མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་སྤྱིའི་སྟེང་ང་ཚོར་བདེན་པ་ཡོད་པའི་ངོས་འཛིན་བྱས་ཡོད།

བོད་ཀྱི་དུས་བབ།
༢༠༡༢/༠༣/༢༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གངས་སྐྱིད་ཕྱི་དྲིལ་ཚོགས་ཁང་དུ་བཀའ་སྤྱི་ཐུན་མོང་ཐོག་གསར་འགོད་གསལ་བསྒྲགས་བསྐྱངས་ཏེ། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་སེམས་འཚབ་ཧ་ཅང་ཆེན་པོ་ཡོད་པ་དང་། རྒྱལ་སྤྱིའི་ཐོག་ནས་བོད་དོན་ལ་སྔར་ལས་ལྷག་པའི་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་བཅས་ཞུས་སོང་།

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༣ དང་ཕྱེད་ཀའི་སྟེང་དབུས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་དང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་རྣམ་གཉིས་ཐུན་མོང་ཐོག་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་སོང་།

གསར་འགོད་ལྷན་ཚོགས་ཐོག་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་བརྗོད་དོན་ལྟར་ན། ད་ལོའི་ལོ་མགོ་ཙམ་ནས་བོད་ཀྱི་ས་ཁུལ་ཁག་ཏུ་ཛ་དྲག་གནས་ཚུལ་བསྟུད་མར་བྱུང་ཡོད་སྟབས། ཕྱི་ཟླ་ ༣ ཚེས་ ༡༤ ཉིིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པའི་ཉིན་དང་པོ་ཧྲིལ་བོར་བོད་ནང་གི་གནས་སྟངས་ཐོག་བགྲོ་གླེང་གནང་སྟེ། གྲོས་གཞིའི་གྲོས་ཆོད་དོན་ཚན་ ༨ ཅན་ཞིག་ལ་སྤྱི་མོས་བྱུང་ཡོད་པ་དང་། ཕྱི་ཚེས་ ༡༩ ཉིན་གྲོས་ཚོགས་ཚོགས་འདུ་མཚམས་འཇོག་བྱས་ཏེ། རེབ་གོང་དང་རྔ་པ་ཁུལ་དུ་བོད་མི་གསུམ་གྱིས་རང་ལུས་མེར་བསྲེགས་བཏང་བའི་གནས་སྟངས་ཐོག་བགྲོ་གླེང་གནང་འདུག་ལ། ཕྱི་ཚེས་ ༢༤ ཉིན་གྱི་གྲོས་ཚོགས་ཚོགས་འདུའི་མཐའ་མའི་ཉིན་ཟུར་སྣོན་གྱི་གྲོས་ཆོད་ཁག་ཅིག་ཀྱང་འཇོག་རྒྱུ་ཡིན་འདུག

ཚོགས་གཙོ་མཆོག་གིས་མུ་མཐུད་བརྗོད་དོན་ལྟར་ན། ༢༠༠༩ ལོ་ནས་རྔ་པ་དང་རྟའུ། དཀར་མཛེས། ཆབ་མདོ། ཁྲི་འདུ། ཐེམ་ཆེན། དར་ལག རྨ་ཆུ། རེབ་གོང་བཅས་སུ་བོད་མི་ ༣༠ ཙམ་གྱིས་རང་ལུས་མེར་བསྲེགས་བཏང་ཡོད་པའི་ཁྲོད། མི་ ༢༢ འདས་གྲོངས་སུ་ཕྱིན་ཡོད་པ་དང་། ད་ལོའི་དཔྱིད་གསར་དུས་ཆེན་སྐབས། རྒྱ་ནག་ཉེན་རྟོག་པ་དང་དྲག་ཆས་དམག་མིས་བོད་རིགས་མང་ཚོགས་ཁྲོད་གང་བྱུང་མེ་མདའ་བརྒྱབ་སྟེ། བྲག་མགོ་རྫོང་དུ་མི་ ༤ དམར་གསོད་དང་། གསེར་རྟར་མི་ ༢ ། ཛམ་ཐང་དུ་མི་ ༡ ། མགོ་ལོག་པདྨ་རྫོང་དུ་མི་ ༡ བཅས་ཁྱོན་མི་ ༨ དམར་གསོད་བཏང་ཡོད་འདུག དེ་བཞིན་དུས་དབང་སྐབས་རྒྱ་གར་ནས་བོད་དུ་ལོག་མཁན་ཚོར་རྒྱ་བལ་ས་མཚམས་སུ་རྒྱ་ནག་ཉེན་རྟོག་པས་འདྲི་བརྩད་ཀྱིས་ཅ་དངོས་བཙན་འཕྲོག་བྱས་ཡོད་པ་མ་ཟད། བོད་ནང་འབྱོར་རྗེས་ལྷ་སར་བོད་མི་བརྒྱ་ཕྲག་དུ་མར་བཙན་གྱིས་ཆབ་སྲིད་སློབ་གསོ་སྤྲད་ཡོད་འདུག་ལ། ཁམས་དང་ཨ་མདོ་ནས་ཡིན་པའི་བོད་མི་མང་པོ་ཞིག་ལྷ་ས་ནས་ཕྱིར་སྤོས་བཏང་ཡོད་འདུག

དེའི་རྗེས་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་ད་ལོར་བོད་ནང་ཞི་བའི་སྐད་འབོད་སྐབས་རྒྱ་དམག་གིས་མེ་མདའ་བརྒྱབ་སྟེ་མི་ ༨ དམར་གསོད་བཏང་ཡོད་པ་དང་། རྒྱ་གཞུང་གི་མཁྲེགས་འཛིན་སྲིད་བྱུས་འོག་བོད་མི་ཚོར་ངོ་རྒོལ་བྱ་རྒྱུའི་ཐབས་ལམ་གཞན་མེད་པའི་གནས་སྟངས་འོག་རང་ལུས་མེར་བསྲེགས་བཏང་ཡོད་ཅིང་། ཁོང་ཚོའི་རེ་འདུན་༧གོང་ས་མཆོག་བོད་དུ་ཕེབས་དགོས་པ་དང་བོད་མིར་རང་དབང་དགོས་ཞེས་པ་དེ་ཡིན་སྐོར། བཀའ་སྤྱི་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་ནང་ཞིབ་འཇུག་ཚོགས་པ་གཏོང་དགོས་པའི་འབོད་སྐུལ་རིམ་པར་ཞུས་ཡོད་པ་དང་། ནེའུ་ཡོག་ནང་བོད་མི་གསུམ་གྱིས་ཉིན་ ༣༠ རིང་ཟས་བཅད་ངོ་རྒོལ་གནང་པ་བཅས་ལ་བརྟེན་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ཟས་བཅད་ངོ་རྒོལ་གནང་ཡུལ་དུ་ཕེབས་ཏེ། ཡིག་ངག་གཉིས་ཐོག་ནས་བོད་ནང་ཞིབ་འཇུག་ཚོགས་པ་གཏོང་གི་ཡིན་ཚུལ་གསུངས་ཏེ་བདེན་པ་ལ་ངོས་འཛིན་ཐོབ་ཀྱི་ཡོད་སྐོར་གསུངས་སོང་།

བཀའ་ཁྲི་མཆོག་གིས། “རྒྱ་གཞུང་གིས་བདེན་པ་མེད་པ་བཟོ་བཞིན་ཡོད་ཀྱང་། བདེན་པ་མེད་པ་བཟོ་ཐུབ་ཀྱི་ཡོད་པ་མ་རེད། བདེན་པ་དེར་རྒྱལ་སྤྱིའི་ཁྱོན་ཡོངས་ནས་རྒྱབ་སྐྱོར་གྱི་རྣམ་པ་སྟོན་བཞིན་ཡོད་པ་རེད། བོད་ནང་གི་བོད་མི་ཚོས་རང་སྲོག་བློས་གཏོང་གནང་བ་བཞིན་གྱི་ང་ཚོའི་རེ་བ་འགྲུབ་ཐུབ་ཀྱི་མེད་ཀྱང་། ང་ཚོར་བདེན་པ་ཡོད་པའི་ངོས་འཛིན་བྱས་པ་དེ། གནས་ཚུལ་ཡག་པོ་ཞིག་རེད་བསམ་གྱི་ཡོད། ཉེ་ལམ་རྒྱ་ནག་ཏུ་ཡོད་པའི་ཨོ་སི་ཊོ་ལིའི་གཞུང་ཚབ་ཀྱིས་རྒྱ་གཞུང་ལ་བོད་ནང་ཞིབ་འཇུག་ཚོགས་པ་ཆེད་གཏོང་དགོས་པའི་རེ་འདུན་བཏོན་ཡོད་པ་རེད། རྒྱལ་ཁབ་མང་པོ་ཞིག་གིས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གདུང་སེམས་མཉམ་སྐྱེད་དང་། སེམས་འཚབ་ཡོད་པའི་རྣམ་པ་བསྟན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ད་དུང་ཡང་ཁ་ཡོད་ལག་ཡོད་བོད་ནང་ཕེབས་ཏེ། གནས་ཚུལ་རྟོགས་ཐུབ་པ་ཡིན་ན་ཐུགས་ཕན་སོས་ཀྱི་རེད་ ” ཅེས་གསུངས་སོང་། 

གསར་འགོད་པས་བཀའ་ཁྲི་མཆོག་ལ་ཚེ་བརྟན་རྡོ་རྗེ་ནང་མི་གསུམ་གྱི་གོམ་བགྲོད་ལས་འགུལ་ཐོག་བཀའ་འདྲི་ཞུས་པར། “ ལས་འགུལ་ག་རེ་སྤེལ་ཀྱང་བཀའ་ཤག་གིས་ཞི་བ་དང་ཁྲིམས་མཐུན། ཆེ་མཐོང་ལྡན་པ་ཞིག་གནང་དགོས་ཞེས་ལམ་སྟོན་གནང་ཡོད། དེ་གཞིར་བཞག་པའི་ཐོག་ལས་འགུལ་སྤེལ་ན་བོད་དང་བོད་མི་ཚོར་ཕན་ཐོགས་པ་ཞིག་ཡོང་གི་རེད། ཕན་པ་ཞིག་བྱུང་ན་མི་མང་གི་རྣམ་པ་སྟོན་པ་དེར་ངོས་འཛིན་ཞུ་རྒྱུ་ཡིན། མི་སྒེར་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཚོས་ལས་འགུལ་ག་རེ་སྤེལ་ཡང་། ཚང་མ་བཀའ་ཤག་བརྒྱུད་ནས་འགྲོ་དགོས་པ་ཆགས་ན། ལས་འགུལ་གྱི་གཟི་བརྗིད་ཆུང་དུ་འགྲོ་སྲིད་ཀྱི་རེད། ལས་འགུལ་ཁ་ཤས་བཀའ་ཤག་གིས་བྱ་ཆོག་པ་ཡོད་པ་རེད། བཀའ་ཤག་དེ་ཆབ་སྲིད་ཐོག་གནད་འགག་ཆགས་ཡོང་བའི་སྐབས་ལ། མིའི་ལུང་པ་ལ་ཡོད་པ་རེད། གཞན་དབང་སྟབས་བསྟུན་རེད། མང་པོ་ཞིག་ལ་བསྟུན་ཏེ་ཕྱག་ལས་གནང་དགོས་པ་རེད། ལས་འགུལ་ལ་མི་མང་རང་གིས་རྣམ་པ་སྟོན་ཐུབ་པ་ཡིན་ན། བཀའ་ཤག་གིས་གཟི་བརྗིད་ཆེན་པོ་རེད་བསམ་གྱི་ཡོད་ ” ཅེས་གསུངས་སོང་།

མཐར་རྒྱ་ནག་སྲིད་འཛིན་གཞོན་པ་ཞིས་ཅིན་ཕིན་གྱིས་བུ་མོས་ཧཱ་ཝར་གཙུག་ལག་སློབ་ཆེན་ནང་སློབ་སྦྱོང་བྱེད་བཞིན་ཡོད་སྟབས། བཀའ་ཁྲི་མཆོག་ཞིས་ཅིན་ཕིན་གྱི་བུ་མོར་ཐུགས་འཕྲད་གནང་རྒྱུའི་གོ་སྐབས་བྱུང་ཡོད་མེད་སྐོར་དྲིས་པར། “ ཞིས་ཅིན་ཕིན་གྱི་བུ་མོས་ཧཱ་ཝར་ཊི་སློབ་སྦྱོང་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་ནག་དཔོན་རིགས་གཞན་པ་ཚོའི་བུ་ཕྲུག་ཚོས་ཀྱང་ཧཱ་ཝར་ཊི་ལ་སློབ་སྦྱོང་བྱེད་ཀྱི་ཡོད་ས་རེད། ངས་གོ་ཐོས་ལ་ཞིས་ཅིན་གྱི་བུ་མོས་སྲུང་སྐྱོབ་ཀྱི་ཆེད་མིང་བརྗེ་བོ་བརྒྱབ་སྟེ། གསང་བའི་ཐོག་འགྲོ་བཞིན་ཡོད་པ་རེད་ཟེར་གྱི་འདུག དེ་ཡིན་དུས་མོ་ལ་ཐུག་རྒྱུའི་གོ་སྐབས་བྱུང་མ་སོང་། ཡིན་ནའང་། མི་གཞན་པ་ཁ་ཤས་ཀྱིས་ཞིས་ཅིན་ཕིན་གྱི་བུ་མོ་ལ་ཐུག་སོང་ཟེར་མཁན་བྱུང་སོང་ཞེས་གསུངས་བྱུང་།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

༸གོང་ས་སྐུ་འཕྲེང་དྲུག་པའི་སྐོར་ལ་རྒྱལ་སྤྱིའི་ལྷན་ཚོགས་ཤིག་འཚོག་གཏན་ཁེལ།

༢༠༢༥/༡༡/༠༧
Mobile App

མགོན་པོ་སྐྱིད་ལགས་ལ་རང་ཁྱིམ་དུ་སྨན་བཅོས་བྱེད་བཞིན་འདུག

༢༠༢༥/༡༡/༠༦
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

༢༠༢༥/༡༡/༠༥
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

༢༠༢༥/༡༡/༠༥
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤

མཆན། 11

  1. ཤིང་ལོ། says:
    ལོ་ 14 སྔོན།

    བདེན་པ་བདེན་དྲངས་ཟེར་ན་དངོས་ཡོད་དོན་རེད།།
    བདེན་པ་རྫུན་གྱིས་འགེབ་པ་འཚོ་བའི་གནད་རེད།།
    བདེན་རྫུན་འབྱེད་རྒྱུ་ཟེར་བ་སྐད་ཀྱི་གདངས་རེད།།
    བདེན་རྫུན་ངེས་པའི་དམ་པ་སྙེད་ནི་མ་རེད།།

    Reply
  2. ལུང་རྟོགས། says:
    ལོ་ 14 སྔོན།

    ཞིས་ཅིན་ཕིན་གྱི་བུ་མོ་དེ་ལ་དགའ་རོགས་ཤིག་སྒྲིག་ཐུབ་ན་བོད་དོན་ཐོག་ལ་ཕན་ཐོག་ཆེན་པོ་བྱེད་ཐུབ་རྒྱུ་རེད།

    Reply
  3. མགོ་ལོག་ཟླ་བྷེ། says:
    ལོ་ 14 སྔོན།

    དྲ་སྤུན་རང་དབང་རྒྱལ་སྲས་ཞུ་བ་ལགས ། ཉིད་ཀྱིས་དཔྱིད་གསར་དུས་ཆེན་ཟེར་བ་དེ་ནོར་ཡོད་ལུགས་ཀྱི་གཏན་ཚིག་བཞི་ཤད་ཅན་ཞིག་བཞག་འདུག་སྟེ ། དེ་འཛམ་གླིང་ཕྱི་ལུགས་ལོ་གསར་གྱི་རྗེས་རེད། བོད་རང་ལུགས་ལོ་གསར་གྱི་ཟླ་གཅིག་ཡས་མས་ཀྱི་སྔོན་རེད ། རྒྱའི་ལུགས་རྙིང་ངམ་སྲོལ་རྒྱུན་དཔྱིད་གསར་དུས་ཆེན་དངོས་རེད ། དཔྱིད་གསར་དུས་ཆེན་ལ་དཔྱིད་གསར་དུས་ཆེན་མི་ཟེར་བར་ཅི་ཟེར་དགོས་རེད ། དཔེར་ན་རྒྱ་ནག་པེ་ཅིན་མཁར་ལ། རྒྱ་ནག་པེ་ཅིན་མི་ཟེར་བར ། རྒྱ་ནག་པོ་ཏ་ལའམ ། ཡང་ན་རྒྱ་ནག་ཕོ་བྲང་དཀར་པོ་ཞེས་ཟེར་ཚུལ་ཨེ་ཡོད་ན ། ངས་དངོས་ཞུ་ཡིན་ཐུགས་ལ་མི་གནོད་པར་མཁྱེན།ང་ནོར་ཡོད་ན་དགོངས་དག

    Reply
  4. མགོ་ལོག་ཟླ་བྷེ། says:
    ལོ་ 14 སྔོན།

    དཔལ་ལྡན་རང་གཞུང་གི་བཀའ་སྤྱི་སྟག་སེང་ཁ་སྤྲོད་ལ་གུས་བསྟོད་ཚད་མེད་ཞུ །
    འདིར་ཟུར་ཞུ་ཞིག་ལ ། དྲ་གྲོགས་ཁ་ཤས་ཀྱིས་དུས་རྟག་པར ། སྤྱི་ལོ ༡༩༥༩ནས་ད་བར་དུ་འགྲོ་སོང་ཁ་མེད་སྣ་མེད་བཏང་སྟེ ། དངོས་ཤུགས་བརྒྱུད་གསུམ་ནས་བོད་དོན་ལ་རོགས་པ་བྱེད་མཁན ། སྟོབས་ཆེན་ཨ་རི་སོགས་རྒྱལ་ཁབ་གཞན་གྱིས་རོགས་བྱས་ན། ཁོ་ཚོར་དམིགས་ཡུལ་གཞན་དང་འདོད་དོན་གཞན་ཞིག་ཡོད་པ་རེད་ཟེར་བ་དང་། ཡང་མ་བྱས་ན་འདི་ཚོ་རྒྱ་ནག་རྒྱལ་ཁབ་ལ་སྐྲག་གིན་ཡོད་པ་རེད་སོགས ། ཅི་འདོད་དུ་བཤད་པ་དང་། ལྷག་པར་དུ ། ང་ཚོས་མུ་མཐུད་དུ ། སྐྱིད་སྡུག་གི་ཞུ་གཏུག་བྱེད་ས ། བདེན་དོན་གྱི་གནས་ལུགས་བརྗོད་ས ། དཀར་ནག་གི་དཔང་ཕོར་འཇོག་རྒྱུ ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལའང་། ལོང་བ་དང་འོན་པ་སོགས ། མདོར་ན་གཞན་སེམས་བསྲེག་པའི་གཏམ་ནག་གི་བཤལ་སྐྱུག་འཕེན་རྒྱུར་གཟབ་པར་འཚལ་ཞུ་རྒྱུ་ཡིན ། ང་ཚོས་བོད་ཡིག་དྲ་ཐོག་ལ་བྲིས་པས་གཞན་གྱི་མི་མཐོང་ངོ་བསམ་མཁན ། རྣ་བ་བཀབ་ནས་དྲིལ་བུ་རྐུ་བའི་རྟུལ་ཞུགས་ཅན་ཡོད་སྲིད་ཀྱང་། གྱོད་ཡ་ཕྱོགས་ཀྱིས་དབྱིན་ཡིག་སོགས་ལ་བསྒྱུར་ཏེ །མ་རྩོམ་དང་དེའི་དྲ་ཚུགས་བཅས་བཤད་ཡུལ་ལ་བཏངས་ནས ། བོད་མི་མང་གིས་ཁྱོད་ཚོ་ལའང་འདི་དང་འདི་ལྟ་བུ་བཤད་ཀྱིན་ཡོད་པ་རེད ། ཁོ་ཚོའི་སྐད་ཆ་ལ་ཆགས་འཇོག་ས་ཡོད་པ་མ་རེད་སོགས་ཟེར་མི་སྲིད་པ་མ་རེད ། དེ་དགྲ་དགའ་གཉེན་སྡུག་གི་ལག་ཆ་ཞིག་རང་ཤུགས་ཀྱིས་ཆགས་ཚར་བ་མ་རེད་དམ ། ཡང་ཁ་ཤས་ཀྱིས་ཚིག་གི་ཞ་དང་ཞོར་ནས ། བུ་ཕ་བསྟོད་མི་དགོས་དགྲ་བསྟོད་དགོས་ཟེར་བ་ལྟར ། རྒྱ་ནག་རྒྱལ་ཁབ་ཀྱི་ཆེ་བ་རྐྱང་དྲིལ་བསྒྲགས་བྱེད་ཀྱིན་ཡོད ། དཔེར་ན་དེང་སྐབས་འཛམ་གླིང་རྒྱལ་ཁབ་གཞན་དག རྒྱ་ནག་གི་དཔལ་འབྱོར་ལ་རེ་དགོས་ཡོད ། དམག་ཤུགས་ལ་སྐྲག་གིན་ཡོད ། ཐབས་ཇུས་ལ་འཐོམ་བཞིན་ཡོད་སོགས་དངོས་མིན་ལྟར་སྣང་གི་གཏམ་བཤད་དག་གིས་ནི ། ཕྱིའི་རོགས་སྐྱོར་ནང་གི་སེམས་ཤུགས་སོགས་ལ་གནོད་པར་ངེས་པས ། རྒྱ་ཆེ་ཡོན་ཕྱུག་གི་དྲ་གྲོགས་རྣམས་ཀྱིས ། བསམ་གཞིག་མཛད་རོགས་ཞུ །

    Reply
  5. རང་དབང་རྒྱལ་སྲས། says:
    ལོ་ 14 སྔོན།

    གསར་འགོད་པ། དཔལ་ལྡན་ལགས།
    ད་ལོའི་དཔྱིད་གསར་དུས་ཆེན་སྐབས།་ཞེས་པའི་ཚབ་ཏུ་ལོ་གསར་སྐབས་ཟེར་ན་བོད་ཀྱི་ཐ་སྙད་ཁུངས་མ་ཡིན་མོད།འདི་རིགས་ལ་ང་ཚོས་རྒྱ་ནག་གིས་སྤྱོད་བཞིན་པའི་春节་ཟེར་བ་དེ་ཨུ་ཚུགས་ཀྱིས་བོད་ཡིག་ནང་དུ་སྒྱུར་དགོས་དོན་མི་འདུག་སྙམ།

    ང་ཚོས་ཐ་སྙད་ཀྱིས་བཙན་འཛུལ་ལ་ཁ་གཏད་གཅོག་དགོས།།།།

    Reply
  6. མི་ཆུང་། says:
    ལོ་ 14 སྔོན།

    ཞིས་ཅིན་ཕིན་གྱི་བུ་མོ་ཐུགས་རྒྱུ་དེ་ཚོ་གནད་འགག་རེད། གཅིག་ནས་ཁོ་ཚོས་ང་ཚོའི་གནས་ཚུལ་ཐད་ཀར་ཁོང་ཚོའི་ནང་མི་དང་གཡས་གཡོན་ལ་མཁོ་སྤྲོད་ཐུབ་ལ། གཉིས་ནས་མ་འོངས་པར་ཁོ་ཚོ་གཞུང་གི་འགན་འཛིན་བྱེད་ཀྱི་ཡིན་པས་རེད།

    གསར་འགོད་པའི་དྲི་བ་འདི་ཚོ་འགངས་ཆེན་པོ་རེད།

    Reply
  7. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ཨ་རིར་སློབ་ཕྲུག་ཞིས་ཅིན་ཕིན་གྱི་བུ་མོ་ལ་ངོ་ཐུག་བྱ་རྒྱུ་དང་། མོའི་བརྒྱུད་ནས་རང་གི་ཨ་ཕའི་མི་ཚེའི་ནང་གི་བདུག་རྩུབ་ཀྱི་ལས་རིགས་འགོག་ཐབས་ལ་ཏན་ཏན་ཕན་ཐོགས་ཡོད་རེད། ད་དུང་མོའི་གྲོགས་མོ་དང་གྲོགས་ཚོ་ལ་ཡང་འབྲེལ་ལམ་ངེས་པར་དུ་བཟོ་དགོས་མི་འདུག་གམ། ངས་བལྟས་ན་ངེས་པར་དུ་རྒྱ་རིགས་སུ་རུང་ལ་འབྲེལ་བར་བྱས་ནས་བོད་དོན་བདེན་མཐའ་གསལ་ཐབས་བྱད་དགོས་འདུག་ལགས།

    Reply
  8. བསྟན འཛིན་ཆོས་རྒྱལ says:
    ལོ་ 14 སྔོན།

    མི་ཆུང་ལགས། དུས་དབང་ནས་ལོག་མཁན་དག་ལ་ས་གནས་འདི་དང་འདི་ནས་བཀག་སྟེ་སློབ་གསོ་འདི་དང་འདི་སྤྲད་འདུག་ཅེས་ཁོང་བཙུན་རེ་ཡོད་ན། གཅིག་གཅིག་གཉིས་གཉིས་བྱས་ཏེ་གསར་ལམ་འདིར་འགོད་རོགས་ཡོང་བ་ཞུ། ཐུགས་རྗེ་ཆེའོ།།

    Reply
  9. བཀྲ་ཤིས། says:
    ལོ་ 14 སྔོན།

    ((མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ཟས་བཅད་ངོ་རྒོལ་གནང་ཡུལ་དུ་ཕེབས་ཏེ། ཡིག་ངག་གཉིས་ཐོག་ནས་བོད་ནང་ཞིབ་འཇུག་ཚོགས་པ་གཏོང་གི་ཡིན་ཚུལ་གསུངས་ཏེ་བདེན་པ་ལ་ངོས་འཛིན་ཐོབ་ཀྱི་ཡོད་སྐོར་གསུངས་སོང་།))ཞེས་པ་ནི་གསར་འགྱུར་མ་འདྲ་བ་ཞིག་རེད་འདོད།

    དུས་དབང་ལ་ཡོང་མཁན་ཚོར་ཕྱིར་ལོག་སྐབས་རྒྱ་མིས་སྡུག་པོ་གཅིག་པོ་བཏང་ཡོད་ས་རེད། ཁ་ཤ་ལས་འདི་ནས་སྐུ་སྒེར་ལ་སོགས་པས་སྡིག་པོ་གཅིག་བཏང་་ད་ཡིན་ན་ཁོང་ཚོ་ལ་སློབ་གསོ་འཕྲོད་ཡོད་རྒྱུ་རེད་ཡ།

    Reply
  10. བཀྲ་ཤིས། says:
    ལོ་ 14 སྔོན།

    བོད་པ་འདི་ཚོ་པུའུ་རང་རེད། ཞིས་ཅིན་ཕིན་གྱི་བུ་མོ་ལ་ངོ་ཐུག་ན་ག་རེ་བྱེད་རྒྱུ་ཡོད་རེད། ཧཧཧཧཧཧཧཧཧཧཧཧཧ

    Reply
  11. མི་ཆུང་། says:
    ལོ་ 14 སྔོན།

    ཚོགས་གཙོ་སྤེན་པ་ཚེ་རིང་ལགས། སྐུ་ཉིད་ལ་འབོད་སྐུལ་ཞུ་རྒྱུར། བོད་མི་དམངས་ཀྱི་དབུ་ཁྲིད་ཅིག་ཡིན་པས། ནམ་ཡིན་ཡང་ཐོག་དང་པོའི་གཞན་གྱི་ཟེར་བ་ཙམ་ལ་ཡིད་ཚིམ་ནས་མ་འདུག་པར། རང་ཉིད་ཀྱིས་དཔྱོད་ཞིབ་གནང་རོགས། དེ་མིན་དུས་ནས་དུས་སུ་མི་གཞན་ལ་བཀའ་འདྲི་བར་མཛོད་ཅེས་ཞུ།

    གང་ལགས་ཟེར་ན། ད་ཐེངས་ཀྱང་སྐུ་ཉིད་ཀྱིས་གསར་འགོད་ལྷན་ཚོགས་ཐོག དུས་དབང་ནས་ཕྱིར་བོད་བ་འབྱོར་མཚམས་ལྷ་སར་བོད་མི་བརྒྱ་ཕྲག་དུ་མ་ཞིག་ལ་ཆབ་སྲིད་སློབ་གསོ་སྤྲད། ཅེས་ལས་གསུངས་མི་འདུག

    ཐེངས་འདིར་བཀག་ཉར་གྱིས་ཆབ་སྲིད་སློབ་གསོ། ལྷ་ས་ཙམ་མ་རེད། བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ་ཁྱོན་ཡོངས་སུ་རེད། ད་དུང་མདོ་ཁམས་ཕྱོགས་སུ་ཡང་རེད། མང་ཆེ་བ་ད་དུང་ཡང་ཕྱིར་གློད་མེད།

    བོད་མི་དམངས་ཀྱི་མགོ་ཁྲིད་ཡིན་པས། བོད་ནང་གི་གནས་ཚུལ་ལ་རྒྱུས་ལོན་མང་ཙམ་གནང་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese