མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སློབ་མ་ ༡༠༠ ལ་ཟས་དུག་ཕོགས་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༣/༡༨
Share on FacebookShare on TwitterShare on EmailShare on Whatsapp
ཁ་སང་ངྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་མ་བརྒྱ་ཙམ་ལ་ཟས་དུག་ཕོགས་ཏེ། བོད་མིའི་སྒྲིག་འཛུགས་བདེ་ལེགས་སྨན་ཁང་དང་བོད་ཁྱིམ་སློབ་གྲྭའི་སྨན་ཁང་གཉིས་སུ་སྨན་བཅོས་བྱེད་ཀྱི་འདུག
ཁ་སང་ཕྱི་ཚེས་ ༡༧ ཉིན་ངྷ་སྟེང་བོད་ཁྱིམ་སློབ་གྲྭའི་ནང་ལོ་ལྟར་རྒྱ་གར་མེ་ལཱ་དུས་སྟོན་ཚོགས་བཞིན་པ་ལྟར། སློབ་གྲྭའི་ཁམས་ཚན་བཞི་དང་སྡེ་ཚན་ཁག་གི་དགེ་སློབ་རྣམས་ཀྱི་ངོས་ནས་རྩེད་མོའི་རིགས་དང་ཟས་རིགས་འདྲ་མིན་གོ་སྒྲིག་བྱས་ཏེ། སློབ་གྲྭའི་ནང་ཁུལ་དུ་་དུས་སྟོན་སྲུང་གཙིའི་བྱ་འགུལ་ཞིག་སྤེལ་ཡོད་ཅིང་། ཕྱི་དྲོ་དུས་སྟོན་མཇུག་སྒྲིལ་མཚམས་སློབ་མ་ཁག་ཅིག་ལ་ཞེ་མེར་ལངས་པ་དང་ཚ་བ་འཕར་བ།མགོ་ན་བ་སོགས་ཀྱི་གནས་ཚུལ་བྱུང་སྟེ། སློབ་གྲྭའི་སྨན་ཁང་དུ་བསྐྱལ་ཡོད་པ་དང་། རྗེས་སུ་ནད་པའི་གྲངས་འབོར་ཇེ་མང་དུ་ཕྱིན་སྟེ་བདེ་ལེགས་སྨན་ཁང་དུ་སློབ་མ་ ༡༥ དང་། སློབ་གྲྭའི་སྨན་ཁང་དུ་སློབ་མ་ ༨༠ ཡས་མས་བསྐྱལ་དགོས་བྱུང་འདུག  
གནས་ཚུལ་དེའི་ཐད་ངྷ་སྟེང་བོད་ཁྱིམ་གྱི་འགན་འཛིན་ཕུན་ཚོགས་རྣམ་རྒྱལ་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས། “ སློབ་མ་མང་ཆེ་བ་ཞོག་ཁོག་གི་རིགས་དང་ཆུ་གྲང་མོ་བཅས་ཟ་མ་འདྲ་མིན་ཟོས་པ་ལ་བརྟེན་ནས་བྱུང་འདུགཁ་སང་གནས་ཚུལ་བྱུང་རྗེས་ཞེ་མེར་ལངས་མཁན་དང་གྲོད་ཁོག་བཤལ་མཁན་གྱི་སློབ་མ་རེ་རེ་བཞིན་སྐད་ཆ་དྲིས་པར། ཁོང་ཚོ་མང་ཆེ་བས་ཞོག་ཁོག་ཟོས་འདུག ཡིན་ནའང་། ཞོག་ཁོག་ཟ་མཁན་ཚང་མ་ན་མི་འདུག ཕྱིས་སུ་ལས་བྱེད་དང་ཟ་མ་བཟོ་མཁན་ཡོངས་ལ་སྐད་ཆ་དྲིས་པར། ཟ་མ་ཁས་ཉིན་དགོང་དྲོའི་ཆུ་ཚོད་ ༩ པའི་སྟེང་བཟོས་འདུག  ཁ་སང་ཕྱི་དྲོ་ཆུ་ཚོད་ ༤ པ་ནས་འདང་དགོང་ཆུ་ཚོད་ ༡༢ བར་དུ་ཛ་དྲག་གི་རིགས་བདེ་ལེགས་སྨན་ཁང་དང་གཞན་རྣམས་སློབ་གྲྭའི་སྨན་ཁང་དུ་བསྐྱལ་བ་ཡིན། དེའི་ནང་སེམས་ནང་དངངས་སྐྲག་སྐྱེས་ཏེ་སྨན་ཁང་ཕྱིན་མཁན་ཡང་ཁ་ཤས་འདུག མདང་དགོང་བདེ་ལེགས་སྨན་ཁང་གི་ཨམ་རྗེ་ཚེ་བརྟན་ལགས་དང་སྨན་པ་ཁག་ཅིག་བསླེབས་སོང་། དེ་རིང་ཞོགས་པའི་བར་སློབ་མ་༩༠ལྷག་སྨན་ཁང་དུ་བསྐྱལ་དགོས་བྱུང་ཡང། ཛ་དྲག་གི་གནས་ཚུལ་ཅི་ཡང་བྱུང་མེད་པར་ད་ལྟ་བདེ་ལེགས་སྨན་ཁང་དུ་ཡོད་པའི་སློབ་མ་ཚང་མ་སློབ་གྲྭའི་སྨན་ཁང་དུ་ཡོང་ཡོད་ལ།ཁག་ཅིག་ཕྱིར་སློབ་གྲྭར་བཏང་ཡོད། ” ཅེས་བརྗོད་བྱུང་།
སྨན་ཁང་དུ་ཡོད་པའི་སློབ་མ་ཨོ་རྒྱན་དོན་འགྲུབ་ལ་སྐད་ཆ་དྲིས་པར། “ ང་ཚོ་མང་ཆེ་བས་མེ་ལཱ་དུས་ཆེན་སྐབས་ཞོག་ཁོག་རིགས་མང་པོ་ཟོས་པ་རེད། ཞོག་ཁོག་མང་ཆེ་བ་གསར་བ་མིན་པ་དང་ཁམས་ཚན་ཁག་གི་ཟས་རིགས་འདྲ་མིན་ཟོས་པ་ལ་བརྟེན་ནས་སློབ་མ་མང་པོའི་གྲོད་ཁོག་ན་འདུག” ཅེས་བརྗོད་བྱུང་།
སློབ་གྲྭའི་སྨན་པ་ཆུང་བདག་ལགས་སུ་དྲིས་པར། “ ཁ་སང་དང་ཐོག་ཚ་བ་འཕར་བ་དང་གྲོད་ཁོག་ན་མཁན་གྱི་སློབ་མ་ཁག་ཅིག་འདིར་བསྐྱལ་སོང་། སྐབས་དེར་ལམ་སེང་ཕྱིར་མ་བཏང་བར་འདི་ནས་ངལ་གསོ་རུ་བཅུག་པ་ཡིན། ཕྱིས་སུ་སློབ་མ་མང་དུ་ཕྱིན་སྟབས། ང་ཚོས་རེ་རེ་བཞིན་སྐད་ཆ་དྲིས་པ་དང་མཉམ་དུ་བརྟག་དཔྱད་བྱས་པ་ཡིན། སློབ་མ་ཚོའི་སྐད་ཆ་དང་ན་ཚ་ཡོང་སྟངས།ནད་རྟགས་བཅས་ལས་ཟས་དུག་ཡིན་པ་ར་འཕྲོད་བྱུང་། ཡིན་ནའང་། ཟས་དུག་འདི་གང་ནས་བྱུང་མིན་དང་འབྱུང་རྐྱེན་གཙོ་བོ་ཅི་ཞིག་ཡིན་མིན་ང་ཚོས་ཞིབ་འཇུག་མ་བྱས་ན་ཤེས་ཀྱི་མི་འདུག “ ཅེས་བརྗོད་བྱུང་།

 

༢༠༠༩ ལོའི་ཕྱི་ཟླ་ ༩ པའི་ཚེས་ ༢༢ ཉིན་ངྷ་ཤོད་བོད་ཁྱིམ་སློབ་གྲྭའི་ནང་ཟས་དུག་གིས་རྐྱེན་པས་སློབ་མ་ ༡ འདས་གྲོངས་སུ་ཕྱིན་ཡོད་ལ། སློབ་མ་མང་པོ་ཞིག་བདེ་ལེགས་སྨན་ཁང་དང་སློོབ་གྲྭའི་སྨན་ཁང་དུ་སྨན་བཅོས་བྱེད་དགོས་པའི་གནས་ཚུལ་ཡང་བྱུང་མྱོང་ཡོད།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༦ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༨ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

མཆན། 5

  1. འབྲོང་སར་ཚེ་ཉི། says:
    ལོ་ 14 སྔོན།

    ཟས་འདྲ་མིན་ཟ་རྒྱུ་ནི་ལྷན་སྐྱེས་ཀྱི་བཤིས་ཀ་ཞིག་རེད་ལ་སྲོག་འཚོ་ཕྱིར་མ་ཟོས་རང་ཟོས་རེད། ཡིན་ན་ཡང་ཟས་བཟང་ངན་གང་དང་གང་ཡིན་ན་ལྟོ་ལ་འཕྲོད་མིན་དེ་འང་སུས་ཀྱང་བཤད་དཀའ་གི་རེད་ལ་སུས་ཀྱང་འགན་ལེན་ཐུབ་རྒྱུ་མ་རེད། གལ་སྲིད་བཟང་ལ་བཟང་ལན་དང་ངན་ལ་ངན་ལེན་ཡོད་པའི་བོད་མི་སྒྲིག་འཛུག་ཞིག་དང་མ་མའི་བུ་ཡིན་ན། སྐུ་ཆེ་དང་ཤོས་བོད་མི་མང་ཁ་རུ་འཁྱེར་བའི་རྒྱལ་འཚོང་པ་དེ་ཚོ་མེད་པ་བཟོ་རོགས།

    Reply
  2. ཤག་སྒང་པ། says:
    ལོ་ 14 སྔོན།

    ཡིད་གཟབ་བྱོས། གྲོང་རྟགས་མ་བསྟན། དངུལ་མ་མ་བལྟ། འཕྲོད་བསྟེན་གལ་ཆེ་བར་ལྟོས།

    Reply
  3. རྟ་མགྲིན། says:
    ལོ་ 14 སྔོན།

    སློབ་གྲྭ་རང་སྐྱོང་ཡིན་ནའང་། མི་དམངས་བོད་མིའི་སྒྲིག་འཛུགས་ཀྱི་འོག་རེད། འདི་ལ་བཀའ་ཤག་གིས་ཞིབ་འཇུག་ཚོགས་ཆུང་ཞིག་བཙུགས་ནས། སློབ་སྤྱི་དེ་རེ་ཞིག་རྒྱང་ཕུད་དམ། ཡང་ན་གནས་རིམ་དམའ་ས་ཞིག་ལ་གནས་སྤར་གཏོང་དགོས། གནད་དོན་འདི་ཐེངས་དང་པོ་མ་རེད།

    Reply
  4. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    ལོ་ལྟར་སློབ་གྲ་རུ་ཟས་དུག་ཆགས་པ་དེ་འཛིན་སྐྱོངས་ཀྱིས་སློབ་ཕྲུག་གི་འཕྲོད་བསྟན་ལ་དོ་སྣང་གཏན་ནས་མེད་པའི་དཔང་རྟགས་རེད།
    ལོ་སྔོན་མ་སློབ་གྲྭ་ཟས་དུག་བྱུང་དུས་༧སྐྱབས་མགོན་རིན་པོ་ཆེ་དགོངས་པ་འཚོམ་པ་གོ་སོང་།
    བོད་ཁྱིམ་སློབ་གྲྭའི་ནང་གི་རུལ་སུངས་ཀྱི་གནས་ཚུལ་དེ་ཚོ་གླེང་མི་ཕོད་པ་ཞིག་རརད།
    ད་ལོ་སུས་ཇ་བོད་ཁྱིམ་ནས་དགེ་རྒན་རྒན་འཁོགས་ཤིག་གིས་འཛིན་གྲྭ་དྲུག་པའི་བུ་མོ་ཞིག་ལ་བཙན་གཡེམ་བྱས་ནས་ཕྲུག་ཆགས་འདུག་ཟེར།
    དེ་ཚོ་སྤྱི་འཐུས་གྲོགས་ཚོགས་ལ་གླེང་ནས་ཐག་གཅོད་ནན་པོ་བྱ་དགོས་བ་རེད།

    Reply
  5. ཤིང་ལོ། says:
    ལོ་ 14 སྔོན།

    ༼ཟས་ཚོད་ཚོད་ཟས་ན་ལྟོ་ལ་བདེ།། གཏམ་ཚོད་ཚོད་བཤད་ན་རྣ་ལ་སྙན།།༽ནམ་རྒྱུན་ཟས་རིགས་དེ་འདྲ་རེག་གི་མེད་པ་དང་། རེག་པའི་ཉིན་མོ་ཧམ་ཟས་བྱས་པས་རེད། སློབ་ཕྲུག་ཚོར་ཁག་མི་འདུག ངེས་པར་དགེ་སློབ་ཚོ་དང་སློབ་གྲྭའི་ཨེམ་ཆི་སོགས་ཀྱིས་འགན་འཁུར་གནང་དགོས་པ་རེད། གུང་གསེང་དེའི་ཉིན་མོ་སོ་སོར་སློབ་ཕྲུག་ཚོས་ཡག་པོ་བྱས་སོང་ན་ད་འགྲིགས་སོང་བ་མ་རེད། ན་ནིང་བར་ཡང་དེ་འདྲ་བྱུང་སོང་ང་། གཟིགས་རྟོགས་གནང་རྒྱུ་གལ་ཆེན་རེད། སློབ་ཕྲུག་གཅེས་ཕྲུག་ཚོ་༼ཟ་མ་གཞན་གྱི་རེད། གྲོད་ཁོག་རང་གི་རེད།༽གཟབ་གཟབ་གནང་རོགས། རང་ཉིད་ཡོད་ན་ཟ་མ་ཡོད་ཡོད་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese