མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཁན་པོ་དགེ་བ་འཛིན་བཟུང་།

བོད་ཀྱི་དུས་བབ།
༢༠༡༢/༠༣/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༨ ཉིན་ཁམས་རྫ་སྟོད་རྫོང་དགེ་རྒྱལ་རྫོགས་ཆེན་དགོན་པའི་མཁན་པོ་དགེ་བ་ལགས་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་འདུག དེ་ནི། མཁན་པོ་དགེ་བ་ལགས་ཀྱིས་དེ་སྔ་ནས་རྫ་སྟོད་རྫོང་ཐོག་དུ་༼ རྨོངས་སེལ་འཛིན་གྲྭ༽ཞེས་པའི་བོད་ཡིག་ཆེད་སྦྱོང་འཛིན་གྲྭ་ཞིག་བཙུགས་ཡོད་པ་དང་། ཁོང་གིས་ད་བར་འཛིན་གྲྭའི་འགན་འཛིན་དང་དགེ་རྒན་གཅིག་ལྕོགས་གནང་གི་ཡོད་པ་མ་ཟད། དགུན་ཁར་རྫོང་དང་ཞང་གི་སློབ་གྲྭ་ཁག་གུང་གསེང་བཏང་བ་དང་བསྟུན་ཏེ། བོད་ཀྱི་རིག་གནས་ཆེད་སྦྱོང་འཛིན་གྲྭ་ཚོགས་ཏེ། དུས་རྒྱུན་སློབ་མ་ ༢༥༠༠ ཡས་མས་འཛོམ་བཞིན་ཡོད་འདུག

ད་ལོའི་དགུན་གནང་སྐབས་ཀྱི་ཟབ་སྦྱོང་བདེ་ཆེན་ཞིང་སྒྲུབ་དེ་ཕྱི་ཟླ་ ༢ ཚེས་ ༩ ལ་ཚོགས་གཏན་འཁེལ་ཏེ། དུས་ཚོད་ཏག་ཏག་ལ་སླེབ་སྐབས་རྫོང་སྲིད་གཞུང་ནས་ཟབ་སྦྱོང་དེ་ཚོགས་མི་ཆོག་པའི་བཀའ་རྒྱ་འབྱོར་ཡོད་འདུག དུས་དེར་རྨོངས་སེལ་འཛིན་གྲྭ་གཙོས་པས་ས་གནས་བོད་མི་ ༢༥༠༠ ལྔ་བརྒྱ་ཙམ་གྱིས་“བོད་མིར་ཆོས་དང་དང་སྨྲ་བརྗོད་རང་དབང་དགོས། ༧རྒྱལ་བ་རིན་པོ་ཆེ་བོད་ལ་མྱུར་དུ་གདན་འདྲེན་དགོས” ཞེས་ངོ་རྒོལ་སྐད་འབོད་རྒྱག་བཞིན། རྫ་ཆུའི་ཕར་འགྲམ་ནས་རྫོང་ཉེན་རྟོག་ལས་ཁུངས་སྒོ་འགྲམ་བར་དུ་གོམ་བགྲོད་གནང་ཡོད་འདུག 

ཟླ་ ༢ ཚེས་ ༡༠ ཉིན་རྨོངས་སེལ་འཛིན་གྲྭའི་འགན་འཛིན་མཁན་པོ་དགེ་བ་ལགས་དང་། དགེ་རྒན་ཁ་ཤས་རྫོང་ཉེན་རྟོག་ལས་ཁུངས་སུ་བཀག་ཉར་བྱས་ཡོད་སྟབས། ཡང་བསྐྱར་སློབ་མ་ ༨༠༠ ཙམ་ཉེན་རྟོག་ལས་ཁུངས་སུ་ཕྱིན་ཏེ་དགེ་རྒན་རྣམས་ཀློད་གྲོལ་གཏོང་དགོས་པའི་སྐད་འབོད་ཤུགས་ཆེན་བྱས་སྟབས། དགོང་མོ་དེར་ཁོང་ཅག་ཕྱིར་ཀློད་གྲོལ་ཙམ་ཐོབ་ཡོད་ཀྱང་། དུས་དེ་ནས་བཟུང་མཁན་པོ་དགེ་བ་ལགས་རྫོགས་ཆེན་དགོན་ནས་ས་གཞན་གང་དུའང་སོང་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་པ་མ་ཟད། ཉིན་ལྟར་རྨོངས་སེལ་སློབ་གྲྭའི་སློབ་མ་རྣམས་དང་ས་གནས་མི་མང་ཐོག་དམ་དྲག་བྱེད་བཞིན་ཡོད་འདུག

 

ཉེ་ལམ་ཕྱི་ཟླ་ ༣ ཚེས་ ༨ ཉིན་གྱི་མཚན་མོར་མཁན་པོ་དགེ་བ་ལགས་གར་སོང་ཆ་མེད་དུ་གྱུར་ཡོད་སྟབས། ས་གནས་མི་མང་ཡོངས་ཀྱིས་ཁོང་རྒྱ་གཞུང་གིས་འཛིན་བཟུང་བྱས་ཟིན་པར་ངོས་འཛིན་བྱས་ཡོད་པ་མ་ཟད། སྡེ་མི་སྐོར་ཞིག་དང་མཁན་པོ་ཁོང་གི་སྲིང་མོ་རྫོང་ཉེན་རྟོག་ལས་ཁུངས་སུ་ཕྱིན་ཏེ། མཁན་པོ་ཁོང་གང་དུ་བཀག་ཉར་བྱས་ཡོད་མེད་དང་། ཁོང་ལ་ནག་ཉེས་གང་ཡང་མེད་པས་ཀློད་གྲོལ་གཏོང་དགོས་པའི་རེ་འདུན་བཏོན་ཡང་། ཉེན་རྟོག་པ་ཚོས་ཁོང་གར་ཡོད་གསལ་བཤད་བྱས་མེད་པ་དང་། དེའི་རྗེས་སུ་ཁོང་གི་སྲིང་མོ་གཅིག་པུ་ཐེངས་ཁ་ཤས་ཕྱིན་ཏེ་བརྩད་གཅོད་བྱས་ཡོད་པ་དང་། ཕྱི་ཚེས་ ༡༥ ཉིན་སླར་ཡང་ཁོ་མོ་ཉེན་རྟོག་ལས་ཁུངས་སུ་ཕྱིན་ཏེ་སྐད་ཆ་དྲིས་ཀྱང་ཡ་ལན་སྤྲད་མེད་སྟབས། མོ་རང་ཁོང་ཁྲོ་ལངས་ཏེ་སྐད་ཤུགས་ཆེན་པོ་བརྒྱབ་སྟེ་ས་རུ་འགྱེལ་ཡོད་འདུག དེ་མ་ཐག་རྫོང་ཐོག་གི་སྨན་ཁང་ཞིག་ཏུ་འཁྲིད་ཡོད་ཀྱང་མྱུར་སྐྱོབ་མ་ཐུབ་པར་སྐུ་གྲོངས་ཡོད་འདུག

ས་གནས་འབྲེལ་ཡོད་ཚོས་བརྗོད་པ་ལྟར་ན། ད་ཆར་མཁན་པོ་ཁོང་རྫ་སྟོད་རྫོང་ཉེན་རྟོག་ཁང་ན་མེད་པར། ས་གནས་གཞན་ཞིག་ཏུ་འཁྲིད་ཡོད་འདུག་ལ། ཁོང་འཛིན་བཟུང་བྱས་རྗེས་ས་གནས་དེ་གའི་གནད་ཡོད་མི་སྣ་ ༡༣ ཙམ་སྔ་རྗེས་སུ་འཛིན་བཟུང་བཀག་ཉལ་བྱས་ཡོད་འདུག དེ་དག་ནི་ཁོང་དང་ཕྱག་ལས་གནང་མཁན་བཀྲ་ཤིས་ལྷ་ཕུག་དགོན་པའི་རང་ལོ་ ༤༧ ཡིན་པ་དགེ་འདུན་པ་ཨ་བྷོ་དང་། གསེར་རྟ་བླ་རུང་དགོན་པར་སློབ་གཉེར་གནང་མྱོང་མཁན་གྲྭ་ཀརྨ་སྐྱབས། རྫ་སྟོད་རྫོང་གི་ལས་བྱེད་ཟུར་པ་རང་ལོ་ ༣༢ ཡིན་པ་ཚེ་རིང་དོན་འགྲུབ། རྨངས་སེལ་སློབ་གྲྭའི་དགེ་རྒན་ཧྲག་པ་སོགས་ཡིན་འདུག

 

མཁན་པོ་དགེ་བ་ལགས་ནི་ ༡༩༧༠ ལོར་མདོ་ཁམས་རྫ་སྟོད་གྲོང་སྡེ་རུ་ཕ་མཁོར་རྩའི་མཁས་རྒྱམ་དང་མ་པད་དཀར་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་། ད་ལྟ་དགུང་གྲངས་ ༤༤ ཡིན་འདུག ཁོང་ལ་ནང་མི་གཞན་ག་ཚོད་ཡོད་གསལ་ཁ་མ་བྱུང་ཡང་། ཁོང་ནི་ཆུང་དུས་ནས་རྫ་སྟོད་དགེ་རྒྱལ་རྫོགས་ཆེན་དགོན་པར་རབ་ཏུ་བྱུང་ཞིང་། ཕྱིས་སུ་རྫོགས་ཆེན་ཤྲི་སེང་ཧའི་བཤད་གྲྭ་དང་། གསེར་རྟ་བླ་རུང་སྒར་སོགས་ཀྱི་ཆོས་གྲྭ་ཁག་ཏུ་ལོ་མང་རིང་བོད་ཀྱི་བཅུ་ཕྲག་རིག་གནས་སྤྱི་དང་། བྱེ་བྲག་ནང་དོན་རིག་པ་ལ་ཐོས་བསམ་སློབ་གཉེར་འཐིལ་ཕྱིན་གནང་ཡོད་པ་མ་ཟད། ༢༠༠༡ ལོར་རྒྱ་གར་ནང་ཕེབས་ཏེ་༧གོང་ས་མཆོག་གཙོས་པའི་བོད་པའི་བླ་ཆེན་རྣམ་པར་མཇལ་ཁ་ཞུས་ཡོད། དེའི་རྗེས་ཕྱིར་བོད་དུ་ལོག་སྟེ་རང་དགོན་དགེ་རྒྱལ་རྫོགས་ཆེན་དགོན་གྱི་བཤད་གྲྭའི་མཁན་པོའི་ཕྱག་ལས་གནང་ཡོད་པ་དང་། ཟུར་དུ་རྫ་སྟོད་རྫོང་ཐོག་ལ་༼ རྨོངས་སེལ་འཛིན་གྲྭ ༽ཞེས་པ་ཞིག་བཙུགས་ཏེ། བོད་ཀྱི་བརྡ་སྤྲོད་སུམ་རྟགས་དག་གསུམ་དང་ནང་ཆོས་ངོ་སྤྲོད། སྤྱི་ཚོགས་སློབ་གསོ། ཡ་རབས་སྤྱོད་བཟང་སོགས་ཀྱི་ཐད་སློབ་སྦྱོང་སྤྲོད་ཀྱི་ཡོད།

 

ཁོང་གིས་ཆེད་སྦྱོང་འཛིན་གྲྭ་དེ་བཙུགས་པའི་དམིགས་ཡུལ་གཙོ་བོ། ས་ཁུལ་དེའི་ཞིང་འབྲོག་མང་ཚོགས་ཕལ་ཆེ་བ་ཡིག་རྨོངས་ཡིན་པ་དང་། ལྷག་དོན་དུ་རྫ་སྟོད་རྫོང་ཐོག་ཏུ་ཕྱོགས་མཐའ་ཁག་ནས་སྤོས་པའི་བོད་རིགས་མང་པོ་ཞིག་ལས་མེད་དུ་ལྷག་ཡོད་པ་མ་ཟད། གཞོན་སྐྱེས་མང་པོ་ཞིག་གིས་བག་མེད་ཀྱིས་མི་ཚེ་སྐྱེལ་བཞིན་ཡོད་སྟབས། ཁོང་གིས་ས་གནས་མི་མང་ཚོས་ཡིག་རྨོངས་སེལ་ཆེད་ཟབ་སྦྱོང་འཛིན་གྲྭ་དེ་བསྒྲུབས་པ་ཞིག་ཡིན་འདུག

 

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 3

  1. གྱད་ལྷ་དགའ། says:
    ལོ་ 14 སྔོན།

    མཁན་རིན་པོ་ཆེ་དགེ་བ་ལགས་ཀྱི་མཛད་རྗེས་རྣམ་དཀར་ལ་ཡིད་རང་དང་གུས་འདུད་བླ་མེད་དུ་ཞུ། ཉིད་ཀྱི་སྐུ་ལུས་བདེ་ཐང་ཡོང་རེ་སྨོན་འདུན་ཞུ། ཉིད་ཞིང་བཤེགས་ལ་ཡང་གདུང་སེམས་མཉམ་སྐྱེད་ཡོད།

    Reply
  2. ཤིང་ལོ། says:
    ལོ་ 14 སྔོན།

    མཁན་དམ་པ་སངས་རྒྱས་ཀྱི་བསྟན་པའི་དོན་དང་། བོད་དང་ཞི་བདེ་ལ་དགའ་བའི་འཛམ་གླིང་མི་མང་གི་ཆེད་དུ་འདི་ལྟར་མྱོང་དགོས་བྱུང་ཡང་། སྐུ་ཉིད་ཀྱི་ཐུགས་འདུན་བཞིན་འགྲུབ་པའི་གདེངས་ཚོད་འབུལ།

    Reply
  3. འབྲོང་སར་ཚེ་ཉི། says:
    ལོ་ 14 སྔོན།

    ལྷག་བསམ་དང་སྙིང་སྟོབས་ཅན་གྱི་མཁན་དགེ་བ་ལ་གུས་འདུད་དང་མྱ་ངན་ཞུ། ཁྱོད་ཀྱི་ཚེ་སྲོག་དང་བདེ་ཐང་ལ་ངས་དུས་ནམ་ཡང་སེམས་ཁྲལ་འདུག །མ་ཟད་དེང་གི་ཆར་སྡུག་རྩུབ་ཅན་གྱི་རྒྱ་ནག་གཞུང་གིས་དྲག་གནོད་འོག་དཀའ་སྡུག་མྱོང་བཞིན་པའི་མདོ་ཁམས་རྫ་སྟོད་གྱི་བོད་མི་ཁག་ལ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ལས་ཐབས་གཞན་མི་གདའ། ལོ་སྔོན་མར་ཁམས་རྫ་སྟོད་ནས་རྒྱ་གཞུང་ལ་ངོ་རྒོར་སྐད་འབོད་ཐེང་འགའ་བྱུང་བ་དང་གྲྭ་བཙུན་འགའ་ཤས་འཛིན་བཟུང་བྱས་པ་གོ་ཐོས་བྱུང་ཡང་གསར་འགྱུར་དང་ཚག་ཤོག་སྟེང་དུ་འཁོད་མ་ཐུབ་པས། ད་རེས་གསར་འགྱུར་རྒྱུད་ལམ་ཁག་ནས་ཁྱབ་བསྒྲགས་དང་དུས་བབ་དྲྭ་རྒྱ་ནང་དུ་བཀོད་པ་ལ་ང་རང་སྒེར་ངོས་ནས་ཐུགས་རྗེ་དཀའ་དྲིན་ཆེ་ཞུ་རྒྱུ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese