མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་བའི་འཐབ་རྩོད། ཞི་བའི་གོམ་བགྲོད་དང་མཉམ་ཞུགས་མི་སྣ།

བོད། ཤ་ཁྲག་རུས་གསུམ།
༢༠༡༢/༠༣/༢༥
Share on FacebookShare on TwitterShare on EmailShare on Whatsapp

༣།༡༠ཞོགས་པ་མི་མང་གི་མིག་ཆུ་དང་ཁ་གཡང་།ཁ་བཏགས་དང་ཞལ་འདེབས་སོགས་ཀྱི་བསྐྱེལ་མའི་ཁྲོད།
གཙུག་ལག་ཁང་གི་མདུན་ནས་རྡ་ཤོད་ཀ་ཅ་རའི་བར་དུ་མི་དམངས་མཉམ་ཞུགས་བྱས།མི་དམངས་ཀྱིས་མིག་ཆུ་དང་ཞལ་འདེབས་དུས་མཉམ་དུ་ང་ཚོའི་ལུས་སྟེང་དུ་སྤུངས།རྡ་ས་མདོ་སྨད་ས་གནས་རྒྱུན་ལས་ཀྱིས་ཉིན་གུང་ཟ་མ་སྤྲད་དེ་ཁ་བཏགས་མཐེན་པ་དང་ཞལ་འདེབས་གནང།གྲོགས་པོ་ཁ་ཤས་ཀྱིས་བསྐྱེལ་མ་ལེ་བར་ཁ་ཤས་རིང་བྱས་རྗེས་གཞི་ནས་ངེད་མ་སྨད་གསུམ་ཞི་བའི་འཐབ་རྩོད་འདིའི་ཞི་བའི་གོམ་བགྲོད་ཀྱི་རྐང་ལམ་ལ་ཞུགས།

མཚན་དང་པོར་ཧིན་དྷིའི་ལྷ་ཁང་ཀོག་པོ་ཞིག་གི་འགྲམ་དུ་ཁང་ཆུང་བཤིག་ལ་ཉེ་བ་ཞིག་གི་ཁྱམས་རར་མལ་ས་བཟོས།ཅུང་ཙམ་རྗེས་སུ།ང་ཚོ་ལ་ཐུག་འཕྲད་དུ་ཡོང་མཁན་ནི་གཞོན་ནུའི་ཚོགས་གཞོན་དོན་འགྲུབ་ལྷ་དར་ལགས་དང་ལས་རོགས་ས་གཞོན་དྲུང་ཆེ་བཟོད་པ་དང་རྡི་ལི་སློབ་ཕྲུག་ས་གཞོན་ཚོགས་གཙོ་ཟུར་པ་་་་་བཅས་དགོང་མོའི་ཟ་མ་ཁུར་ནས་ང་ཚོ་ལ་གདུང་སེམས་མཉམ་སྐྱེད་བྱེད་དུ་ཡོང།མཚན་གཉིས་པའི་ངལ་གསོ་སྐབས་སུ་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་ས་གནས་གསར་འགོད་པ་བློ་བྷེ་ལགས་ཀྱིས་ཟ་མ་ཞིག་ཁུར་ནས་ཁོ་རང་སྒེར་གྱི་དྭང་བླང་འོག་ང་ཚོ་ལ་ལྟ་རུ་འོང།

ཚེས་༡༣ཉིན་རྡ་ས་ནས་ཚོགས་སྐྱིད་མཉམ་འབྲེལ་མཐུན་ཚོགས་ཀྱི་འཐུས་མི་བཞིས་ཚོགས་པ་བཅུ་གཅིག་གི་ཚབ་བྱས་ཏེ་ང་ཚོའི་སྐྱིད་སྡུག་ལེགས་ཉེས་ལ་འཚམས་འདྲི་ཞུ་རུ་འབྱོར་བ་མ་ཟད་ང་ཚོ་ལ་མཐུན་རྐྱེན་གང་དགོས་སྦྱོར་ངེས་ཡིན་ཞེས་ཁས་ལེན་གནང་ནའང་།ངས་ཁོང་ཚོ་ལ་ཤིང་རྟ་ཆུང་ཆུང་ཞིག་དགོས་པའི་རེ་སྐུལ་ཞུས་པ་ལྟར་ཁོང་ཚོས་དང་དུ་བླངས་པ་མ་ཟད་ཁ་པར་གསར་པ་ཞིག་ཀྱང་ཉོས་ཏེ་སྤྲད།ད་དུང་ཞལ་འདེབས་ཀྱང་ཧིན་སྒོར་སྟོང་ཕྲག་གསུམ་སྤྲད་དེ་ང་ཚོ་ལ་ག་དུས་རྒྱུ་དངོས་གང་ཅིའི་ཐད་རོགས་རམ་དགོས་གལ་བྱུང་ཚེ་དུས་ལྟར་དང་ལེན་བྱ་ངེས་ཡིན་བྱས་ཁས་ལེན་གནང་བས་ཡི་གེ་ཞིག་ང་ལ་སྤྲད།

རྡ་ས་ས་གནས་གཞོན་ནུའི་དྲུང་ཆེ་བཟོད་པ་ལགས་ཁོ་རང་སྒེར་ངོས་ནས་ཉིན་དེའི་ཕྱི་དྲོར་དཔར་ཆས་ཤིག་དང་ལག་ཁྱེར་གློག་ཀླད་ཅིག་ཁུར་ནས་དྭང་བླང་འོག་ཉིན་མ་དེ་ནས་དྭང་བླང་གསར་འགོད་པ་གནང་སྟེ་ང་ཚོ་དང་མཉམ་དུ་ཉིན་ལྔའི་རིང་དུ་དཀའ་སྡུག་ཚད་མེད་མྱངས།

ཚེས་༡༥ཉིན་རྒྱབ་ཏུ་མདོ་སྨད་དབུས་རྒྱུན་ལས་ཀྱི་ལས་བྱེད་གསར་རྙིང་གཉིས་ཀྱི་ཐུན་མོང་འོག་ང་ཚོ་ལ་གདུང་སེམས་མཉམ་སྐྱེད་བྱེད་དུ་འོང་བ་མ་ཟད་ཞལ་འདེབས་ཆེད་ཧིན་སྒོར་ཆིག་ཁྲི་ལྔ་སྟོང་གནང་སྟེ་རྗེས་སུ་ཁོང་ཚོས་གང་བྱེད་ཐུབ་པའི་རིགས་ལ་རོགས་རམ་བྱེད་རྒྱུའི་ཆོད་སེམས་ཡོད་ཅེས་གསུངས་སོང།

ཚེས་༡༦ཉིན་གྱི་ཞོགས་པར་སུ་ཇ་བོད་ཁྱིམ་སློབ་གྲྭའི་འགན་འཛིན་དང་སློབ་སྤྱི་གཉིས་ཀྱིས་གཙོ་བས་མི་སྣ་དྲུག་སྤྱི་ལེ་གཉིས་གསུམ་ཙམ་གྱི་རིང་གདུང་སེམས་མཉམ་སྐྱེད་ཀྱི་གོམ་བགྲོད་ལ་མཉམ་ཞུགས་གནང་བ་དང་སློབ་སྤྱི་ལགས་ཀྱིས་ངའི་ནུ་མོ་ལ་འཐམས་ནས་གཟུགས་གཞིར་འཕྲོད་རྟེན་ལ་གཟབ་རྒྱུ་དང་ཁྱེད་ཚོའི་རྒྱབ་ལ་ང་ཚོ་ཡོད་ཅེས་གསུངས།

ཉིན་དེའི་ཉིན་གུང་ཙམ་ལ་ནོར་གླིང་དུ་གནས་སྡོད་བྱས་པའི་ཨ་མདོ་བུ་མོ་པད་མ་འཚོ་དང་རྨ་ཆུ་མགོན་པོ་དོན་འགྲུབ་ཀྱི་ཆུང་མ་གཉིས་ཀྱིས་ཉིན་གུང་གི་ཟ་མ་རྣམ་གྲངས་ཆེས་མི་ཉུང་བ་ཞིག་བཟོས་ཏེ་ང་ཚོ་ཐུག་འཕྲད་བྱེད་དུ་འོང།འགྲོ་ཁར་གཉིས་ཀ་བདག་ལ་འཐམས་ནས་མཆི་མ་ཤམ་ཤམ་དུ་བཞུར་ཞོར་ང་ཚོ་བོད་མི་ས་ཡ་དྲུག་གི་བདེན་དོན་ཆེད་དུ་ཁྱེད་མ་བུ་གསུམ་ལས་འགྲོ་ཕོད་མཁན་མེད་པ་དེ་བསམ་ནས་ལྷག་ཏུ་སེམས་པ་སྐྱོ་ཞེས་བཤད།

ཚེས་༡༧ཉིན་གྱི་དགོང་མོར་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་གཞོན་པ་ཨ་ཚོགས་ཀླུ་དཀར་བྱམས་དང་དེ་གའི་སློབ་སྤྱི་ལྷ་ཆབ་སྤྱིན་པ།ད་དུང་ཚོགས་མི་ཞིག་དང་བཅས་མི་གསུམ་ཚོགས་པའི་ཚབ་བྱས་ཏེ་ང་ཚོ་ལ་འཚམས་འདྲི་བྱེད་དུ་འབྱོར་ནས་ཧིན་སྒོར་སྟོང་ཕྲག་ལྔའི་ཞལ་འདེབས་དང་ཀླུ་དཀར་བྱམས་མཚན་གཅིག་རིང་ང་ཚོ་དང་མཉམ་དུ་བསྡད་པ་མ་ཟད་ཞོགས་པར་སྤྱི་ལེ་འགར་ང་ཚོ་དང་མཉམ་དུ་གོམ་བགྲོད་ལ་ཞུགས།

ཚེས་༡༩ཉིན་གྱི་ཉིན་རྒྱབ་ཚོུད་གསུམ་པའི་སྟེང་ཅན་དྷི་སྒར་མཐོ་སློབ་འགྲིམ་བཞིན་པའི་སློབ་མ་སུམ་བཅུ་ལྷག་ལ་གཏམ་བཤད་དང་བསམ་ཚུལ་བགྲོ་གླེང་བྱ་རྒྱུའི་གོ་སྐབས་གནང་བ་དང་སློབ་མ་ཚོའི་ངོས་ནས་རྒྱབ་སྐྱོར་གྱི་ཡི་གེ་ཞིག་དང་ཞལ་འདེབས་ཕུལ་ན་ཡང་ཞལ་འདེབས་ཕྱིར་སློབ་མ་དག་གི་བགྲོ་གླེང་འདུ་འཛོམས་སྐབས་སུ་བེད་སྤྱོད་གཏང་རོགས་གནང་ཞེས་ཕྱིར་སྤྲད་པ་ཡིན།

ཚེས་༢༠ཉིན་གྱི་ཞོགས་པ་ནས་ཅན་དྷི་སྒར་མཐོ་སློབ་འགྲིམས་བཞིན་པའི་རྡེ་ར་ལྡུན་གཞིས་ཆགས་གླིང་ཚང་ནས་ཡིན་པའི་སློབ་མ་ཕུན་ཚོགས་རྡོ་རྗེ་རང་ལོ་༢༠་སོན་པ་ཁོང་དང་ཆུང་དུས་སུ་བོད་ནས་བཙན་བྱོལ་ལ་ཡོང་བའི་བཀྲ་ཤིས་ཚེ་རིང་རང་ལོ་༢༣སོན་པ་གཉིས་ཀྱིས་མ་སྐུལ་དྭང་བླང་གིས་ཅན་དྷི་སྒར་ནས་རྡི་ལི་བར་གོམ་བགྲོད་ལ་མཉམ་ཞུགས་བྱས།

ཚེས་༢༢ཉིན་རྡི་ལི་མདོ་སྨད་ས་གནས་རྒྱུན་ལས་ཀྱི་གོ་སྒྲིག་འོག་གོམ་བགྲོད་ལ་མཉམ་ཞུགས་བྱེད་མཁན་དུ་རྣམ་གྲོལ་གླིང་དུ་བཞུགས་པའི་གྲྭ་ཡོན་ཏན་རྒྱ་མཚོས་ཉིན་གཉིས་རིང་གོམ་བགྲོད་དང་ཀུན་བཟང་རྒྱལ་ཉིན་གཅིག་རིང་གོམ་བགྲོད་ལ་ཞུགས། ཉི་མ་འདི་ནས་བཟུང་རྡི་ལི་བར་གྱི་ཟས་སོང་གི་འགྲོ་གྲོན་ཚང་མ་རྡི་ལི་མདོ་སྨད་ས་གནས་རྒྱུན་ལས་ཁང་ནས་གཏོང་གནང་རྒྱུའི་ཞལ་བཞེས་གནང།

ཚེས་༢༣་ཉིན་མ་སུ་རིའི་འཛིན་གྲྭ་བཅུ་གཉིས་ཐར་ཕྱིན་པའི་སློབ་མ་འགྱུར་མེད་བསྟན་འཛིན་རང་ལོ་༢༠སོན་ཁོང་དང་ངག་དབང་ལེགས་སྨོན་རང་ལོ་༢༠སོན་པ་གཉིས།གཞན་བོད་ནས་བཙན་བྱོལ་དུ་འབྱོར་ཞིང་ད་ལྟར་མ་སུ་རིའི་སློབ་གྲྭའི་ཟ་ཁང་ཆུང་ཆུང་གཉེར་བཞིན་པའི་བསོད་ནམས་ཉི་མ་རང་ལོ་༣༠་སོན་པ་གསུམ་གྱིས་རྡི་ལི་བར་གོམ་བགྲོད་ལ་མཉམ་ཞུགས་བྱས།

ཚེས་༢༤ཉིན་རྡི་ལི་མདོ་སྨད་ས་གནས་རྒྱུན་ལས་ཁང་གི་ཚོགས་གཙོ་རིག་འཛིན་རང་ལོ་སོ་དགུ་ཡིན་པ་ཁོང་དང་ཚོགས་གཞོན་རྟ་མགྲིན་རང་ལོ་སོ་དྲུག་ཡིན་པ་གཉིས།གཞན་རྡི་ལི་ཟ་ཁང་ཞིག་གི་སྤྱིན་བདག་ཚེ་རིང་རྡོ་རྗེ་རང་ལོ་༤༨ ཡིན་པ། ས་རྒྱུན་འབྲེལ་མཐུད་པ་རིན་ཆེན་སྒྲོལ་མ་རང་ལོ་༥༠ སོན་པ། ་་་་་ ངག་དབང་བདེ་སྐྱིད་རང་ལོ་༣༥་སོན་ཡོད་པ་བཅས་ཐུག་འཕྲད་དུ་འབྱོར་བ་མ་ཟད།དྭང་བླང་གོམ་བགྲོད་པ་མདོ་སྨད་རེབ་གོང་ནས་ཡིན་པའི་དཀའ་ཐུབ་རྒྱལ་རང་ལོ་༢༥སོན་པ་དང་མདོ་སྨད་རེབ་གོང་ནས་ཡིན་པའི་བཀྲ་ཤིས་ཀླུ་བྱམས་རང་ལོ་༢༧ སོན་པ་གཉིས་རྡི་ལི་བར་གོམ་བགྲོད་ནང་མཉམ་ཞུགས་གནང།

ཚེས་༢༥ཞོགས་པར་སླར་ཡང་དྭང་བླང་གསར་འགོད་པའི་མིང་ཐོག་ནས་སྒེར་གྱི་དྭང་བླང་བྱས་ཏེ་རྡ་ས་ས་གཞོན་གྱི་དྲུང་ཆེ་བཟོད་པ་ལགས་རྡི་ལི་བར་དུ་དྭང་བླང་གསར་འགོད་པའི་འགན་ཁུར་ནས་གོམ་བགྲོད་ལ་ཞུགས།

ལམ་བར་དུ་མིང་མི་ཤེས་པ་དང་དྲན་ངོགས་སུ་མ་འཁོར་བ་མཆིས་ཚེ་རྗེས་སུ་ཁ་གསབ་བྱ་ཆོག་ལ། མི་དམངས་དང་རྒྱ་གར་གསར་འགོད་པ།ད་ལྟའི་བར་དུ་གནས་ཚང་གཡར་མཁན་གྱི་རྒྱ་གར་ཡུལ་མི་དག་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ།

གླིང་ཚ་ཚེ་བརྟན་རྡོ་རྗེ་ནས་ཕྱི་ལོ་༢༠༡༢ ལོའི་ཟླ་བ་༣ པའི་ཚེས་༢༥ ཉིན་བྲིས།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

སྐར་མ ༥ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༡༥ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༡༧ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༡༨ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༡༨ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༡༩ སྔོན་ལ།

མཆན། 16

  1. temdin says:
    ལོ་ 13 སྔོན།

    ཨ་ཁ་ཁ། ང་རྒད་པོ་ཧོན་ལོག་གིས་མཆན་འདེབས་དགོས་སར་མ་བཏབ་པར་ཁྱེད་ཀྱི་རྩོམ་འོག་ལ་ཤོར་འདུག ངའི་མཆན་འདི་གསུབ་རོགས།

    Reply
  2. temdin says:
    ལོ་ 13 སྔོན།

    འགྱུར་མེད་བསྟན་འཛིན་མིང་ཅན་ལགས། དྲ་ཐོག་ནས་ཁྱེད་ལ་ཁ་ཡ་བྱེད་མཁན་ཚང་མ་བླུན་པོར་རྩིས་བཞིན་ཡོད། ཁྱེད་རང་དྲ་ཐོག་ལ་ཡོང་ནས་ཆོས་རྒྱུད་ནང་དཀྲིགས་དང་ཆོལ་ཁ་ནང་དཀྲིགས་བྱས་པ་བགྲངས་ཀྱིས་མི་ལངས། དེ་ཚང་མས་ཤེས་ཀྱི་ཡོད། དུས་ཡུན་ཆ་ནས་ཀྱང་ཧ་ཅང་རིང་པོ་རེད། ཁྱེད་རང་གི་བྱེད་སྟངས་འདི་ཚོ་མཐོང་དུས་མཚམས་མཚམས་ལ་རྒྱ་མིའི་རྒྱུགས་ཁྱི་བོད་མི་མགོ་འཁྱོག་ཕ་བསད་པ་ལ་རྒྱལ་རྔ་རྡུང་མཁན་དེ་འདྲ་མིན་ནམ་སྙམ། མཚམས་མཚམས་ལ་རྒྱལ་འགོངས་སྙིང་ལ་ཞུགས་པའི་སྨོན་ལམ་ལོག་པའི་བསྟན་དགྲ་དེ་འདྲ་མིན་ནམ་སྙམ། མཚམས་མཚམས་ལ་ཆོལ་ཁ་དང་ཆོས་རྒྱུད་ཀྱི་ཞེན་ཁོག་གིས་རུལ་བའི་རང་གིས་མ་འཇོན་གཞན་ལ་སྡང་བའི་བླུན་པོ་རང་མཐོང་ཅན་དེ་འདྲ་མིན་ནམ་སྙམ། གང་ལྟར་ཁྱེད་རང་བོད་མི་ཞིག་ཡིན་ན། དངོས་ནས་སྙིང་རྗེ་དགོས་པ་ཞིག་རེད། སོང་ཙང་ངེད་ཁྱེད་ལ་བོད་མི་ཞིག་གི་འདུ་ཤེས་ཁོ་ནས་སྐད་ཆ་ཚིག་འགའ་བཤད། བོད་གངས་ཅན་གྱི་གྲུབ་མཐའ་ཁག་དང་ཆོས་རྒྱུད་ཁག་གི་བསྟན་འཛིན་གྱི་སྐྱེས་ཆེན་ཕལ་མོ་ཆེ་བོད་མཐའ་འཁོབ་མུན་པའི་གླིང་གི་ཉམ་ཐག་པའི་སེམས་ཅན་རྣམས། གང་ལ་གང་འདུལ་བར་ཁམས་དང་བསམ་པ་མོས་པའི་ཚུལ་དུ་ཆོས་རྒྱུད་གྲུབ་མཐའ་ཁག་བྱུང་བ་ལས་དེ་དག་མེ་ཆུ་ལྟ་བུའི་འགལ་བ་ཞིག་མིན་ཞིང་། ཆོས་དབྱིངས་རྒྱ་མཚོའི་མཇིངས་ལས་རོ་གཅིག་ཡིན་པ་ས་དགེ་བཀའ་རྙིང་གི་མཁས་གྲུབ་མང་པོས་བཞེད་ཡོད། དེ་བཞིན་བསྟན་འཛིན་གྱི་སྐྱེས་ཆེན་དེ་ཚོའང་སྤྲུལ་གཞི་གཅིག་ལ་སྦྲུལ་བ་དུ་མའི་ཚུལ་གྱིས་སངས་རྒྱས་ཀྱི་བསྟན་པ་གསལ་བར་བྱས་པ་ལས། ཁྱེད་ལྟ་བུའི་རྟག་འཛིན་ཅན་ཚོའི་ཤ་ཡི་མིག་ལ་སྣང་བ་ལྟར་གང་ཟག་ཁ་ཁ་ལྟ་བུ་ཞིག་ག་ལ་ཡིན། སློབ་དཔོན་པདྨའི་ཞལ་ཆེམས་སུ། མདོ་སྔགས་བསྟན་འཛིན་བློ་བཟང་གྲགས་པ་ཞེས་སོགས་ཀྱི་ལུང་བསྟན་ན། རྗེ་ཙོང་ཁ་བ་དེ་ཉིད་ཁོང་གི་ཐུགས་སྤྲུལ་ཡིན་པར་བསྟན་པ་ཡོད་པ་སོགས་ནི་དཔེ་མཚོན་ཙམ་ཡིན། དེ་བཞིན་ལྷར་བཅས་སྐྱབས་མགོན་༸གོང་ས་ལྷ་མིའི་རྣམ་འདྲེན་དེ་ཉིད་རྒྱལ་བའི་བཀའ་འགྱུར་རོ་ཅོག་གི་ཨ་དུམ་པར་དགེ་འདུན་དཀོན་མཆོག་འབངས་ཀྱི་མདོ་ན། བོད་ཀྱི་སྲིད་པ་མ་ཆགས་སྔོན་དུ་བོད་ལ་ཐུགས་སྐྱེད་སྨོན་ལམ་གྱིས་ཟིན་པར་ལུང་བསྟན་ཡོད་པ་དང་། བཀའ་ཐང་སོགས་སུ་ཆོས་རྒྱལ་གཉའ་ཁྲི་དང་། མེས་དབོན་རྣམ་གསུམ། འགྲོ་མགོན་འཕགས་པ་སོགས་ས་དགེ་བཀའ་རྙིང་གི་བསྟན་འཛིན་དུ་མའི་སྐུ་སྐྱེ་བཞེས་མཐར་རྒྱལ་བ་སྐུ་ཕྲེང་དང་པོ་ནས་ད་ལྟ་ལ་ཐུག་གི་བར་དུ་བོད་མགོ་ནག་འདིའི་སྣ་འདྲེན་མཛད་པའི་སངས་རྒྱས་གསོན་པོ་འདིའི་དྲིན་ཏིལ་འབྲུ་ཙམ་ཡང་མི་ཚོར་བའི་དད་ལོག་འདི་ནི། ཁྱེད་ལ་རིགས་ཀྱང་ཁྱེད་ཀྱི་ཕ་མེས་ཡང་དང་བུ་རབས་ཚ་བརྒྱུད་རྣམས་ལ་རིགས་སམ། རང་མགོ་རྡོ་ལོག་གི་ལས་འདི་འདྲ་དེང་ཕྱིན་མི་བྱེད་པར། བོད་བསྟན་སྲིད་སྤྱི་དང་བོད་མི་རིགས་སྤྱི་ལ་ཕན་པའི་ལས་རེ་བྱེད་རོགས་ཞེས་ནན་གྱིས་སྐུལ་ལོ།།

    Reply
  3. k.dorjee says:
    ལོ་ 13 སྔོན།

    དཔའ་བོ་ཐུབ་བསྟན་དངོས་གྲུབ་དང་འཇམ་དཔལ་ཡེ་ཤེས་ལགས་རྣམ་གཉིས་ཀྱིས་ཞལ་ཆེམས་ཕྱག་བསྟར་གནང་སྟེ་༧གོང་ས་མཆོག་གི་བཀའ་དགོངས་ཚུལ་བཞིན་སྒྲུབ་པ་དང་། ༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་ཆེད། མང་བཀུར་རང་གཞུང་གི་ལངས་ཕྱོགས་རྩ་དོན་དུ་བཟུང་སྟེ་ཚེ་སྲོག་ཀྱང་བློས་བཏང་སོང་ནའང་། གཞོན་ནུའི་ཚོགས་གཞོན་དོན་གྲུབ་ལྷ་དར་གྱིས་གཞོན་ནུའི་རང་བཙན་འཐབ་རྩོད་ཀྱི་ལོ་རྒྱུས་ནང་གསེར་ཡིག་གིས་འབྲི་འོས་པ་ཞིག་ཡིན་ལབ་ན་དོན་དག་ག་རེ་རེད་དམ། སྐུ་མཁྱེན་རང་བཙན་ཁ་ལ་ཁྱེར་པའི་ཚོང་པ་ཁ་ཤས་ལགས། དཔའ་བོ་དེ་དག་གི་ཆོད་སེམས་དང་སྙིང་སྟོབས་བྱས་རྗེས་ཐད་ནག་ཚོང་མགོ་བདེ་མ་བྱེད་རོགས། དངོས་གནས་སྐྱུག་བྲོ་ཡི་འདུག རང་བཙན་པར་བསྒྲགས་པ་རྣམས་ཀྱིས་ཀྱང་ད་ནི་ཆིག་སྒྲིལ་བྱ་རོགས། དངོས་གནས་ཆིག་སྒྲིལ་བྱ་བའི་དུས་ཚོད་སླེབས་འདུག བོད་གཞུང་མང་དང་ཆིག་སྒྲིལ་བྱ་རོགས། དཔའ་བོ་དཔའ་བོ་ ༣༢ ཀྱི་དགོངས་དོན་དང་ཆིག་སྒྲིལ་ཅི་ནས་ཀྱང་བྱ་རོགས།

    Reply
  4. tkalsang says:
    ལོ་ 13 སྔོན།

    རྒྱལ་ཞེན་ལྷག་བསམ་དང་སྙིང་སྟོབས་ཀྱིས་ཕྱུག་པའི་རྩོམ་གྲོགས་ཚེ་བརྟན་རྡོ་རྗེ་ལགས། ཁྱེད་མ་སྨད་གསུམ་རྒྱལ་ས་གཉིས་པ་རྡ་ས་ནས་སྤུན་ཟླ་བརྒྱ་ཕྲག་མང་པོའི་མིག་ཆུ་དང་། འཁྲེང་སེམས་ཀྱི་བར་ནས་ཐོན་པ་ནས་བཟུང་སྟེ། ང་དང་ང་འདྲ་བའི་སྐྱེ་བོ་ཁྲི་ཕྲག་གིས་ཁྱོད་ཚོའི་གོམ་པ་རེ་རེ་བཞིན་འཚོས་ནས་ཡོད་ལ། གོམ་སྟབས་རེ་རེ་དང་བསྡོངས་ནས་འཕར་བཞིན་པའི་རྒྱལ་ཞེན་སྙིང་སྟོབས་ལ་ཉན་ནས་ཡོད་ནའང་། ཆེས་ཡིད་ཕངས་ཤིང་། ངོ་གནོང་བ་ཞིག་ལ། ནམ་ཡང་ཁ་ཙམ་ལས་མི་འཇོན་པའི་ང་དང་ངའི་རིགས་སུ་གྱུར་བ་འདི་ཚོ། ཁྱོད་མ་སྨད་དང་གསུམ་དང་ལྷན་དུ་རང་དབང་རྩོད་ལེན་གྱི་འགྲུལ་བཞུད་ལ་ཞུགས་མ་ཐུབ་པ་དེ་རེད། གྲོགས་པོ་ལགས། ངོ་མ་ཡིན། ཁྱོད་ཚོའི་ལྷག་བསམ་དང་། ཁྱོད་ཚོའི་སྙིང་སྟོབས་དེས། ངའི་ད་ལྟའི་གནས་བབ་ལ་ངོ་ཚ་བྱིན་སོང་། ཁྱོད་ཚོའི་ཕུགས་རྒྱང་དང་། ཁྱོད་ཚོའི་ལྟ་བ་དེས། ངའི་གཤིས་ཀ་ལ་ཁྲེལ་དགོད་བྱས་སོང་། འོན་ང་ནི་ནམ་ཡང་ང་སྟེ། ཡི་རངས་དང་། སྨོན་འདུན་ཙམ་ལས་ཅི་ཡང་མི་འཇོན་པའི་གྲྭ་རྐྱང་དཀྱུས་མ་དེ་ཡིན་པས་སོ། །མཐའ་དོན་ཁྱོད་ཚོའི་རང་གི་བདེ་འཇགས་ལ་གཟོབ་དང་། མི་རིང་བར་འོད་སྟོང་འཕྲོ་བའི་ལམ་ཆེན་དེ་ནས་ང་ཚོ་མཉམ་འཛོམ་བྱ་ཐུབ་པར་སྨོན། བོད་རྒྱལ་ལོ། །བལ་ཡུལ་ནས་ཨ་མདོའི་གྲྭ་རྐྱང་ཁྱུ་ཞིག་གི་ཚབ་བྱས་ཏེ་ཕུལ་བ་ལགས།

    Reply
  5. ajamyang says:
    ལོ་ 13 སྔོན།

    གྲོགས་པོ་གླིང་ཚ་ཚེ་བརྟེན་རྡོ་རྗེ་ལགས། ཁྱེད་མ་བུ་གསུམ་གྱི་བློ་གཏོང་དང་སྙིང་སྟོབས། འགན་ཁུར་དང་ལེན་གྱི་བསམ་བློ་དང་རང་ཚུགས་དང་དམ་བཅའ་ལ་སྙིང་ཁོང་རུས་བའི་གཏིང་ནས་གུས་ཞབས་དང་ཡི་རང་ཞུ། ང་ཚོས་ཚིག་འདི་ཙམ་གྱིས་ཁྱེད་ལ་སྐྱེལ་མ་བྱེད་ན་སེམས་ནས་མི་བཟོད་པ་ཞིག་རེད། དངོས་གནས་བཤད་ན་ང་ཚོ་ཚང་མའི་འགན་ཁུར་དང་འོས་འགན་གཅིག་མཚུངས་ཡིན་པས་ཁྱེད་ལྟར་གོམས་པ་མདུན་སྤོས་དང་དཔུང་བ་མཉམ་གཤིབ་བྱས་དགོས་པ་བྱེད་ཅི་དགོས། ཡིན་ན་ཡང། ཁྱེད་མ་བུ་གསུམ་ལྟར་བློ་གཏོང་དང་སྙིང་སྟོབས་ཧུར་སྐྱིད་བྱེད་མ་ཐུབ་པར་རང་གིས་རང་ལ་ལེ་བདའ་དང་ཁེངས་ར་བྱེད་ཀྱིན་ཡོད། ང་ནི་གོས་སེར་གྱོན་པའི་དགེ་སློང་ཞིག་ཡིན་ཆ་ནས་རྒྱུན་དུ་ནས་ཁྱེད་མ་བུ་གསུམ་ཁྱེད་ཀྱི་ཕྱོགས་སྐྱབས་ཟུང་དང་གསོལ་འདེབས་ཀྱི་མིག་མདའ་བསྲིངས་ནས་ཡོད། དེར་བརྟེན་ཁྱེད་མ་བུ་གསུམ་ཀྱི་བྱ་བ་དང་དམ་བཅའ་ལམ་འགྲོ་ཡོང་བར་ང་ཡི་ཆེས་ཡོད།

    Reply
  6. chrgudo says:
    ལོ་ 13 སྔོན།

    མི་རིགས་འདིར་ཤ་དང་ཁྲག་ཡོད་ལ། རུས་པའང་གཙང་མ་གཙང་རྐྱང་དུ་ཡོད། དེས་ཕྱིར། ཁྱེད་ཚོ་རང་གི་འདོད་པ་ནང་བཞིན་ཕེབས་དང་། ང་ཚོས་མིག་གིས་ཁྱེད་ཚོ་མཐོང་གི་རེད་ལ། ང་ཚོའི་རྣ་བས་ཀྱང་རྟག་ཏུ་ཁྱེད་ཚོར་ཉན་གྱིན་ཡོད། དེ་ལས་ཀྱང་ང་ཚོའི་སེམས་འདུན་དྲོན་མོས་ནམ་ཡང་ཁྱེད་ཚོ་འཚོས་ནས་ཡོད། ཐུགས་རྗེ་ཆེ།

    Reply
  7. dongthe says:
    ལོ་ 13 སྔོན།

    དྲ་གྲོགས་ལགས། ཁྱེད་ལ་སྐད་ཆ་མགོ་གང་ནས་འཛུགས་དགོས་མིན་མ་ཤེས་བསྡད་ཡོད། དེ་རིང་ཡང་བཤད་རྒྱུ་ཞིག་མི་རེག་གི་ཁྱེད་མ་བུ་གསུམ་གྱི་སྙིང་སྟོབས་དང་ལྷག་བསམ་ལ་རྗེས་སུ་ཡི་རང་བྱེད་ཀྱིན་ཡོད། དེ་ཙམ་མ་གཏོགས་ཅང་བཤད་མི་ཤེས་ཀི ཁྱེད་མ་བུ་གསུམ་གྱི་འདོད་དོན་འགྲུབ་པར་ཤོག

    Reply
  8. a yer mel says:
    ལོ་ 13 སྔོན།

    གནས་ཚུལ་འདི་གོ་བས་ངོ་མ་དགའ་ཡོད། ཁྱེད་ཚོར་མཉམ་ཞུགས་དང་ཐུག་མཁན་ཚང་མར་ཁ་དྲོ།།

    Reply
  9. kangjinpa says:
    ལོ་ 13 སྔོན།

    བོད་ཤ་ཁྲག་རུས་གསུམ་ལགས། ངོ་མ་མིང་དོན་མཚུངས་པའི་མིང་ཞིག་རེད། སྐུ་ཉིད་ཀྱི་བྱེད་སྟངས་དང་ཟིན་བྲིས་ཀྱི་མིང་བྱང་གཉིས་ཀ་དུས་དང་དུས་སུ་ངོ་བོ་དབྱེར་མེད་དུ་གྱུར་འགྲོ་ཀི གཞན་ཁྱོད་མ་བུ་གསུམ་ལ་ལམ་བར་དུ་བར་ཆད་མེད་པའི་སྨོན་ལམ་ཞིག་ཀྱང་བརྒྱབ་ཆོག་་་་་བུ་རྒོད་པོ་་་་་་་་འགྲམ་ལ་ཐོན་དུས་ཕྱིར་བལྟས་མ་བྱེད།

    Reply
  10. meytsang says:
    ལོ་ 13 སྔོན།

    བཀུར་འོས་པའི་དྲ་གྲོགས་ཤ་ཁྲག་རུས་གསུམ་ལགས།བོད་མི་ཚང་མས་ཁྱེད་མ་བུ་གསུམ་གྱི་གནས་སྟངས་སེམས་ཁུར་བྱེད་བཞིན་ཡོད་ལ།རྨ་དུག་ལྕེས་བཤད་པ་དེར་རྒྱབ་སྐྱོར་ཡོད།འགྲུལ་བཞུད་དུས་ཚོད་ཉུང་རུ་གཏོང་རོགས་ཞུ་བཞིན་ཡོད།ལམ་བར་གཟབ་གཟབ་གནང་རོགས།བཀའ་དྲིན་ཆེ་ཚེ་རིང་ལོ་བརྒྱ།བོད་རྒྱལ་ལོ།

    Reply
  11. kangtuk says:
    ལོ་ 13 སྔོན།

    དྲ་གྲོགས་ལགས། སྐུ་འཁམས་བཟང་། ཉིན་བཞིན་ཁྱེད་ཀྱི་གནས་ཚུལ་ནམ་ཐོན་ལ་བསྒུག་ནས་བསྡད་ཡོད་དེ་རིང་ཅིག་གོ་པ་ཧ་ཅང་དགའ་སོང་། མ་ཟད་ཚོགས་པ་ཚོས་ངོས་ནས་རོགས་རམ་དེ་འདྲ་གནང་པ་གོ་པས་སེམས་པ་སྐྱིད་པོ་ཞིག་འདུག

    Reply
  12. Jigmey sangey says:
    ལོ་ 13 སྔོན།

    དེ་རིང་གནས་ཚུལ་ཆ་ཚང་ཞིག་གོ་བས་དགའ་བ་འཕེལ། བོད་མི་གཞུང་སྒེར་ཚང་མས་རོགས་རམ་བྱས་པ་ཤིན་ཏུ་ཡག་པོ་འདུག ཐུགས་རྗེ་ཆེ།

    ཡིན་ནའང་། གསར་འགོད་པ་ཟེར་བ་དེ་ཡོད་ནའང་ང་ཚོ་གནས་ཚུལ་ཞིག་ད་བར་སྤྲད་མ་སོང་། རྗེས་ཕྱོགས་གསར་འགོད་པ་ཡི་གེ་འབྲི་ཤེས་མཁན་དེ་འདྲ་འགྲོ་ཐུབ་པ་ཡིན་ན་ཞེ་དྲག་ཡག་གི་རེད།

    Reply
  13. karmasamten says:
    ལོ་ 13 སྔོན།

    སྙིང་ཉེ་བའི་བདག་གི་དྲྭ་གྲོགས་དམ་པ་བོད་ཤ་ཁྲག་རུས་གསུམ་ཁྱེད་མ་སྨད་གསུམ་འདི་ལྟར་ཆས་ཚེ་ཡིག་ངག་གི་རྒྱབ་སྐྱོར་ཙམ་ལས་བདག་གི་མི་ནུས་དུས་རང་ཉིད་ཀྱི་རང་ཉིད་ལ་འཁང་ར་སྡུག་ཡུས་ཤོར་གྱི་འདུག འདི་ཁ་ཙམ་མ་ཡིན་པའི་མིག་ཆུ་དང་འདྲེས་པའི་བདག་གི་སྐད་ཆ་ཞིག་ཡིན།
    འོན་ཀྱང་ཁོ་བོ་གཙོས་སྙིང་ཉེ་བའི་སྤུན་ཟླ་གང་མང་ཞིག་གི་སེམས་པ་ཁྱེད་དང་ལྷན་ཆས་བཞིན་ཡོད། ཁྱེད་མ་བུ་གསུམ་ལ་བར་ཆད་མེད་པར་སྨོན།

    Reply
  14. lobsangg says:
    ལོ་ 13 སྔོན།

    ང་ཚོས་ཁྱེད་མ་སྨད་གསུམ་གྱི་སྐྱིད་སྡུག་ལ་ཉན་ནས་ཡོད་ལ་བར་ཆད་མེད་པའི་སྨོན་ལམ་རྒྱབ་ཀྱིན་ཡོད།

    Reply
  15. jamyang tenzin says:
    ལོ་ 13 སྔོན།

    དྲ་གྲོགས་ཤ་ཁྲག་རུས་གསུམ་ལགས། ཁྱེད་མ་བུ་གསུམ་གྱི་གནས་ཚུལ་ལ་ཉན་བཞིན་ཡོད་ལ། ཁྱེད་མ་བུ་གསུམ་གྱི་བདེ་ཐང་ལ་སེམས་ཁྲལ་བྱེད་བཞིན་ཡོད། རླབས་ཆེ་བའི་མ་བུ་གསུམ་གནམ་གྱིས་སྲུངས་ཤིག། ལམ་བར་དུ་ངེས་པར་དུ་སེམས་ཆུང་བྱེད་རོགས།
    ཉིན་རེའི་འགྲུལ་བཞུད་ཀྱི་ཆུ་ཚོད་མང་དྲགས་འདུག་པས་གཟབ་གཟབ་གནང་རོགས།

    Reply
  16. jamyang tenzin says:
    ལོ་ 13 སྔོན།

    དྲ་གྲོགས་ཤ་ཁྲག་རུས་གསུམ་ལགས། ཁྱེད་མ་བུ་གསུམ་གྱི་གནས་ཚུལ་ལ་ཉན་བཞིན་ཡོད་ལ། ཁྱེད་མ་བུ་གསུམ་གྱི་བདེ་ཐང་ལ། རླབས་ཆེ་བའི་མ་བུ་གསུམ་གནམ་གྱིས་སྲུངས་ཤིག།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese