མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབོ་ར་དགོན་པའི་གྲྭ་བ་ ༤ འཛིན་བཟུང་།

བོད་ཀྱི་དུས་བབ།
༢༠༡༢/༠༣/༢༤
Share on FacebookShare on TwitterShare on EmailShare on Whatsapp


ཁ་སང་ཕྱི་ཚེས་ ༢༣ ཉིན་གྱི་སྔ་དྲོའི་བོད་ནང་གི་ཆུ་ཚོད་ ༡༢ ཐོག་རྒྱ་གཞུང་གི་ཉེན་རྟོག་པས་བོད་ཨ་མདོ་བླ་བྲང་འབོ་རྭ་དགོན་པའི་དགེ་འདུན་པ་ ༤ འཛིན་བཟུང་གིས་ད་ཆར་གར་སོང་ཆ་མེད་ཆགས་ཡོད་འདུག
 

འདི་གར་གནས་ཚུལ་ཁོ་སྤྲོད་གནང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་འབོ་ར་དགོན་པའི་དགེ་འདུན་པ་མང་པོ་ཞིག་གིས་ལག་ཏུ་བོད་ཀྱི་རྒྱལ་དར་འཕྱར་བཞིན། བོད་ལ་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང༌། སྐད་ཡིག་རང་དབང་དགོས་པ་སོགས་ཀྱི་སྐད་འབོད་བྱེད་བཞིན་འབོ་ར་ཞང་སྲིད་གཞུང་གི་སྒོ་ཁར་བསྐྱོད་དེ། ངོ་རྒོལ་སྐད་འབོད་ཤུགས་ཆེན་བྱས་ཡོད་འདུག་སྟབས། ཉིན་དེའི་དགོང་མོར་རྒྱ་གཞུང་གིས་འབོ་ར་དགོན་པ་གློག་དང་ཁ་པར་སྐུད་ལམ་ཡོངས་སུ་བཅད་ཅིང་། མཚན་མོའི་ཆུ་ཚོད་ ༡༢།༣༠ སྟེང་ཀན་སུའུ་ལན་ཀྲུའུ་ནས་ཡིན་པའི་དམག་མི་མང་པོ་ཞིག་དགོན་པའི་ནང་འཇབ་རྒྱུག་བྱས་ཏེ་དགེ་འདུན་པ་ ༤༢ ཙམ་འཛིན་བཟུང་བྱས་ཡོད་འདུག

གནས་ཚུལ་དེ་བྱུང་མ་ཐག་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་ཁྲི་ཟུར་རྒྱལ་མཁན་པོ་ཞུ་བ་ཁོང་ཛ་དྲག་ཐོག་འབོ་ར་དགོན་པར་ཕེབས་ཏེ། སྲིད་གཞུང་དང་དགོན་པ་གཉིས་བར་འདུམ་འགྲིག་གནང་སྟེ། དེའི་ཕྱི་ཉིན་ཕྱི་ཚེས་ ༢༡ ཉིན་འཛིན་བཟུང་བྱས་ཡོད་པའི་གྲྭ་བ་རྣམས་ཕྱིར་ཀློད་གྲོལ་བཏང་ཡོད་ཀྱང༌། ཕྱི་ཚེས་ ༢༣ ཉིན་གྱི་བོད་ནང་གི་ཆུ་ཚོད་ ༡༢།༣༠ ཙམ་ལ་གློ་བུར་དུ་རྒྱ་ནག་གི་ཉེན་རྟོག་པ་དང་དམག་མི་མང་པོ་ཞིག་འབོ་ར་དགོན་པའི་ནང་འཛུལ་ཏེ་དགེ་འདུན་པ་ ༤  འཛིན་བཟུང་བཙན་འཁྲིད་ཀྱིས་ད་ཆར་གར་སོང་ཆ་མེད་ཆགས་ཡོད་འདུག 

ཉིན་འདི་གར་ས་གནས་འབོ་ར་ཞང་སྲིད་གཞུང་དང་དྲག་ཆས་དམག་མི་མཉམ་འབྲེལ་ཐོག་འབོ་ར་དགོན་པ་ཡོངས་སུ་བསྐོར་ཏེ་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་པ་མ་ཟད། དགོན་པའི་ནང་གི་གྲྭ་ཤག་རེ་རེར་དོ་དམ་ནན་མོ་བྱས་ཏེ་གྲྭ་བ་རྣམས་ཀྱི་འགྲོ་སྐྱོད་བཀག་སྡོམ་བྱས་ཡོད་འདུག གོང་དུ་འཛིན་བཟུང་བྱས་ཟིན་པའི་གྲྭ་བ་དག་ནི། རང་ལོ་ ༣༠ ཡིན་པའི་གྲྭ་སངས་རྒྱས་རྒྱ་མཚོ་དང༌། རང་ལོ་ ༢༣ ཡིན་པའི་གྲྭ་སྐལ་བཟང་བློ་གྲོས། རང་ལོ་ ༢༠ ཡིན་པའི་གྲྭ་དགེ་འདུན་བསོད་ནམས། རང་ལོ་ ༢༢ ཡིན་པའི་གྲྭ་བཀྲ་ཤིས་རྒྱ་མཚོ་བཅས་ཡིན་འདུག

 

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་དགུ་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

སྐབས་བཅོ་བརྒྱད་པའི་གྲོས་ཚོགས་ཚོགས་དུས་གཉིས་པ་མཇུལ་བསྒྲིལ་སོང་། 

༢༠༢༦/༠༩/༢༥
THE MONK AND THE GUN (དྲ་རྒྱའི་པར།)
Bloggers

སྔ་དྲགས་པའི་དམངས་གཙོ་དང་རྙིང་དྲགས་པའི་མེ་མདའ་།

༢༠༢༦/༠༩/༢༥
རྒྱ་ནག་དམངས་གཙོ་དོན་གཉེར་བ་རྣམས་ཀྱིས་ངོ་རྒོལ་བྱེད་བཞིན་པ། པར་ཝང་ཌན་གྱི་ངོ་དེབ་ནས་བླངས།
Mobile App

ཞི་ཅིན་ཕིན་ལ་ངོ་རྒོལ་བྱེད་མཁན་བོད་རིགས་གཅིག་པུ་རེད་དམ།

༢༠༢༦/༠༩/༢༥
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བརྒྱད་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ནི་ང་ཚོའི་སྒལ་ཚིགས་ལྟ་བུ་རེད་ཅེས་གསུངས་སོང་། 

༢༠༢༦/༠༩/༢༤
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གྲོས་གཞིའི་ནང་ཚུད་དགོས་ཟེར།  

༢༠༢༦/༠༩/༢༤
Liu Zhenli (left) and Zhang Youxia, are former members of China's top military authority. Photos: Handout, EPA
Mobile App

རྒྱ་ནག་གི་མཐོ་རིམ་དཔོན་རིགས་གཉིས་དམག་སྲིད་ཏང་གསུམ་གྱི་ཁོངས་ནས་ཕྱིར་ཕུད་བྱས།

༢༠༢༦/༠༩/༢༤

མཆན། 8

  1. བསང་ཆུ་འབྲུག་བྷེ། says:
    ལོ་ 15 སྔོན།

    ཕ་ཡུལ། ང་ཡི་ཕ་ཡུལ། ཁྱེད་ཀྱི་མིག་ཟུང་ལ་དམར་ལུག་ལུག་གི་ཁྲག་དམར་གྱིས་ཅི་འདྲིའི་བཏུམས་ཡང་། ཁྱེད་ཀྱི་སེམས་ཁོང་ལ་བློ་བོར་བོར་གྱིས་སྡུག་བསྔལ་ཅི་འདྲིའི་ལྕི་ཡང་ནམ་ཡང་བདེན་ཐུབ་ཀྱི་ཉིན་མོ་ཞིག་སྟེ།་མདུན་སྐྱོད་ཀྱི་གོམས་སྒྲ་འདི་ནས་རྙེད་ཀི་ཡོད།

    Reply
  2. གཟུ་གནས་བློ་ལྡན། says:
    ལོ་ 15 སྔོན།

    ང་ཚོའི་བོད་ཀྱི་དཔའ་བོ་འདི་དག་ལ། །སྙིང་ནས་རྗེས་དྲན་སྨོན་ལམ་གྲངས་མེད་ཞུ། །རྒྱ་རྒན་བདུད་རིགས་ངན་པ་འདི་དག་ཀུན། །མྱུར་དུ་ཤི་ནས་ལས་འབྲས་སྨིན་པར་ཤོག

    Reply
  3. མིག says:
    ལོ་ 15 སྔོན།

    མྱ་ངན་ཞུ།

    Reply
  4. འདྲེ་མེ་འབུད། says:
    ལོ་ 15 སྔོན།

    ཨ་ཁ ད་དངོས་གནས་སྡོད་དུ་འཇུག་གིན་མི་འདུག

    Reply
  5. ཤིང་ལོ། says:
    ལོ་ 15 སྔོན།

    བོད་བདེན་པའི་མཐའ་ལ་མ་ཐུག་པར་དུ།།
    སྲོག་དམར་པོ་ཡིན་ཀྱང་གཏའ་མར་འཇོག་པའི།།
    བོད་གངས་ཅན་དཔའ་བོ་དཔའ་མོ་རྣམ་པ།།
    ལུས་གུས་ཤིང་ངག་གིས་བསྟོད་དབྱངས་འབུལ་དགོས།།

    Reply
  6. ཁམས་པ། says:
    ལོ་ 15 སྔོན།

    ཨ་རྒྱ་སྐྱག་ཚང་འདིས་དམྱལ་བ་ཞིག་ཉུག ད་སྡོད་གི་ཟིག་མི་འཇུག་གི ཨ་ཧ་བོ་ཡིན་ན་སྐྱག་ཟན་ཚང་།

    Reply
  7. བསྟན་འཇམ། says:
    ལོ་ 15 སྔོན།

    འབོ་ར་ཞེས་པའི་གནས་མཆོག་འདི་ནི་གནས་ཚུལ་འདྲ་མིན་བྱུང་ས་ཞིག་རེད། ༢༠༠༨ལོར་བླ་བྲང་ཕྱོགས་ལས་འགུལ་ཚགས་ཚུད་བྱུང་སོང་། ད་ཐེངས་མདོ་སྨད་བླ་བྲང་ཁོངས་ནས་ལས་འགུལ་དང་བོ་སྤེལ་མཁན་ཡིན་པས་ཐུགས་རྗེ་ཆེ་ཞུ།

    Reply
  8. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    (དགེ་འདུན་པ་ ༤ འཛིན་བཟུང་གིས་ད་ཆར་གར་སོང་ཆ་མེད་ཆགས་ཡོད་འདུག )ཅེས་པ་འདི་བདེ་བོ་རང་བྱུང་མ་སོང་། འཛིན་བཟུང་བྱས་ཟིན་པས་ན་གང་ཞིག་ཏུ་བཙོན་འཇུག་བྱས་ཡོད་པ་ཐག་གིས་ཆོད་པས་ན་”གང་དུ་བཀག་ཉར་བྱས་ཡོད་མེད་གསལ་བོ་ཤེས་མི་འདུག་”ལྟ་བུ་ཟེར་ན་ལས་འདི་ལ་གར་སོང་ཆ་མེད་ཅེས་པའི་ཚིག་སྦྱོར་འདི་ཅི་འདྲ་འདུག
    སྦྱིར་དུས་བབ་ཚང་གི་གསར་འགྱུར་རྣམས་སྤུད་ཚད་ལྡན་ལ་ཚིག་སྦྱོར་བདེ་བ། གསར་འགྱུར་རྩོམ་ཡིག་གི་བྲོ་བ་འདུག་ཁར། རྩོམ་འབྲིའི་ཤེས་བྱ་སྦྱོར་བར་སྐུལ་འདེད་བྱེད་པའི་ནུས་པའང་ལྡན་པར་འདུག་ཨང་སྙམ་པ་བཅས་བསམ་ཚུལ་དུ་ཕུལ་བ་ཡིན་ལགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese