མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཟོད་པ་ལ་ཚད་ཡོད།

བོད་ཀྱི་དུས་བབ།
༢༠༡༢/༠༣/༢༠
Share on FacebookShare on TwitterShare on EmailShare on Whatsapp
བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༥༤༩སྟེང་གི་རྩོམ་སྒྲིག་པའི་གཏམ།
ཚུར་ཕྱོགས་ནས་ཤ་ཁྲག་འདུས་བྱས་ཀྱི་གཟུགས་པོ་སྣུམ་ནང་ལ་སྦངས་ནས་མེ་ལ་བསྒྲོན་ཞིང་། ཞལ་ནས་རྩ་བའི་བླ་མ་གཙུག་གི་ནོར་བུ་ཞིག་ལ་སྐྱབས་མཇུག་ཞུ་བཞིན་མི་རིགས་ཤིག་གི་འདོད་འདུན་ཤུགས་ཀྱིས་བསྒྲགས་ཏེ་འཚེ་མེད་ཞི་བའི་མེ་ལྕེ་དགུང་ལ་མཆེད། ཕར་ཕྱོགས་སུ་དམག་མིའི་སྐྱེལ་འདྲེན་རླངས་འཁོར་དང་ལྕགས་ཁྲབ་འཐབ་འཁོར་བང་བསྒྲིགས་ཏེ། དྲག་མཚོན་ཐོགས་པའི་དཔུང་ཚོགས་སྔོན་པོ་མཚར་དུ་དངར་བ་ཞིག་ཤ་རྔམ་ཞིང་ཁྲག་ལ་ཞེན་པའི་སྲེད་པའི་མེ་ལྕེ་ལྷབ་ལྷབ་འབར། དྲག་ཏུ་འབར་བའི་མེ་ལྕེ་འདི་གཉིས་ཀྱི་བར་ན་གསར་དུ་འཚར་ལོངས་འབྱུང་བཞིན་པའི་མི་རིགས་ཤིག་གི་མི་རབས་གསར་པ་ཚོའི་སྙིང་ལ་བཟོད་པར་དཀའ་བའི་ཟུག་གཟེར་ལྷོག་ལྷོག་ཏུ་མཆོང་ལྡང་བྱེད་བཞིན་ཡོད།  
    ང་བརྒྱད་ལོ་དང་གྱ་བརྒྱད་ལོ། ཉིས་སྟོང་བརྒྱད་ལོ་བཅས་སུ་བོད་ནང་དུ་མི་ཚོགས་འདུ་འཛོམ་གྱི་ལས་འགུལ་སྤེལ་བ་དེ་ལ་རིམ་བཞིན་འགྱུར་བ་ཐེབས་ཏེ། ད་ནི་བོད་སྤྱི་བའི་རྩ་དོན་འཐབ་རྩོད་དེ་སྒེར་བའི་ལས་དོན་འགངས་ཆེན་དུ་རྩིས་ཏེ་མི་གཅིག་རེ་གཉིས་རེ་ཁེར་རྒྱུག་གི་སྟ་གོན་བྱས། དེ་སྔ་ཁྲོམ་གཞུང་དུ་ཐོན་ཏེ་རྔམ་རྔམ་རྫིག་རྫིག་གིས་སྐད་འབོད་བྱེད་པའི་འཐབ་རྩོད་བྱེད་སྟངས་དེ་ད་ནི་ལྐོག་ལྐོག་སུད་སུད་ཀྱིས་རང་ལུས་མེར་བསྲེགས་གཏོང་བའི་ངོ་བོར་འཕེལ། འདས་པའི་མི་ལོ་ལྔ་བཅུར་རང་དབང་རང་བཙན་དང་ཐོབ་ཐང་འདྲ་མཉམ་ཀྱི་དགོས་འདུན་སྣ་མང་བཏོན་པ། ད་ནི་༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པའི་འབོད་སྒྲ་གཅིག་ལ་རྡོག་ཏུ་དྲིལ་ཞིང་། སྐད་ཡིག་བེད་སྤྱོད་རང་དབང་གི་རྩ་དོན་ཞིག་ལ་དངོས་འབེབས་བྱས།
    བོད་ནང་དུ་འདི་ལས་ཚད་མཐོ་བའི་འཚེ་བ་མེད་པའི་ལས་འགུལ་ཞིག་སྤེལ་ཐབས་མེད་ལ། འདི་ལས་རིན་ཐང་ལྡན་པའི་རྩ་དོན་འཐབ་རྩོད་ཀྱི་རྣམ་པ་ཞིག་མངོན་སྟངས་མེད། བོད་ནང་བདེན་པའི་ཨུ་ཚུགས་ཀྱིས་མདུན་བསྐྱོད་བྱས་ན་དྲག་དམག་གི་མེ་མདས་དམར་གསོད་གཏོང་ངེས་ཡིན་ལ། མ་ཤི་བར་གྱི་ཟས་བཅད་ངོ་རྒོལ་གནང་ན་དེ་མ་ཐག་བཙོན་འཇུག་མནར་གཅོད་གཏོང་ངེས་ཡིན། འཛམ་གླིང་འདིར་ཚེ་སྲོག་གིས་བདེན་པ་བརྡར་ཞིང་ལུས་ཕུང་གིས་སྒྲོན་མེ་སྦར་མཁན་བོད་པ་དང་ཤོས་མིན་ཡང་བོད་མི་མང་ཤོས་ཡིན་སྲིད་ལ། ད་ནི་བོད་པའི་འཐབ་རྩོད་ཀྱི་ངོ་བོ་དེ་འཚེ་མེད་ཞི་བའི་སྤྱོད་པ་དང་བདག་གཞན་མཉམ་བརྗེའི་སྒོམ་པ་གཉིས་ཀྱི་དྭངས་རྩེར་སོན་ཡོད་ལ། ཐོག་མའི་ལྟ་སྟངས་དང་བར་གྱི་མཉམ་ཞགས། ཐ་མའི་རྗེས་ཐོབ་གསུམ་མངོན་དུ་བྱས་ཏེ་བཟོད་པའི་ལས་ཀྱི་ཕ་མཐར་བསླེབས་ཡོད།
            རྒྱ་གཞུང་གིས་ད་དུང་ཡིད་ཚིམ་པའི་ཨ་ལན་བརྡ་ལན་གང་ཡང་མ་སྤྲད་ཚེ། འགྲོ་བ་མིའི་རིགས་ཀྱི་བཟོད་སྒོམ་ལ་ཚད་ཡོད་པ་བཞིན། ནམ་ཞིག་ཐུ་བྷོད་བཙན་པོའི་མི་རྒྱུད་འདིའི་བཟོད་སེམས་ལའང་ཚད་ཡོད་ངེས་པས། བཟོད་པ་ཆེན་པོ་འདི་ཟད་མཚམས་སུ་ཨེ་ཤ་ཡའི་ཤར་ཕྱོགས་སུ་ཡ་ང་ཞིང་སྐྱུ་གཡའ་བའི་གནས་ཚུལ་གང་འདྲ་ཞིག་འབྱུང་མིན་སུས་ཀྱང་ཚོད་དཔག་བྱེད་དཀའ་ལ། སྐབས་དེར་བོད་མི་ཚོས་བྱང་ཆུབ་སེམས་མཆོག་སྐྱོར་མཚམས་བཞག་སྟེ། ཞེ་གཏིང་ནས་ཚད་མེད་ཡོན་ཏན་ཟློས་ཏེ་རིང་ནས་སྙིང་དུ་བརྣག་པའི་འདོད་དོན། ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ་ལ། ལྷུན་འགྲུབ་ཆོས་སྲིད་ཟུང་འབྲེལ་དགའ་སྟོན་ལ་སྤྱོད་པའི་སྐལ་བཟང་རྩོད་ངེས་ཡིན་ལ་འཐོབ་ངེས་ཀྱང་ཡིན་ནོ།།
 

འབྲེལ་ཡོད་གསར་འགྱུར།

AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠
Mobile App

ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese