བཞག་གི་རེད། སློབ་སྦྱོང་ཆེད་ཕྱི་རྒྱལ་དུ་ཕེབས་ཐུབ་ན་ཡག་པོ་ཡོང་གི་རེད། འོན་ཀྱང་། སྒེར་དང་གཞུང་གང་ལ་མཚོན་ནའང་ལས་ཀ་བྱེད་ས་དང་འཚོ་བ་སྐྱེལ་ས་ཕྱི་རྒྱལ་མིན་པ་སོ་སོས་ཤེས་དགོས་པ་དང་། ཕ་མ་ཚོས་ཀྱང་སློབ་སྟོན་གནང་དགོས་རེད་”ཅེས་བརྗོད་སོང་། 

ཐེངས་འདིའི་ཟླ་ ༥ རིང་གི་དམིགས་བསལ་སྦྱོང་བརྡར་ཟབ་ཁྲིད་ཀྱི་འགྲོ་གྲོན་ཆ་ཚང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གཏོང་རྒྱུ་ཡིན་པ་དང་། སྔོན་རྩིས་ལྟར་ན་སྦྱོང་བརྡར་ཟབ་ཁྲིད་དེར་ཧིན་སྒོར་འབུམ་ ༢༥ ནས་ ༣༠ བར་འགྲོ་རྒྱུར་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། སྦྱོང་བརྡར་འཛིན་གྲྭར་ཞུགས་བློ་ཡོད་རིགས་ནས་ད་ལོའི་ཕྱི་ ༥ ཚེས་ ༣༡ གོང་དབུས་བོད་མིའི་སྒྲིག་འཛུགས་སྲི་ཞུ་ལས་བྱེད་འདེམས་བསྐོ་ལྷན་ཁང་ལ་མིང་ཐོ་འགོད་དགོས་པའི་གསལ་བསྒྲགས་ཀྱང་གནང་སོང་།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༦ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༨ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

མཆན། 2

  1. ཤག་སྒང་པ། says:
    ལོ་ 14 སྔོན།

    ཡག་པོ་འདུག རང་ལ་ཡོད་ན་གང་ཡང་བྱས་ཀྱི་མ་རེད། འདྲ་མཉམ་རེད།

    Reply
  2. སྐར་ཁྲི་བཙན། says:
    ལོ་ 14 སྔོན།

    ཕྱི་རྒྱལ་བའི་གཡོག་གླར་དམིགས་པ་ལས་རང་གཞུང་ལ་ཞབས་ཞུའི་གོ་སྐབས་རེག་ཐབས་བྱ་ན་ཡག་གི་རེད། ཡིན་ནའང་གསར་འབྱོིར་བ་ཚོར་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese