མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོ་ཚང་མས་གཟབ་གཟབ་བྱ་རྒྱུའི་དུས་ལ་བབ་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༣/༡༩
Share on FacebookShare on TwitterShare on EmailShare on Whatsapp

སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པའི་ལས་ཉིན་གསུམ་པ་སྟེ། ཕྱི་ཚེས་ ༡༦ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠།༣༠ སྟེང་། བཀའ་བློན་ཁྲི་པ་བློ་བཟང་སེངྒེ་མཆོག་གིས་བཀའ་ཤག་གི་གསལ་བཤད་གནང་སོང་།

སྐབས་དེར་བཀའ་ཁྲི་མཆོག་གིས་སྐབས་བཅོ་ལྔ་བའི་གྲོས་ཚོགས་ཚོགས་དུས་གསུམ་པའི་ཉིན་དང་པོར་བོད་ནང་གི་ཛ་དྲག་གི་གནས་སྟངས་ཐད་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་འཇོག་ཐུབ་པ་བྱུང་བ་དང་བགྲོ་གླེང་གི་སྐབས་སུ་སྤྱི་འཐུས་རྣམ་པས་ཆ་ཤས་བླངས་ཏེ། མ་འོངས་པའི་ལས་ཀ་བྱེད་ཕྱོགས་ལ་ཐུགས་ཕན་སོས་བའི་དགོངས་ཚུལ་གནང་བའི་ཐད་བསྔགས་བརྗོད་དང་།༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་མགོ་ཁྲིད་ལ་རྩིས་སྤྲོད་གནང་རྒྱུའི་ཞལ་བཞེས་གནང་སྐབས་མི་མང་ནང་སེམས་འཚབ་ཆེན་པོ་བྱུང་ཡོད་ཀྱང་། འདས་པའི་ལོ་གཅིག་རིང་བོད་ཕྱི་ནང་གཉིས་ཀྱི་བོད་མི་དང་། དམིགས་བསལ་ཁྲིམས་བཟོ་ལྷན་ཚོགས་གཙོས་པའི་ཚོགས་པ་ཁག་བཅས་ཀྱིས་འཕྱར་གྲུ་མཉམ་འདེགས་བྱས་ཏེ། ལོ་རྒྱུས་ལྡན་པའི་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་གནང་བ་དེ་ཞི་འཇམ་གྱི་ངང་ལེགས་འགྲུབ་བྱུང་དང་འབྱུང་བཞིན་པ་དེས། རྒྱ་ནག་གཞུང་གིས་༸གོང་ས་མཆོག་གཙོས་པའི་མི་ཐོག་རྒན་པ་ཚོའི་སྐབས་སུ་བཙན་བྱོལ་སྒྲིག་འཛུགས་གནས་ཐུབ་ཀྱང་། མ་འོངས་པར་བཙན་བྱོལ་སྒྲིག་འཛུགས་ནུས་མེད་འཐོར་བཤིག་འགྲོ་བའི་རྩིས་དང་རེ་བ། འཆར་གཞི་བཏང་སྟེ་འབད་བརྩོན་ཤུགས་ཆེན་བྱེད་བཞིན་པ་དེ་འགྲུབ་ཐབས་མེད་པ་ཞིག་དང་། མི་རབས་གསར་བ་ཚོས་མུ་མཐུད་དེ་བོད་ཀྱི་རྩ་དོན་རྩོད་ཐུབ་པ་དང་། བོད་ནང་རང་དབང་བསྐྱར་གསོ་མ་བྱས་པར་སྒྲིག་འཛུགས་མུ་མཐུད་གནས་རྒྱུ་ཡིན་པའི་བརྡ་ལན་སྤྲོད་ཐུབ་ཡོད་པ་དེ། ༸གོང་ས་མཆོག་དང་བཀའ་དྲིན་ཡིན་པའི་བསྔགས་བརྗོད་གནང་སོང་།

བཀའ་ཁྲི་མཆོག་གིས་མ་འོངས་པར་བཀའ་སྤྱི་གཉིས་ཆིག་སྒྲིལ་མཉམ་རུབ་བྱ་རྒྱུ་གལ་ཆེན་ཡིན་པའི་ཐད་ནས་ཁོང་གིས།  “ ༸གོང་ས་མཆོག་གི་དགོངས་གཞི་དང་རེ་བ་གཙོ་བོ། བོད་ནང་རང་དབང་བསྐྱར་གསོ་མ་བྱས་པར་བོད་མིའི་སྒྲིག་འཛུགས་གནས་རྒྱུ་དང་བོད་མི་ཚོ་སོ་སོའི་རྐང་པའི་སྒང་ལངས་ཐུབ་རྒྱུ་དེ་ཡིན་སྟབས། ང་ཚོར་དམིགས་བསལ་གྱི་འགན་འཁྲི་ཆེན་པོ་ཞིག་ཡོད། བཀའ་ཤག་གི་ངོས་ནས་འདས་པའི་ཟླ་བ་ ༦ རིང་ཞབས་ཞུ་ཕྲན་བུ་ཞུས་ཐུབ་ཡོད་ཀྱང་། བྱས་པ་ལས་བྱ་རྒྱུ་མང་པོ་ཞིག་ལྷག་བསྡད་ཡོད་སྟབས། ལོ་བཞི་དང་ཕྱེད་ཀའི་རིང་ཁྲིམས་བཟོ་ལྷན་ཚོགས་དང་བཀའ་ཤག་སྤྱི་མོས་ཐོག་འཕྱར་གྲུ་མཉམ་འདེགས་དང་ཆིག་སྒྲིལ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཕྱོགས་གཅིག་ནས་ང་ཚོའི་འགན་དེ་ལས་སླ་བོ་རེད་ཅེས་བཤད་ཀྱང་མ་འགྲིག་པ་མི་འདུག ལོ་བཞི་དང་ཕྱེད་ཀ་ང་ཚོ་མཉམ་དུ་བརྒལ་རྒྱུ་ལྷག་ཡོད་པ་རེད།  ཡིན་ནའང་། ལོ་བཞི་དང་ཕྱེད་ཀ་ལས་སླ་བོ་དང་དཀའ་ལས་ཁག་པོ་ཡིན་མིན། གང་འདྲ་ཆགས་མིན་ང་ཚོའི་ལག་པར་ཡོད། ང་ཚོས་ཆིག་སྒྲིལ་དང་འཕྱར་གྲུ་མཉམ་འདེགས་ཐོག  ད་ལྟའི་བར་བསྒྲུབས་པ་ལྟར་མུ་མཐུད་ལྷག་བསམ་རྣམ་དག་གིས་བསྒྲུབ་པ་ཡིན་ན་ལས་སླ་བོ་ཆགས་ཀྱི་རེད། ནོར་འཁྲུལ་ཆུང་ཆུང་ཤོར་བར་སྤྱི་འབངས་ཀྱི་ཆེན་པོར་མཐོང་སྲིད་པ་རེད། གང་ཡིན་ཞེ་ན། ད་ལྟའི་བར་༸གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་ང་ཚོས་ག་རེ་གནང་ཡང་། སྐྱབས་གསོལ་ཞུ་ས་ཞིག་ཡོད་སྟབས། མི་མང་ནང་འགྲིག་འགྲོ་བསམ་པའི་ཚོད་དཔག་ཅིག་ཡོང་བསྡད་ཡོད་པ་རེད། ཆབ་སྲིད་ཀྱི་སྐུ་དབང་ཆ་ཚང་མར་གནང་བ་དང་མི་མང་གི་འོས་འདེམས་བྱས་པའི་མགོ་ཁྲིད་ཀྱི་ལག་ཏུ་ལྷུང་ཡོང་སྐབས། ཕྱག་ལས་གནང་སྟངས་ཆུང་ཆུང་ཞིག་མ་འགྲིག་པ་དེ་ཆེན་པོར་མཐོང་བའི་ཉེན་ཁ་ཡོད་པ་ཞིག་དང་། ཕྱག་ལས་གནང་བའི་སྐབས་གང་གསུང་ཡང་། སྤྱི་དམངས་ཀྱི་དོ་སྣང་ཤུགས་ཆེར་བྱེད་ཀྱིན་པ་ཚང་མས་མཁྱེན་གྱི་ཡོད་སྟབས། ང་ཚོས་བོད་ནང་རང་ལུས་མེར་བསྲེགས་བཏང་སྟེ་རེ་བ་ཆེན་པོ་རྒྱག་བཞིན་པ་དང་། བོད་ནང་གི་ཛ་དྲག་གི་གནས་སྟངས་སྐབས་ཆིག་སྒྲིལ་མཉམ་རུབ་གཙོ་བོར་འཇོག་རྒྱུ་གལ་ཆེན་པོ་རེད། ” ཅེས་གསུངས་བྱུང་།  

ཡང་བོད་ནང་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་བྱུང་བཞིན་པའི་ཐད་ལ་ཁོང་གིས། “ བོད་ནང་རང་ལུས་མེར་བསྲེགས་བཏང་བའི་ཐད་ལ། ཕྱི་ཟླ་ ༡༠ པོའི་ཚེས་ ༡༩ དང་།  ཕྱི་ཟླ་ ༡ པོའི་ཚེས་ ༤ དང་ ༥ བཅས་ཉིན་གཉིས་བཅས་ལ་གནས་མཆོག་རྡོ་རྗེ་གདན་དུ་མཆོད་འབུལ་སྨོན་ལམ་ལོ་རྒྱུས་ནང་ཆེ་ཤོས་དང་། ཕྱི་ཟླ་ ༢ པའི་ཚེས་ ༨ ཉིན་རྒྱལ་སྤྱིའི་ཁྱོན་ཡོངས་སུ་བོད་པ་དང་བོད་དོན་རྒྱབ་སྐྱོར་གནང་མཁན་ཡོངས་ལ་གང་ཐུབ་ཅི་ཐུབ་གནང་རོགས་གནོངས་ཞེས་འབོད་སྐུལ་ཞུས་པ་ལྟར། ལྷོ་ཨ་མི་རི་ཀ བྱང་ཨ་རི་དང་ཡུ་རོབ། ཨེ་ཤ་བཅས་སུ་མི་སྟོང་ཕྲག་མང་པོ་མཉམ་ཞུགས་ཀྱིས་རྒྱབ་སྐྱོར་གནང་འདུག དེས་བོད་མི་ཚོ་རྡོག་རྩ་གཅིག་སྒྲིལ་དང་སེམས་ནང་ན་ཚ་ཡོད་པ་དང་། བོད་ནང་རང་སྲོག་མེ་ལ་འབུལ་མཁན་དེ་དག་གྲངས་ཀ་ཙམ་མིན་པར་ང་ཚོ་ལྟར་མི་ཡིན་ཞིང་། ཕ་མ་སྤུན་མཆེད་ཡོད་མཁན། གདམ་ཀ་བྱུང་ན་རང་སྲོག་ཉར་འདོད་ཡོད་མཁན་ཡིན་ནའང་། རྒྱ་ནག་གཞུང་གིས་བོད་ནང་མཁྲེགས་བཟུང་གི་སྲིད་ཇུས་དེའི་འོག་གནས་ཐུབ་ཀྱི་མི་འདུག ང་ཚོར་ཡོད་པའི་རྩ་ཆེའི་སྐུ་སྲོག་ཕུལ་རྒྱུ་ཡིན་ཞེས་སྐུ་སྲོག་ཕུལ་བ་རེད།

བོད་ནང་ཞི་བའི་ངོ་རྒོལ་དང་སྐད་འབོད། ཡིག་ཆ་ཡན་རྩིག་པའི་སྒང་སྦྱར་བའི་གོ་སྐབས་དང་རང་དབང་མེད་པ་དང་། ཞི་བའི་ཐོག་ནས་ལས་འགུལ་ནང་མཉམ་ཞུགས་བྱས་ཀྱང་། མེ་མདའ་བརྒྱབ་སྟེ་མི་སྟོང་འགྲོ་བཞིན་ཡོད་པ་རེད། ད་ལོའི་ལོ་གཅིག་པུའི་ནང་མི་ ༧ ལྷག་འདས་གྲོངས་སུ་ཕྱིན་པ་རེད། དེ་འདྲའི་རང་དབང་མེད་དུས་ཐབས་ལམ་ག་རེ་ཡོད་དམ། ཞི་བའི་ཐོག་སྐད་འབོད་དུ་འཛུལ་ཞུགས་བྱས་ཀྱང་མེ་མདའ་བརྒྱབ་སྟེ་གྲོངས་བཞིན་པ་ལས།  སོ་སོའི་གཅེས་བའི་སྲོག་མེར་བསྲེགས་བཏང་བ་ཡིན་ན་བོད་དང་བོད་མི་རིགས་ལ་ཐུགས་ཕན་གསོ་བ་ཡོང་གི་རེད་བསམ་པའི་ཐོག་ནས་བོད་མི་ཚོས་བློས་གཏོང་བྱེད་བཞིན་པ་རེད། ཁ་སང་ལས་འགུལ་སྤེལ་བར་འགྲོ་སོང་གཏོང་དགོས་པ་རེད་ཅེས་གསུངས་སོང་། བཀའ་སྤྱི་གཉིས་ལྷན་འཛོམས་ཀྱི་ཚོགས་འདུའི་སྐབས་སུ། བཀའ་ཤག་གི་ངོས་ནས་མཐུན་རྐྱེན་བསྐྲུན་ཕྱོགས་ཀྱི་ཐད་ནས་ཧིན་སྒོར་ས་ཡ་ ༡༠ གྲོས་ཚོགས་ཀྱི་ཐོག་ནས་ལས་འགུལ་ག་རེ་སྤེལ་ཡང་མཐུན་རྐྱེན་བསྐྲུན་རྒྱུ་ཡིན་ཞེས་ཞུས་ཡོད། ད་དུང་དེའི་ཐོག་དགོས་ཀྱང་བཀའ་ཤག་གི་ངོས་ནས་གང་ཐུབ་ཞུ་རྒྱུ་ཡིན། བོད་ནང་ཛ་དྲག་གི་གནས་སྟངས་ཆགས་ཡོད་པའི་སྐབས་འདིར་འགྲོ་སོང་ལ་བལྟས་ཏེ་ལས་འགུལ་སྤེལ་མ་ཐུབ་པ་ཡིན་ན། འགྲིག་གི་མི་འདུག་བསམ་གྱི་ཡོད། ” ཅེས་གསུངས་བྱུང།

བོད་རྒྱ་ཞི་མོལ་གྱི་ཐད་ནས་ཁོང་གིས། “ བོད་རྒྱ་ཞི་མོལ་གྱི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དེ་གྲོས་ཚོགས་ཀྱིས་གཏན་འབེབས་དང་༸གོང་ས་མཆོག་གི་དགོངས་གཞི་རེད། ང་རང་འོས་བསྡུ་ལངས་པའི་སྐབས་སུ་དབུ་མའི་ལམ་གཞིར་བཞག་པའི་ཐོག་ལངས་པ་ཡིན་པ་ཚང་མས་མཁྱེན་གྱི་ཡོད་པ་རེད། དམིགས་བསལ་སྐུ་ཚབ་རྣམ་པ་ ༢༠༡༠ ནས་ད་ལྟའི་བར་དུ་རྒྱ་ནག་ནང་ཕེབས་མ་ཐུབ་པ་དང་། ཁོ་རང་ཚོས་རྗེས་འབྲེལ་བྱེད་མ་ཐུབ་པའི་གནས་སྟངས་ཆགས་ཡོད། ད་ལྟའི་བར་དུ་བོད་རྒྱ་ཞི་མོལ་གྱི་གོམ་པ་མདུན་དུ་སྤོ་མ་ཐུབ་པའི་རྒྱུ་མཚན་ང་ཚོའི་ངོས་ནས་མ་བྱས་པ་མིན་པར། རྐྱེན་གཙོ་བོ་རྒྱ་ནག་གཞུང་རང་དུ་ལྷག་བསྡད་ཡོད། ཁོ་རང་ཚོའི་ག་དུས་སྒོ་ཕྱེ་ཡང་། ང་རང་ཚོ་གྲ་སྒྲིག་ཡིན” ཞེས་གསུངས་བྱུང་།  

མཇུག་ཏུ་བཀའ་ཁྲི་མཆོག་གིས། “ ནམ་རྒྱུན་༸གོང་ས་མཆོག་གི་བཀའ་སློབ་དང་བོད་གཞིས་བྱེས་གཉིས་ཀྱི་རེ་འདོད་གཙོ་བོ་ཆིག་སྒྲིལ་དང་འཕྱར་གྲུ་མཉམ་འདེགས་བྱ་རྒྱུ་ལས། ཆོལ་ཁ་དང་ཆོད་བརྒྱུད་ཀྱི་དབྱེ་བ་བཀར་རྒྱུ་མི་འདུག་ཅེས་པ་དེ་ཡིན་སྟབས། ང་ཚོའི་ངོས་ནས་ཀྱང་༸གོང་ས་མཆོག་གི་རེ་བ་ལྟར་ལོ་ ༡ ནང་ལྷིང་འཇགས་སྒོས་ཆབ་སྲིད་ཀྱི་གནས་སྟངས་བརྟན་དུ་འགྲོ་བཞིན་ཡོད་པ་དང་། བཀའ་ཤག་གི་ངོས་ནས་ཀྱང་ཕྲན་བུ་འབད་བརྩོན་བྱས་ཏེ་ཟླ་བ་ ༦ ནང་རེ་རེ་བཞིན་བསྒྲུབ་དེ་བརྟན་དུ་གཏོང་གི་ཡོད། ང་ཚོ་ཚང་མས་ལས་འགན་གཙོ་བོ་རྡོག་རྩ་ཆིག་སྒྲིལ་བྱ་རྒྱུ་དེ་རེད། རྒྱ་ནག་གི་མཁྲེགས་འཛིན་སྲིད་ཇུས་ལ་ཡིད་ཆེས་བྱེད་མཁན་ཚོས་ང་ཚོའི་སྒྲིག་འཛུགས་མེད་ན་བསམ་པའི་རེ་བ་བྱེད་ཀྱིན་པར་མ་ཟད།  མེད་པར་བཟོ་བའི་འབད་བརྩོན་བྱེད་ཀྱི་ཡོད་པ་རེད། ངས་རྒྱལ་སྤྱིའི་ཚགས་པར་ཁག་ལ་བསམ་ཚུལ་བརྗེ་རེས་བྱེད་སྐབས་ཁོང་ཚོས། བོད་དོན་ཁྱབ་བསྒྲགས་བྱེད་བཞིན་པའི་ཐད་དགག་པ་རྒྱག་མཁན་དང་སྐྱོན་འཛུགས་བྱེད་མཁན། མཆན་རྒྱག་མང་པོ་ཞིག་བསླེབས་ཡོང་གི་འདུག བསླེབས་སྟངས་ལ་བལྟས་པ་ཡིན་ན། དེ་རྒྱ་མི་རེ་གཉིས་ཤིག་གིས་རང་དབང་ཐོག་བསམ་ཚུལ་སྤེལ་བ་ཞིག་མིན་པར། རྒྱ་ནག་གིས་ཆེད་མངགས་འགྲོ་སོང་བཏང་སྟེ་འབད་བརྩོན་བྱས་པ་ཞིག་རེད། ཅེས་བཤད་ཡོང་གི་འདུག་ལ། བཀུར་འོས་སྤྱི་འཐུས་ཁག་ཅིག་གིས་སེམས་འཚབ་ཆེན་པོས་ང་ཚོ་བོད་པའི་དྲ་རྒྱ་ཁ་ཤས་ཀྱི་ནང་དུ་འང་མཆན་འདྲ་མིན་སྣ་ཚོགས་ཡོང་གི་འདུག་ཅེས་གསུངས་བྱུང་། དེ་དག་ཀྱང་མིང་མེད་ཡིན་སྟབས། དངོས་ནས་བྱོས་ཟེར་མཁན་ཞིག་དང་བྱེད་དགོས་ཟེར་མཁན་བཅས་མཐུན་རྐྱེན་བསྐྲུན་མཁན་ཞིག་ཡོད་པ་གསལ་བོ་རེད། ང་ཚོ་ཚང་མས་གཟབ་གཟབ་བྱེད་དགོས་པའི་དུས་ལ་བབ་འདུག བོད་རང་སྐྱོང་ལྗོངས་ཀྱི་དམར་བོའི་སྲིད་གཞུང་བཙུགས་པའི་ལོ་འཁོར་དུས་ཆེན་ཞིག་གི་ཐོག་མི་ ༡༣ གྱིས་བོད་མིའི་ཚབ་ཡིན་མདོག་བྱས་ཏེ་ཕྱིན་པ་དང་བཙན་བྱོལ་ནང་དོལ་རྒྱལ་བེད་སྤྱོད་བཏང་སྟེ་དཀྲོགས་གཏམ་བྱེད་པའི་འབད་བརྩོན་བྱེད་ཀྱིན་པ་གསལ་བོ་ཡིན་སྟབས། ཆོལ་ཁ་དང་ཆོས་ལུགས། ཆོས་རྒྱུད་ཁ་ལ་འཁྱེར་ཏེ་ང་ཚོའི་སྤྱི་ཚོགས་ནང་དཀྲོགས་གཏམ་ཡོང་གི་ཡོད་པ་རེད། ཁ་སང་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་འཇོག་སྐབས། སྤྱི་འཐུས་ ༢༦ གིས་ཚོར་བ་ཤུགས་ཆེན་པོས་ད་ལྟའི་ཆབ་སྲིད་ཀྱི་གནས་སྟངས་འདིའི་སྐབས་ཆིག་སྒྲིལ་གལ་ཧ་ཅང་གལ་ཆེན་ཡིན་པ་གསུངས་བྱུང་བར་སྙིང་ཐག་པ་ནས་དགའ་བསུ་དང་རྒྱབ་སྐྱོར་ཡོད་ལ། ཁས་ལེན་ཡང་ཞུ་བཞིན་ཡོད།” ཅེས་གསུངས་བྱུང་།    

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

པར། བདག་དབང་། བོད་ཀྱི་དཔེ་མཛོད་ཁང་།
Mobile App

གསར་འགྱུར་མེ་ལོང་ལོ་ ༡༠༠ འཁོར་བའི་རྗེས་དྲན།

༢༠༢༥/༡༠/༡༡
FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

༢༠༢༥/༡༠/༡༠
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

༢༠༢༥/༡༠/༡༠
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

༢༠༢༥/༡༠/༡༠
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩

མཆན། 19

  1. བཀྲ་ཤིས། says:
    ལོ་ 14 སྔོན།

    ཤོ་ཕེ་ཧྲིན་ལ་རྒྱ་སྒོར་ས་ཡ་མང་པོས་འགྲོ་གྲོན་བཏང་ནས་བོད་བརྒྱུད་ནང་བསྟན་ལ་མཚན་དམོད་བྱས་པ་ཡོངས་སུ་གྲགས་རེད་་་་་་་་ཁོང་ཚོས་དེའི་རྗེས་ཟློས་བྱེད་སྟངས་ལ་ལྟས་ན་དོགས་ཆེ་རུ་སོང་ཡོད་རེད།
    མི་བདེན་གི་བསམ་མཁན་ཡོད་ན་་་ཤོ་ཕེ་ཧྲིན་་་ཡིག་ཆ་དེབ་རྒན་100 ལ་ཉེ་བ་འགྲེམ་སྤེལ་བྱེད་ས་ལ་ལྟོས་ཤིག ཐེ་ཝན་དོན་གཅོད་ལ་དྲིས་ཤིག་་་ལོ་ལོ

    Reply
  2. བཀྲ་ཤིས། says:
    ལོ་ 14 སྔོན།

    ཞོགས་དུང་དང་་་་ཚ་མདའ་ལ་སོགས་པས་ག་རེ་བཤད་ཡོད་ན་་རྒྱ་རྒན་དག་གི་རྗེས་ཟློས་བྱས་པ་རེད་མ་ཏོག་གསར་བ་གང་ཡངམེད་པ་རེད། ཚ་མདས་བྲིས་ཚད་བོད་བརྒྱུད་ནང་བསྟན་ལ་མཚན་དམོད་བྱེད་མཁན་་་རྒྱ་རྒན་་ཤོ་་ཕེ་ཧྲིན་གྱིས་་དྲ་རྒྱ་དང་དེབ་ཕྲེང་༥༠་་ལྷག་ཟིག་པར་བསྐྲུན་བྱས་འདུག་དེ་ནང་ན་ཚང་མ་ཡོད་རེད་། ཤོ་ཕེ་ཧྲིན་་རྒྱ་ནག་གསང་བ་ལང་ཁུངས་ནས་བསམ་བཟུང་བོད་བརྒྱུད་ནང་བསྟན་ལ་མཚན་དམོད་བྱེད་པར་མངགས་པ་རེད། ཁོ་པས་ལོ་རེ་་སྒོར་ཁྲི་་༡༠༠་ཙམ་འགྲོ་སོང་གཏོང་གི་རེད་།
    ད་ལོ་ཐེ་ཝན་དོན་གཅོད་ཟླ་བ་ཚེ་རིང་གིས་ཁྲིམས་གཏུགས་བྱས་ནས་ཁ་མཆུ་འགྲོ་བཞྀན་པ་དག་རེད་འ
    མི་བདེན་གི་བསམ་ན་ཤཽ་ཕེ་ཧྲིན་གི་དེབ་ཐེར་དག་ལ་ལྟོས་དང་གཞི་ནས་་ཁོང་ཚོ་ག་རེ་ཡིན་མིན་ཤེས་ཡོང་། ཡིན་པ་ཁོང་ཚོ་རྒྱ་ནག་གསང་བ་ལས་ཁུང་ནས་ཆེད་དུ་བོད་བརྒྱུད་ནང་བསྟན་རྩ་མེདགཏོང་ཆེད་་སྲིད་བྱུས་ལག་ལེན་པ་་་ཤོ་ཕེ་ཧྲིན་གྱི་་་རྒྱུགས་ཁྱི་རེད་ལབ་དག་དག་བརྡད་འདུག

    ད་རུང་ཁོང་ཚོ་གསང་བ་ལས་ཁུང་ལ་འབྲེལ་བ་ཕལ་ཆེར་ཡོད་་པ་རེད། ཤཽ་ཕེ་ཧྲིན་ནས་བཤད་ཚར་བ་རེ་ཟུང་བོད་ཡིག་ནང་བྲིས་ནས་མི་ཚོ་མགོ་སྐོར་གཏོང་གི་འདུག་པ གཅིག་བྱས་ཕོག་ཡོད་ས་རེད།

    Reply
  3. གངས་རིའི་ཤེལ་དཀར། says:
    ལོ་ 14 སྔོན།

    བཀྲ་ཤིས་ལགས། ཞོགས་དུང་དང་ཚ་བ་མདའ་སྨྱུག་གཉིས་རྒྱ་མིའི་གསང་ཉུལ་ཡིན་པའི་དཔུང་རྟགས་ག་རེ་ཡོད་དམ། སྐུ་ཉིད་ཐུགས་བསམ་བཞེད་སྟངས་ཏོག་ཙམ་ཀླད་ལྗངས་གཤིས་ཀ་ཅིག་འདུག གང་ཡིན་ཟེར་ན། སྔ་རབས་ལོ་རྒྱུས་ཤིག་ནང་དགེ་ཆོས་ལ་དམ་ལོག་དང་ལྟ་ལོག རྒྱལ་ཁབ་གཞན་པའི་གསང་ཉུལ་རེད་ཟེར་ནས་རྩ་མེད་བཏང་རེད། དེང་སང་གཞིས་ནས་འགྱོད་པར་སྐྱེད་དགོས་བྱུང་བ་ཆགས་ཡོད།
    ཞོགས་དུང་ཆོས་ལུགས་དད་ཞེན་ཡོད་མེད་ཁོ་རང་ཐོབ་ཐང་ཞིག་རེད། ཆབ་སྲིད་ཐོག་ནས་མི་རིགས་ལ་སྨན་པའི་དེབ་ཆེན་གནམ་ས་སྒོ་འབྱེད་ཅེས་བརྩམས་གནང་ཡོད། དེའི་སྐབས་ཁོང་རང་བཙོན་འོག་འགྲོ་དགོས་བྱུང་རེད། དེ་ནི་གསང་ཉུལ་བའི་འགྲོ་ལུགས་ཤིག་རེད་དམ།
    ཚ་བ་མདའ་བ་སྨྱུག་གིས་བརྩམས་པའི་རྟོག་གེ་བའི་མིག་ནང་གི་ཆོས་ལུགས་ཀྱི་འཇིག་རྟེན་ཞེས་པར་ལན་འདེབས་ཐུབ་པའི་ཤེས་ཡོན་གྱི་རྣམ་དཔྱོད་ཅིག་ཡོད་ན་འབྲི་གནང་རོགས། གཞན་འདྲེ་རེད གདོན་རེད་ཟེར་ནས་རྨོངས་ལམ་བསྐྱོད་ན་རང་གཞན་གཉིས་ཀར་ཕོང་བྱེད་རང་རེད། སངས་རྒྱས་གྱིས་གསུངས། གསེར་བཅད་བརྡར་བས་གསེར་བཞིན་དུ། ལེགས་པར་བརྟགས་པས་ང་ཡི་བཀའ། བླང་བ་བྱ་བའི་གུས་ཕྱིར་མིན། ཞེས་གསུངས་ཡོད། མདའ་སྨྱུག་གིས་བརྩམས་པའི་དེབ་དེ་ལ་འགལ་འདུག་གམ། སྤྱི་བཏང་ངེད་ཚང་བོད་པའི་སྤྱི་ཚོགས་ནང་ལ་བསྟོད་ན་འཛུམ་མདངས་གང་ཐུབ་སྟོན་རེད། ཏོག་ཙམ་སྨད་པ་དང་ངན་འཚང་སྟོན་ན། དམ་ཉམས། ལྟ་ལོག གསང་ཉུལ། ཞབས་འདྲེན། ཁྱི་རྒན། བླ་བཙོང། སོགས་འཆལ་སྨད་གང་ཐུབ་བྱེད་བཞིན་ཡོད། སྐུ་ཉིད་ཐུགས་ཁག་མེད་དེའི་གཤིས་ཀྱི་དྲི་མ་ཡལ་མེད་པ་སོང་ཙང་། ངན་རྟགས་རྣམ་འགྱུར་མངོན་པ་དེ་ནི་རང་དབང་མེད་པའི་ན་ཚའི་རྟགས་ཤིག་རེད་ལགས།

    Reply
  4. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    ད་ཡིན་ན་གཞུང་དང་སྤྱི་མཐུས་གྲོགས་ཚོགས་ལ་སྐྱོན་བརྗོད་བྱེད་མི་ཆོག་ཟེར་གིན་འདུག །གལ་སྲིད་དེ་འདྲ་བྱེད་ན་རྒྱ་མིའི་ཉུལ་མ་རེད་ཟེར་གྱིན་འདུག །ད་འོ་ན་ ༥༩ ཡི་ཡར་སྔོན་གྱི་ལམ་ལུགས་བཞིན་དུ་ལགས་སོ་དང་ལེགས་སོ་ཟེར་ནས་སྡད་ན་དྲག་ས་རེད།

    Reply
  5. རིག་འཛིན། says:
    ལོ་ 14 སྔོན།

    བཀའ་མཆོག་གིས་དེ་དག་མི་མེད་ཡིན་སྟབས་་་་་དངོས་གནས་བྱོས་ཟེར་མཁན་ཞིག་དང་་་་་བྱེད་དགོས་ཟེར་མཁན་་་་ད་དུང་་་མཐུན་རྐྱེན་བསྐྲུན་མཁན་ཞིག་ཡོད་པ་གསལ་པོ་རེད་གསུངས་བ་ལྟར་་་་དྲྭ་ཐོག་ཏུ་ཡོང་མཁན་ཡོངས་ཀྱིས་ཐུགས་གཟབ་གནང་སྟེ་་་་་རང་ཚིག་རང་གིས་བདག་པོ་མི་རྒྱག་མཁན་དེ་སུ་ཡིན་ངེས་པར་ཏུ་ཤེས་དགོས།

    Reply
  6. རིག་འཛིན། says:
    ལོ་ 14 སྔོན།

    རང་ལུས་མི་རིགས་ཆེད་དུ་་མེར་བསྲེགས་གནངས་མཁན་ཚོའི་དམིགས་ཡུལ་དང་གཞིས་བྱས་བོད་མི་ཡོངས་ཀྱི་རེ་བ་རིང་མིན་བསྒྲུབ་ཐུབ་དགོས་ན་་་་ང་ཚོས་ཆིག་སྒྲིལ་གྱི་ནུས་པ་མཉམ་དུ་སྤུང་ནས་དགྲ་བོའི་ཁ་ཐད་དུ་མགྱོགས་པོ་ལོང་དགོས།
    བཀའ་ཁྲི་མཆོག་གིས་གསུངས་བ་ལྟར་ཁ་ཁོག་མེད་པར་ཆིག་སྒྲིལ་དང་མཉམ་རུབ་གནང་ནས་རངཉིད་གང་དུ་གནས་སའི་ཡུལ་ལུང་དེའི་ནང་དུ་་་རང་ནུས་གང་ཡོད་དང་ལྷག་བསམ་རྣམ་དག་གིས་ལས་འགུལ་རེ་སྤེལ་ཐུབ་ན་་་ཏན་ཏན་ཕན་ཐོག་ཡོང་ངེས་རེད།

    Reply
  7. སྐྱ་ཀ says:
    ལོ་ 14 སྔོན།

    གྲོགས་པོ་བཀྲ་ཤིས་ཀྱི་གསུང་བཤད་དེ་གོ་རྒྱུ་ཞིག་ཡོདརྒྱུ་རེད་དེ། ངོ་མ་གོ་མི་ཤེས་འདུག དེའི་ནང་གི་ཚིག་ཁ་ཤས་ཞིག་ཅི་ཞིག་གསུང་གི་ཡོད་ན་བོད་སྐད་རེད་དང་རྒྱ་སྐད་རེད་འོ་ན་རིགས་གཞུང་སྲུང་སྐྱོབས་ཀྱི་ཚིག་སྡུད་རུགས་བྱས་པ་རེད་དམ།

    Reply
  8. བཀྲ་ཤིས། says:
    ལོ་ 14 སྔོན།

    ཞོགས་དུང་ཁོང་ཚོས་བོད་མིང་ཁུར་ནས་རིག་གཞུང་རྩ་མེད་གཏོང་གི་ཡོད་རེད། རྒྱ་དམར་གཞུངགི་མགོ་གཙོ་ཚོ་ལས་ཁོང་ཚོ་སྡུག་ཡ། དེང་སང་རྒྱ་ནག་གསང་བ་ལས་ཁུངས་དང་། ཐོང་ཀྲན་པོས་་གཉིས་ཀས་མི་གཞན་པ་བེད་སྤྱོད་བྱས་ནས་བོད་བརྒྱུད་ནང་བསྟན་རྩ་མེད་གཏོང་བའི་ལས་འགུལ་མགོ་བཙུགས་ཚར་ཡོད།
    ད་རུང་ཁོང་ཚོ་སྡུག་གི་ཡ། མི་མང་པོས་ཁོང་ཚོ་ནང་བོད་བརྒྱུད་ནང་བསྟན་ལ་གཏོར་བརླགས་ལས་འགུལ་རྒྱལ་ཁབ་གཞན་པ་ནང་ནས་བཙུགས་ཀི་ཡོད་རེད།
    ཚ་མདས་་་ཤོ་ཕེ་ཧྲིན་་་་ཡི་གེ་བོད་ཡིག་ཐོག་ནས་བྲིས་རེད་་ཤོ་ཕེ་ཧྲིན་་༸རྒྱལ་བ་དང་་ཚང་མའི་དགྲ་རེད་ཡ་ ཁོ་རྒྱ་མིས་རྒྱུག་ཁྱི་ཡོངས་སུ་གྲགས་རེད་

    Reply
  9. ཤར་མདའ། says:
    ལོ་ 14 སྔོན།

    བཀྲ་ཤིས་ལོ་ལོ་སངས་རྒྱས་ཀྱི་བསྟན་པ་དང་རིགས་གཞུང་རྩ་མེད་བཟོ་མཁན་དང་མཚན་དམོད་བྱེད་མཁན་ཞོགས་དུང་མ་རེད་ལ་ཚ་མ་མདའ་སྨྱུག་མ་རེད་རྒྱ་ནག་དམར་གཞུང་གི་མགོ་གཙོ་ཚོ་རེད་དེ་ཤེས་ན་བཟང་།

    Reply
  10. གངས་རིའི་ཤེལ་དཀར། says:
    ལོ་ 14 སྔོན།

    བཀྲ་ཤིས་ལགས་ཀྱིས་ཞོགས་དུང་དང་ཚ་བ་མདའ་སྨྱུག་གཉིས་ལ་མཚན་སྨད་བཀའ་མོལ་གནང་འདུག དེ་ནི་དངོས་ནས་རིག་དཔྱད་མེད་པའི་བཀའ་མོལ་ལས་མ་འདས་སོ། ཞོགས་དུང་གིས་བརྩམས་པའི་གནམ་ས་སྒོ་འབྱེད་ཐེངས་གཅིག་ཀློག་གནང་རོགས། ཚ་བ་མདའ་སྨྱུག་གིས་བརྩམས་པའི་རྟོགས་གེ་བའི་ནང་གི་ཆོས་ལུགས་ཀྱི་འཇིག་རྟེན་ཞེས་དེར་གཟིགས་རོགས། གཞིས་ནས་ཁོང་རྣམ་གཉིས་ཀྱིས་རིག་དཔྱོད་མཐོང་ངེས།

    Reply
  11. གྱད་ལྷ་དགའ། says:
    ལོ་ 14 སྔོན།

    བཀའ་ཁྲིའི་གསུང་ལ་མངོན་པར་བསྟོད། མིང་བརྫུན་འོག་གི་དྲ་འབུ་དང་། དངོས་མིང་ཡོད་ཀྱང་གནས་ལུགས་མེད་པར་རྟག་པར་སྒྲིགས་འཛུགས་དང་དབུ་ཁྲིད་ལ་སྐྱོན་བརྗོད་ཁོ་ན་འཚོལ་བའི་དྲ་འབུའི་རིགས་ལ་དོགས་ཟོན་བྱེད་དགོས་འདུག དེ་ཚོའི་རྒྱབ་ལ་སུ་ཡོད་བཤད་ཚོད་དཀའ་མོ་རེད།

    Reply
  12. མགོ་ལོག་ཟླ་བྷེ། says:
    ལོ་ 14 སྔོན།

    རང་གཞུང་ལ་རང་གིས་བརྩི་བཀུར་དགོས་པ་གཞི་རྩ་ཡིན་པས་བཤད་མ་དགོས་པ་ལ ། མཛད་བཟང་དག་ལ་རྒྱབ་སྐྱོར་དང་བསྟོད་བསྔགས་ཀྱང་དུས་སུ་ཕུལ་ན ། གཞུང་དམངས་སྙིང་ཐག་ཉེ་རུ་འགྲོ་རྒྱུ ། དབུ་ཁྲིད་རྣམ་པའི་ཐུགས་ཤུགས་ལའང་གསོས་སུ་འགྲོ་སྲིད ། ཡང་ལྷག་བསམ་རྣམ་དག་ངང་། བསམ་ཚུལ་དང་འདོད་པ་མ་ཚིམས་རིགས་བརྗོད་ཆོག་ཡང་། རང་མིང་སོགས་ཇི་མ་ཇི་བཞིན་བཀོད་ནས ། འདོད་པ་མ་ཚིམས་པའི་དོན་དེ་གང་ཡིན་གསལ་བོ་བྱས་ཏེ ། སྙན་ཞུའི་རྣམ་པར་བྲིས་ན་ལས ། གཞན་གསང་མིང་འོག་ནས་
    དོན་དག་ཁ་གསལ་མེད་པར་གཞུང་དམངས་བར་ལ་དཀྲུག་དཀྲུག་དང་། བཀའ་སྤྱི་བར་ལའང་ཅིག་ཅིག་མུག་མུག་མང་པོ་མ་བཤད་ན་དུས་ཀྱི་གཉན་འཕྲང་འདིར་དགེ་མཚན་ཆེ་བར་སྣང་། བོད་མིའི་རྡོག་རྩ་གཅིག་དྲིལ་བྱེད་རྒྱུ་ནི ། ༸གོང་ས་མཆོག་གི་དགོངས་གཞི་དང་ ། གཞིས་བྱེས་བོད་འབངས་སྤྱི་བིངས་ཀྱི་མངོན་འདོད ། སྐུ་གཤེགས་དཔའ་བོ་དཔའ་མོ་རྣམ་པའི་ཞལ་ཆེམས ། བཅས་ཡིན་པས་ཀུན་གྱིས་ཐུགས་ལ་འཛིན་པར་གལ །

    Reply
  13. མགོ་ལོག་ཟླ་བྷེ། says:
    ལོ་ 14 སྔོན།

    བཀའ་ཁྲི་མཆོག་གི་གསུང་ལ་སྙིང་ཐག་པ་ནས་མངོན་པར་བསྟོད་དོ ། དེ་དེ་བཞིན་རེད །

    Reply
  14. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    དུས་བབ་དང་ཁ་བརྡ་སོགས་ལ་དྲང་བདེན་གྱི་སྐད་ཆའི་ཞབས་མཆན་རྒྱག་མི་ཐུབ་པ་བཟོ་རྒྱུ་དེ་རང་སྐྱོན་ངོས་ལེན་མི་ཐུབ་པའི་སྐྱེ་བོ་རེ་ཟུང་གི་ལྟ་ཚུལ་རེད།
    ངས་ལྟ་ན་་་་ཡུ་ཊོབ་ནང་དུ་ཤུགས་ལྡན་ཚོགས་པས་དམངས་ཁྲོད་ཁ་བརྡ་ཟེར་བ་ཞིག་བཟོས་ནས་ཉེན་ཁ་ཆེན་པོ་གླེང་གི་འདུག་དེ་ཚོ་ལ་ཡིད་གཟབ་བྱ་ན་དུས་བབ་དང་ཁ་བརྡའི་ཞབས་མཆན་ལ་ཉེན་ཁ་ཡོད་མ་མཐོང་མེད།
    དྲ་རྒྱ་ལ་སྨྲ་བརྗོད་རང་དབང་གཏན་འགོགས་བྱ་ན་རྒྱ་ནག་དམར་པོའི་རིགས་ལུགས་འདྲ་བོ་ཆགས་སོང་བ་མ་རེད་ཝེ།

    Reply
  15. སྐར་ཁྲི་བཙན། says:
    ལོ་ 14 སྔོན།

    བཀའ་ཁྲི་མཆོག་གི་གསུངས་ལ་རྒྱབ་སྐྱོར་ཡོད་དེང་སང་དྲ་ཐོག་ནས་གསང་མིང་འདྲ་མིན་འོག་ཡིབ་ཅིང་དབུས་བོད་མིའི་སྒྲིག་འཛུགས་ལ་སྐྱོན་འཛུགས་བྱེད་མཁན་མང་པོ་ཡོད་པའི་རིགས་ལ་མི་མང་གི་ངོས་ནས་གཟབ་གཟབ་བྱ་བར་ཧ་ཅང་གལ་བར་འདོད། ཁྱད་པར་གནས་ལུགས་དང་རྒྱུ་མཚན་མེད་པར་སྨྲ་བརྗོད་རང་དབང་ གི་མིང་ཚིག་བེད་སྤྱད་ཀྱིས་ཁྱི་ཟུག་ཟུག་བྱ་རིགས་ལ་གཟབ་གཟབ་བྱ་བར་གལ། རང་གི་གཞུང་ལ་རང་གིས་གཅེས་འཛིན་བྱེད་དགོས་པ་སྐྱབས་བཅོལ་བོད་མི་ཡོད་དོ་ཅོག་གི་འབྱུང་འགྱུར་གྱི་འགན་འཁྲི་གཙོ་བོ་ཡིན་པར་འདོད་པས། གལ་སྲིད་གཞུང་འབྲེལ་ལས་བྱེད་ཚོའི་ལས་ཀའི་བྱེད་སྟངས་ཐད་དངོས་ཡོད་ཀྱི་བསམ་འཆར་ཡོད་ན་གདོང་དང་གདོང་གཏུག་གིས་བཤད་པ་དང་ཡང་ན་གོང་རིམ་ལ་ཞུ་གཏུགས་བྱ་དགོས་པ་ལས་རང་གཟུགས་ཡིབ་ཅིང་སྟོང་བཤད་རྒྱག་དགོས་དོན་མེད་པར་འདོད། སྤྱིར་དམངས་གཙོའི་ལུང་པ་གང་ཞིག་ཀྱང་གཞུང་གིས་མི་མང་གི་འདོད་བློ་མ་ཁེངས་ཚེ་སྐྱོན་བརྗོད་ཀྱི་ཐབས་ལམ་ལ་བརྟེན་ནས་གཞུང་ཡར་རྒྱས་སུ་བཏང་དང་གཏོང་བཞིན་པ་ནི་དམངས་གཙོ་ཡི་ཁྱད་ཆོས་ཤིག་མོད། ཅིག་བྱས་ན་ང་ཚོའི་རེ་ཟུང་ལ་མིག་རྒྱང་རིང་བོ་མེད་པར་དུས་རྒྱུན་གུ་དོག་གི་བསམ་བློ་འཁྱེར་ཞིང་འདྲ་ཆགས་ཀྱི་གཏམ་གྱི་རྗེས་འདེད་ཁོ་ནར་གོམས་པས་རང་ཉིད་ཀྱི་ལངས་ཕྱོགས་ཀྱང་ཡར་རེ་ཡོར་རེར་ཆགས་ཡོད་སྲིད་ཀྱི་རེད།

    Reply
  16. བཀྲ་ཤིས། says:
    ལོ་ 14 སྔོན།

    དྲ་རྒྱ་འདི་ན་ཉེན་ཁ་ཏན་ཏན་ཡོད་ས་རེད། བོད་ནང་རྒྱ་དམར་གྱིས་སངས་རྒྱས་བསྟན་པ་མཚན་དམོད་བྱས་པ་དག་ལ་རྗེས་ཟློས་བྱས་ནས་་་ཞོགས་དུང་འདྲ་བོ།
    བོད་བརྒྱུད་ནང་ཆོས་l མཚན་དམོན་བྱས་ཏེ་རྒྱ་ཡིག་ནང་གི་དེབ་བོད་ཡིག་ནང་བྲིས་སྐད་གྲགས་དང་མཁས་གྲགས་ལ་རེ་་ཚ་བ་སྨྱུགས་འདྲ་བོ། ཁོང་ཚོ་དང་།
    ད་རུང་བཙན་བྱོལ་ནང་དྲ་རྒྱ་ལ་ཞབས་མཆན་འབྲི་མཁན་མང་པོ་དག་གིས་དཀྲུགས་དཀྲུགས་བཏང་ནས་དཀའ་མོ་བཟོ་གི།

    Reply
  17. ཁྱམས་འཇུགས་ says:
    ལོ་ 14 སྔོན།

    བཀའ་ཁྲི་མཆོག་ཐུགས་རྗེ་ཆེ།

    Reply
  18. ཐོས་བསམ་ says:
    ལོ་ 14 སྔོན།

    ད་ལྟ་རང་ང་རང་ཨའོ་སི་ཁྲོ་ལི་ཡའི་བརྙན་འཕྲིན་ABC1 ལྟ་དུས་ལྗང་གུ་ཚོགས་པའི་གྲོས་ཚོགས་གོང་མའི་མཐུས་མི་དང་ཚོགས་གཙོ་མཆོག་ནས་གྲོས་ཚོགས་གོང་མའི་ནང་བོད་ཀྱི་གནད་དོན་ཐོག་གླེང་གནང་སོང་།

    Reply
  19. བཟོད་པ་ལྷ་རྩེ། says:
    ལོ་ 14 སྔོན།

    བཀའ་སྤྱི་གཉིས་ལྷན་འཛོམས་ཀྱི་ཚོགས་འདུའི་སྐབས་སུ། བཀའ་ཤག་གི་ངོས་ནས་མཐུན་རྐྱེན་བསྐྲུན་ཕྱོགས་ཀྱི་ཐད་ནས་ཧིན་སྒོར་ས་ཡ་ ༡༠ གྲོས་ཚོགས་ཀྱི་ཐོག་ནས་ལས་འགུལ་ག་རེ་སྤེལ་ཡང་མཐུན་རྐྱེན་བསྐྲུན་རྒྱུ་ཡིན་ཞེས་ཞུས་ཡོད། ད་དུང་དེའི་ཐོག་དགོས་ཀྱང་བཀའ་ཤག་གི་ངོས་ནས་གང་ཐུབ་ཞུ་རྒྱུ་ཡིན། བོད་ནང་ཛ་དྲག་གི་གནས་སྟངས་ཆགས་ཡོད་པའི་སྐབས་འདིར་འགྲོ་སོང་ལ་བལྟས་ཏེ་ལས་འགུལ་སྤེལ་མ་ཐུབ་པ་ཡིན་ན། འགྲིག་གི་མི་འདུག་བསམ་གྱི་ཡོད། ” ཞེས་དང་། བཀུར་འོས་སྤྱི་འཐུས་ཁག་ཅིག་གིས་སེམས་འཚབ་ཆེན་པོས་ང་ཚོ་བོད་པའི་དྲ་རྒྱ་ཁ་ཤས་ཀྱི་ནང་དུ་འང་མཆན་འདྲ་མིན་སྣ་ཚོགས་ཡོང་གི་འདུག་ཅེས་གསུངས་བྱུང་། དེ་དག་ཀྱང་མིང་མེད་ཡིན་སྟབས། དངོས་ནས་བྱོས་ཟེར་མཁན་ཞིག་དང་བྱེད་དགོས་ཟེར་མཁན་བཅས་མཐུན་རྐྱེན་བསྐྲུན་མཁན་ཞིག་ཡོད་པ་གསལ་བོ་རེད། ཞེས་གསུངས། བྱས་ཙང་ང་ཚོ་ཚང་མས་གཟབ་གཟབ་བྱ་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese