མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་ལེ་ ༢༣༠ བརྒལ་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༣/༡༩
Share on FacebookShare on TwitterShare on EmailShare on Whatsapp


བོད་སྐྱོད་གོམ་བགྲོད་པ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་བཞུགས་སྒར་ནས་
སྤྱི་ལེ་ ༢༣༠ ཙམ་གྱི་ས་ན་མུ་མཐུད་མདུན་སྐྱོད་བྱེད་བཞིན་འདུག་ལ། དེ་རིང་ཞོགས་པར་ཅན་ངྷི་གྷར་གྲོང་ཁྱེར་ནང་འབྱོར་ཏེ། ས་གནས་བོད་རིགས་སློབ་ཕྲུག་ཁག་ཅིག་གི་རོགས་རམ་འོག་གསར་འགོད་ལྷན་ཚོགས་བསྡུ་བཞིན་ཡོད་པ་དང་། སང་ཉིན་ཞོགས་པ་མུ་མཐུད་དུ་ལྡི་ལི་ཕྱོགས་སུ་གོམ་བགྲོད་གནང་རྒྱུ་ཡིན་འདུག

དེ་རིང་སྔ་དྲོར་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་ཚེ་བརྟན་རྡོ་རྗེ་ལགས་ཀྱི་གཅུང་མོ་རང་ལོ་ ༡༨ ཡིན་པ། བུ་མོ་ལྷ་མོ་སྐྱིད་ལགས་སུ་ལམ་བར་ནས་དཀའ་ངལ་ག་རེ་འཕྲད་ཡོད་མེད་བཅར་འདྲི་ཞུས་སྐབས་ཁོ་མོས། “ དེ་རིང་ང་ཚོ་ཅན་ངྷི་གྷར་ལ་འབྱོར་སོང་། ལམ་བར་ནས་རྐང་པ་ཞེ་དྲག་ན་སོང་། དེ་མ་གཏོགས་དཀའ་ངལ་ཆེན་པོ་འདྲ་འཕྲད་མ་སོང་། ང་ཚོ་དགོང་མོ་རྟག་པར་རྒྱ་གར་ལྷ་ཁང་ནང་ཉལ་བ་ཡིན། ང་ཚོར་ཟ་ཡ་འཐུང་ཡ་མང་པོ་ཡོད” ཅེས་བརྗོད་བྱུང་།

ཡང་ཁོ་མོར་ཁྱེད་ཅག་གི་ལས་འགུལ་ནང་མཉམ་ཞུགས་བྱེད་མཁན་བྱུང་ཡོད་མེད་དྲིས་སྐབས། “ད་བར་གཅིག་ཀྱང་བྱུང་མ་སོང་། འཚམས་འདྲིར་ཡོང་མཁན་དང་། ཟ་མ་སྐྱེལ་མཁན་མང་པོ་འདུག ཁ་ཤས་ཀྱིས་དངུལ་གྱི་རོགས་རམ་གནང་གི་ཡིན་ལབ་སོང་། ངས་བསམ་ན་ཁོང་ཚོས་སྒོར་མོ་བསྟེར་རྒྱུ་ལས། ང་ཚོ་དང་མཉམ་དུ་རྐང་པ་རྒྱག་ཐུབ་ན་ཡག་པོ་འདུག་དྲན་སོང་། བོད་ནང་བར་འགྲོ་མ་ཐུབ་ཀྱང་བདུན་ཕྲག་གཅིག་གཉིས་དང་། ཡང་ན་ཟླ་གཅིག་གཉིས་རེར་འགྲོ་ཐུབ་ན་ཡག་པོ་འདུག”ཅེས་བརྗོད་བྱུང་།

ཁོང་མོར་ལམ་བར་ནས་རྒྱ་གར་མི་མང་ཚོས་ལྟ་སྟངས་གང་འདྲ་འདུག་ཅེས་དྲིས་པར། “རྒྱ་གར་བ་ཚོས་ཡག་པོ་བྱེད་ཀྱི་འདུག རྒྱ་གར་ཉེན་རྟོག་པ་རེ་ཟུང་གིས་ལམ་ཁ་ནས་ལག་འཇུ་བྱས་ཏེ་རྒྱབ་སྐྱོར་གྱི་རྣམ་འགྱུར་སྟོན་སྐབས་སེམས་ཤུགས་འཕར་གྱི་འདུག ང་ཚོ་རྒྱ་གར་ས་མཚམས་དཀའ་ངལ་མེད་པར་བརྒལ་ཐུབ་རྒྱུ་རེད། བལ་ཡུལ་ནང་ནས་དཀའ་ངལ་འཕྲད་སྲིད་ཀྱང་། ཇོ་ལགས་ཀྱིས་རེ་བ་ཁ་ཤས་བཏོན་པ་དེ་དག་མ་འགྲུབ་བར་དུ་ང་ཚོས་ལས་འགུལ་མཚམས་འཇོག་བྱ་རྒྱུ་མིན” ཞེས་བརྗོད་བྱུང་།

ཕྱི་ཚེས་ ༡༦ ཉིན་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་དབུ་འཛིན་དངོས་གྲུབ་དབང་ཕྱུག་དང་སློབ་སྤྱི་བསོད་ནམ་སྲི་ཆོས་གཉིས་ཀྱིས་ཟ་མ་ཁྱེར་ཏེ་ཁོང་མ་བུ་གསུམ་ལ་འཚམས་འདྲིར་བསླེབས་ཡོད་འདུག་ལ། སྐབས་དེར་དངོས་གྲུབ་དབང་ཕྱུག་ལགས་ཀྱིས་བུ་མོ་ལྷ་མོ་སྐྱིད་ལ། “དཀའ་ངལ་ག་རེ་འཕྲད་ན་སློབ་གྲྭའི་ངོས་ནས་རྒྱབ་སྐྱོར་ཞུ་ངེས་ཡིན། གལ་སྲིད་གོམ་བགྲོད་ཐད་དཀའ་ངལ་འདྲ་འཕྲད་དེ་ཕྱིར་ཡོང་དགོས་པ་ཆགས་ན། འཕྲལ་དུ་སློབ་གྲྭར་འབྲེལ་བ་བྱོས་དང་གནས་ཚུལ་ག་རེ་ཡིན་ཡང་ཐབས་ཤེས་བྱེད་ཆོག”ཅེས་ཡོད་བརྗོད་འདུག་པའི་ཐད། ལྷ་མོ་སྐྱེད་ལ་ཚོར་སྣང་གང་འདྲ་བྱུང་ཡོད་མེད་དྲིས་པར་ “ང་ལས་འགུལ་ནས་ཐོན་ཏེ་ཕྱིར་སློབ་གྲྭར་འགྲོ་རྒྱུའི་བསམ་བློ་མེད། འོན་ཀྱང་། སློབ་གྲྭའི་དབུ་འཛིན་གྱིས་དེ་འདྲ་གསུང་སྐབས། ད་བར་སུ་ཇཱ་སློབ་གྲྭ་བཀའ་དྲིན་ཆེན་པོ་ཡིན་ལ། ད་དུང་ཡང་ང་ལ་རྒྱབ་སྐྱོར་གནང་གི་འདུག་བསམ་ནས་དགའ་ཚོར་དང་ཡིད་འགུལ་ཆེན་པོ་ཐེབས་བྱུང” ཞེས་བརྗོད་བྱུང་།  

 

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

སྐར་མ ༢༦ སྔོན་ལ།
Mobile App

བལ་ཡུལ་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན་ཟུར་བ་གཉིས་འཛིན་བཟུང་བྱས།

ཆུ་ཚོད་ ༡ སྔོན་ལ།
TTTT
Mobile App

བོད་མི་དུད་ཚང་ ༨༥༠ ལ་གཞིས་སྤོར་ས་ཁང་བགོ་འགྲེམས་བྱས་ཟིན་ཡོད་འདུག

ཆུ་ཚོད་ ༢ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

ཆུ་ཚོད་ ༢༤ སྔོན་ལ།
Nepal to get new railway line with India as RSP gov’t takes office, its Tibet railway lagging. Edited by tibettimes
Mobile App

རྒྱ་གར་དང་བལ་ཡུལ་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་འཆར་འདུག

ཆུ་ཚོད་ ༢༤ སྔོན་ལ།
Mobile App

ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མིའི་ཆོས་དད་རང་དབང་ལ་རྒྱབ་སྐྱོར་ཡོད་པའི་གྲོས་ཆོད་གཏན་འབེབས་གནང་།

༢༠༢༦/༠༣/༢༧

མཆན། 7

  1. བསྟན་འཛིན་ལྷ་སྒྲོན། says:
    ལོ་ 14 སྔོན།

    རྗེས་སུ་ཡི་རངས་ཡོད།

    Reply
  2. རླུང་རྟ་རྒྱལ། says:
    ལོ་ 14 སྔོན།

    བྱེས་སྡོད་བོད་པ་ཚོ་ད་ལྟ་བཟའ་མི་འདི་གསུམ་པོ་དང་བསྡོངས་ནས་བོད་དུ་བསྐྱོད་ན་བོད་དོན་འགྲུབ་རྒྱུ་ཐག་ཇེ་ཉེར་གྱུར་ཡོད།དེ་དུས་གཞིས་ལུས་བོད་མི་ཚོ་ཡང་ཡར་ལངས་ནས།ཟླ་བ་གཅིག་ལྷག་རྗེས་སུ།ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་མི་ཆོས་རིང་ལུགས་དང་འགྲོ་བ་མིའི་ཐོབ་ཐང་ལ་ཁ་གཡར་ནས་ཁོ་ཚོའི་དགྲ་ནག་པོ་རྒྱ་ནག་ཡེ་ནས་གཏོར་ཆོགདེ་དུས་བོད་ལ་རང་བཙན་མིན་ཡང་རང་སྐྱོང་ཐོབ་ཐུབ་པ་ཡིན།

    Reply
  3. ཤིང་ལོ། says:
    ལོ་ 14 སྔོན།

    མདུན་སྐྱོད་ཀྱི་གོམ་པ་རེ་རེ་ནི་བོད་མི་རིགས་ཀྱི་ཆོད་སེམས་རེ་རེ་དང་། དཀའ་ངལ་དང་སེམས་ཚག་ཡོད་ཚད་བོད་མི་རིགས་ཀྱི་ད་ལྟའི་གནས་སྟངས་ཁོ་ན་ཡིན། ཁྱེད་ཅག་ལོ་རྒྱུས་ཀྱིས་དེད་དེ་དམིགས་འདུན་ལ་སླེབས་ཐུབ་པར་ངས་ཡིད་ཆེས་བྱེད་རྒྱུ་ཡིན།

    Reply
  4. lobsang says:
    ལོ་ 14 སྔོན།

    ཁྱེད་མ་བུ་གསུམ་སྤྱི་ལེ་༢༣༠སར་སླེབས་པ་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་ཁྱེད་མ་བུ་གསུམ་གྱིས་བསམ་དོན་ཡིད་བཞིན་དུ་འགྲུབ་པའི་སྨོན་འདུན་ཞུ།
    ངས་སྔོན་མར་བསམ་ཚུལ་ཞུས་དོན་བཞིན་ཁྱེད་ཀྱི་སྲིང་མོ་བལ་བོའི་ས་ཐོག་ཏུ་གོམས་བགྲོད་མ་གནང་ན་ལེགས། བལ་བོའི་དམག་མི་སོགས་སྤྱོད་པ་ཧ་ཅང་ངན།

    Reply
  5. བློ་བཟང་ཕུན་ཚོགས། says:
    ལོ་ 14 སྔོན།

    གངས་ཅན་པའི་མ་བུ་གསུམ་ལ་མཚམས་འདྲི་ཞུ་བ་དང་། ཁྱེད་མ་བུ་གསུམ་གྱི་གོམ་སྒྲ་ནི། མི་རིགས་ཤིག་གི་ལས་དབང་གྱེར་བཞིན་པའི་སྐྱོ་གླུ་བཞིན། རྣ་བའི་བུ་ག་བརྒྱུད་དེ་ཟུར་གསུམ་སྙིང་དབུས་སུ་བབས་ཐེངས་རེ་རེར། སྐྱོ་བའི་སྨུག་སྤྲིན་ཀློང་ནས་མིག་ཆུ་དབང་མེད་དུ་ཤོར་འགྲོ་གི ཡིན་ན་ཡང་ཁྱེད་རྣམས་པའི་བསམ་དོན་འགྲུབ་པའི་སྨོན་འདུན་འདི་ཙམ་ལས་ཅི་ཡང་ཕུལ་མ་ཐུབ།

    Reply
  6. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    བལ་བོད་ས་མཚམས་ནས་ཉེན་རྟོག་པས་ཁྱེེད་གསུམ་བཟུང་གི་རེད།དེ་དུ་སྐད་ཆ་གང་བཤད་ད་ལྟ་ནས་གྲ་སྒྲིག་བྱ་ན་ལེགས།

    Reply
  7. གླག་སྨྱོན། says:
    ལོ་ 14 སྔོན།

    ཁྱེད་མ་སྨད་གསུམ་གྱིས་བསམ་དོ་ཡིད་རེ་ལྟར་འགྲུབ་པར་སྨོན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese